དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྤྲོ་སྐྱིད་ཀྱི་ལོ་གསར་ཉིན་མོར་གདུང་སེམས་མཉམ་སྐྱེད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༦ཉིན། ད་ལོའི་ཧོར་ལུགས་ཀྱི་ཟླ་དང་པོའི་ཚེས་༡ཉིན་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་མང་པོ་ནས་ལོ་གསར་གྱི་སྤྲོད་སྐྱིད་མ་བཏང་བར་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་ཚེ་སྲོག་ཤོར་བ་དང་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གྱི་ལས་འགུལ་རིམ་པར་སྤེལ་ཡོད་འདུག

སྤྱིར་བཏང་བོད་མདོ་སྨད་ཁུལ་ཡོངས་དང་མདོ་སྟོད་ཀྱི་ས་ཁུལ་ཁག་ཅིག དེ་བཞིན་དབུས་གཙང་གི་ས་གནས་རེ་འགའ་ཡིས་ཧོར་ལུགས་ལྟར་ནམ་རྒྱུན་ཧོར་ཟླ་དང་པོའི་ཚེས་༡ཉིན་ལོ་གསར་གྱི་སྤྲོ་སྐྱིད་ལ་རོལ་གྱི་ཡོད་ལ། མཚམས་རེར་ཧོར་ལུགས་ཀྱི་ལོ་གསར་དེ་རྒྱའི་དཔྱིད་ཀའི་ལོ་གསར་དུས་ཆེན་དང་མཉམ་དུ་ཁེལ་གྱི་ཡོད་པ་ལྟར།  ད་ལོ་དུས་ཆེན་དེ་གཉིས་ཉིན་གཅིག་ཏུ་ཁེལ་ཡོད་འདུག འོན་ཀྱང་།  ཕྱི་ལོ་༢༠༠༨ལོ་ནས་བཟུང་བོད་མི་རིགས་ཀྱི་རང་དབང་དང་དྲང་བདེན་གྱི་ཆེད་དུ་བོད་རིགས་སེར་སྐྱ་མང་པོས་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་དང་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་སྡུག་སྦྱོང་ཡ་ང་བ་མྱངས་དང་མྱོང་བཞིན་པར་བརྟེན། བོད་ཁམས་ཀྱི་ས་ཁུལ་མང་པོ་ནས་ཉིན་དེར་མི་མང་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་དང་འཇིགས་ཞུམ་མེད་པར་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱས་འདུག

