དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དྷཱིཿཚ་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སྐུ་གྲོངས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༣ཉིན། ཟླ་འདིའི་ཕྱི་ཚེས་༢༢་ཉིན་རྒྱ་གཞུང་གིས་མནར་གཅོད་ཚད་མེད་བཏང་བའི་དྷཱིཿཚ་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་གློ་བུར་དུ་སྐུ་གྲོངས་ཡོད་ལ། འབྲེལ་ཡོད་རྣམས་ཀྱིས་ཁོང་ལ་དུག་ཕོག་ཡོད་པའི་དོགས་པ་བྱེད་ཀྱིན་ཡོད་འདུག

ཕྱི་ལོ་༢༠༡༡།༡༠།༡༤་ཉིན་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ཉེན་རྟོག་པ་ཁག་ཅིག་ཡོང་སྟེ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཁྲི་ཀ་རྫོང་ཁོངས་སྟོང་ཆེ་སློབ་གྲྭ་ནས་བཙན་ཁྲིད་བྱས་ཡོད་པ་དང་། ཟི་ལིང་གི་ས་ཁུལ་ཞིག་ནས་ཉིན་གྲངས་བཅོ་ལྔའི་རིང་མཚན་མོའི་གཉིད་བཀག་པ་སོགས་སྡུག་སྦྱོང་སྣ་ཚོགས་བཏང་སྟེ་ཚ་འདྲི་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། འཛིན་བཟུང་སྐབས་དགེ་བཤེས་ལགས་ཀྱི་གཟུགས་གཞི་བདེ་བོ་བྱུང་མེད་པ་དང་། ཉེན་རྟོག་པས་ཟླ་གསུམ་རིང་ཕྱི་མི་ལ་འབྲེལ་བ་བྱེད་མི་ཆོག་པ་དང་། ས་གནས་གང་ཞིག་ཏུ་འགྲོ་དགོས་ཚེ་ས་གནས་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་སོགས་ཀྱི་མིང་རྟགས་བཀོད་དུ་བཅུག་པ་དང་། ནང་མིར་འགན་ལེན་བྱེད་དུ་བཅུག་རྗེས་སྨན་བཅོས་ཆེད་བཏང་ཡོད་པ་རེད། ཟི་ལིང་ཞིང་ཆེན་གྱི་སྨན་ཁང་གཉིས་པའི་ནང་ཟླ་གཉིས་ལྷག་རིང་བསྡད་རྗེས་མནར་གཅོད་ཕོག་པའི་གཟུགས་གཞི་སྔར་བཞིན་སོས་ཙམ་བྱུང་སྟེ་ཕ་ཡུལ་དུ་ལོག་ཡོད་ནའང་། ༢༠༡༢།༡།༢༢་ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༧་ཡོལ་ཙམ་ལ་གློ་བུར་ཟུག་གཟེར་དྲག་པོ་ཞིག་གིས་སྨན་ཁང་དུ་འཁྱེར་ལོངས་མ་བྱུང་བར་ཕ་ཡུལ་ནས་སྐུ་གྲོངས་ཡོད་འདུག

འདིའི་ཐད་འབྲེལ་ཡོད་རྣམས་ཀྱིས་ཁོང་ལ་དུག་ཕོག་པས་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། སྐུ་གྲོངས་ཚེ་ཤ་མདོག་ཆ་ཚང་ནག་པོ་ཆགས་ཡོད་འདུག སྨན་པ་རྣམས་ཀྱིས་ཁོང་གི་ནད་གཞི་ངོས་འཛིན་བྱེད་ཐུབ་མེད་པ་དང་། གློ་བར་ཆུ་གསོག་གི་ན་ཚ་ཞིག་ཡིན་པ་དང་། སྙིང་གི་འགུལ་བསྐྱོད་ཞན་པའི་ན་ཚ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་ནའང་དོན་དངོས་ཁ་གསལ་འགྲེལ་བརྗོད་གང་ཡང་ཐུབ་མི་འདུག