ཧོར་ཟླ་དང་པོའི་ཚེས་༡དང་ཕྱི་ཟླ་དང་པོའི་ཚེས་༢༣ ཉིན་གྱི་བོད་ནང་གི་ཆུ་ཚོད་༢དང་ཕྱེད་ཀ་ཐོག ཁམས་བྲག་མགོ་རྫོང་དུ་རྟའུ་རྫོང་སོགས་ནས་བོད་མི་༡༠༠༠༠ ཙམ་འདུ་འཛོམས་ཀྱི་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་རྒྱ་གཞུང་གི་དྲག་གནོན་འོག་བོད་མི་༡༥ཙམ་ལ་རྨས་སྐྱོན་ཕོག་པ་དང་། བོད་མི་ཞིག་དམར་གསོད་བཏང་ཡོད་འདུག གཞན་ཡང་ཉིན་དེར། རྔ་པ་རྫོང་གི་དགོན་གྲོང་སེར་སྐྱ་མི་མང་འཕོན་ཆེན་འདུ་འཛོམས་ཀྱིས་ཕྱི་ལོ་༢༠༠༨ལོ་ནས་བཟུང་རྔ་པ་ཁུལ་དུ་བོད་མི་བཅུ་གཉིས་ཀྱིས་རང་ལུས་མེ་བསྲེགས་བཏང་བ་དང་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་ཉམས་བསྐྱེད་དང་མྱ་ངན་མཚོན་ཆེད་མཆོད་འབུལ་སྨོན་ལམ་དང་ཁ་འདོན་ཕྱག་སྐོར་བྱས་ཡོད་པ་མ་ཟད། རྒྱ་གཞུང་གི་བཀག་སྡོམ་སུན་བཙིར་འོག་མི་མང་གིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ནས་མི་མང་པོ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་མི་ཚོས་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པས། ལོ་གསར་སྤྲོ་སྐྱིད་གཏོང་རྒྱུ་མིན་སྐོར་གྱི་སྐད་འབོད་བྱས་པར་བརྟེན། བོད་མི་ཕོ་གསར་༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་བཞིན་གོང་ཚེས་ཉིན་གསེར་རྟ་རྫོང་དུ་བོད་མི་མང་པོས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་དམག་མི་དང་ཉེན་རྟོག་པ་བཏང་སྟེ་དྲག་གནོན་གྱིས་བོ་མི་གཉིས་ལ་མེ་མདའ་བརྒྱབ་སྟེ་རྐྱེན་ལམ་དུ་བཏང་ཡོད་པ་དང་། གཞན་ཡང་ཕྱི་ཚེས་༢༥ཉིན། ཁམས་སྡེ་དགེ་རྫོགས་ཆེན་དུ་བོད་དོན་སྐོར་སྦྱར་ཡིག་གཏོར་འགྲེམས་བྱས་པའི་ནང་རང་ལུས་མེར་སྲེག་གཏོང་བཞིན་པའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་དང༌།  ལོ་གསར་གཏོང་རྒྱུ་མེད་པ་འབོད་སྐུལ་བྱས་ཡོད་སོགས་མདོ་སྟོད་སྨད་གཉིས་ཀྱི་རྫོང་དང་གྲོང་སྡེ་མང་པོིའི་ནང་དུ་ལོ་གསར་གྱི་དགའ་སྟོན་དེ་མྱ་ངན་དང་གདུང་སེམས་མཚོན་པར་བྱེད་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད་འདུག

དེ་མཚུངས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནང་དུ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༤ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལོ་གསར་གྱི་སྤྲོ་སྐྱིད་རྣམ་པ་དེ་ད་ལོ་མྱ་ངན་གྱི་རྣམ་པར་བསྒྱུར་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་༢༣ རེས་གཟའ་ཟླ་བའི་ཉིན་ཐའེ་ལྦན་ནང་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་སོགས་བོད་མི་ཁག་ཅིག་གིས་སྦག་སྦག་བཏང་སྟེ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་སོགས་མི་ཚོགས་ཆེ་སར་བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། དེ་རིང་ཕྱི་ཚེས་༢༦ཉིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ད་ལོའི་ལོ་གསར་མི་གཏོང་བའི་ཛ་དྲག་འབོད་སྐུལ་གནང་ཡོད་ལ། དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་ཚིག་ཐོའི་ནང་གསལ་ལྟར་ན། ད་ལོའི་ལོ་གསར་ཉིན་རྡ་སར་ངོ་ཡོད་སྤྱི་འཐུས་ཚོས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཐག་ཆོད་བྱུང་ཡོད་འདུག

རྒྱལ་སྤྱིའིོ་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༢༠༨༣༨
དོན་ངོ་མ་་ལྟས་ན་་་ལོ་གསར་མཉམ་དུ་ཧ་ལས་བའི་སྤྲོ་སྐྱིད་མ་ཡིན་པར་ལྟབས་བདེ་ཞིག་དང་ལས་འགུལ་འདྲ་མིན་སྤེར་ན་ཡག་ག་མེད་ན་་
དེ་མིན་ཁ་སྟོང་པའི་མྱ་ངན་བྱས་ན་ཅི་ལ་ཕན་་་རྣམ་པ་ཚོས་ཞིབ་འཇུག་ཡོད་པ་ཞུ



བརྗོད་གཞི་གཞན་ཁག་ལ་གཟིགས།