དགེ་བཤེས་ཁོང་གི་ཕ་ཡུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཚོ་ལྷོ་རྫོང་ཞེས་པ་ད་སྐབས་བོད་སྐད་དུ་གསེར་ཆེན་རྫོང་ཟེར་བའི་མངའ་ཁོངས། ཅང་ཤེས་ཞང་རྨོག་རུ་སྡེ་བ་ནས་ཡིན་པ་དང་ད་ལྟ་དགུང་ལོ་༤༧་ཡིན་འདུག ཁོང་ནི་མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་བཀའ་བཅུ་རབ་འབྱམས་པའི་མཚན་བཏགས་བཞེས་མཁན་གྱི་དགེ་བཤེས་དང་པོའི་གྲས་ཡིན་པ་དང་། ཁོང་གིས་མདོ་སྨད་དྷཱིཿཚ་དགོན་ཆེན་དོ་དམ་ཁང་གི་ཕྱག་མཛོད་ཀྱི་འགན་ཁུར་ལོ་ངོ་བཅུ་གྲངས་ལྷག་ལ་ཁུར་བ་དང་། ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་གདན་ཞུའི་དགེ་རྒན་ཀྱང་ལོ་མང་རིང་བྱེད་མྱོང་། དེར་མ་ཟད་ཤར་ཙོང་ཁའི་སྐྱེས་རི་སྙིང་རྗེའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པའི་ཕྱག་ལས་གནང་ཏེ་རྒྱ་ཆེའི་མི་རིགས་ཁག་གི་དབུལ་ཕོངས་སློབ་མ་དང་ལོ་ལོན་བདག་མེད་བཅས་ལ་རོགས་སྐྱོར་བླ་མེད་མཛད་པ་དང་། ས་གནས་མང་ཚོགས་རྣམས་ལ་ཕ་སྐད་གཙང་མའི་སྐོར་གྱི་ལས་གཞི་དང་སློབ་གསོ་སྤེལ་ཡོད་པ་རེད། ལོ་ཤས་གོང་ནས་ཨེ་ཤ་ཡའི་ཚོགས་པ་ཞིག་གི་བརྒྱུད་ལམ་ཐོག་མཚོ་སྔོན་ཁྲི་ཀ་རྫོང་ཁོངས་སྟོང་ཆས་སློབ་གྲྭའི་དགེ་རྒན་དུ་གདན་ཞུ་གནང་སྟེ་སློབ་ཁྲིད་གནང་བཞིན་ཡོད་འདུག

ཕྱི་ལོ་༢༠༠༦་ལོར་རྒྱ་གར་དུ་འབྱོར་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་ཞུས་ཡོད་པ་དང་། ཕ་ཡུལ་དུ་ལོག་རྗེས་སེམས་ཅན་གྱི་པགས་རིགས་མཚམས་འཇོག་དགོས་པར་སྐུལ་སློང་གནང་སྟེ་ས་གནས་དེ་ཕྱོགས་སུ་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། ཕྱི་ལོ་༢༠༠༩་ལོར་༸གོང་ས་མཆོག་གི་བཀའ་འབྲེལ་བཞིན་སེམས་ཅན་པགས་རིགས་མཚམས་འཇོག་གནང་བ་མ་ཟད། ཉེ་འབྲེལ་ཁྱིམ་ཚང་ཁག་གི་དངུལ་གྱི་འདོགས་ཆས་ཡོད་ཚད་དངུལ་རྡོག་དུ་བཞུས་སྟེ་༸གོང་ས་སྐྱབས་མགོན་ཆེན་པོར་འབུལ་ཆེད་རྒྱ་གར་དུ་ཐེངས་གཉིས་པར་ཕེབས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་ས་གནས་མི་རེ་ཟུང་ལ་དངུལ་གྱི་བསླུ་བྲིད་བཏང་བ་དང་། ས་གནས་མང་ཚོགས་ལ་དབང་ཡོད་འཇིགས་སྐུལ་བྱས་པ་སོགས་བརྒྱུད་ལམ་སྣ་ཚོགས་ནས་འབྲོག་པ་མང་ཚོགས་ཀྱི་རྩྭ་ས་བཙན་འཕྲོག་བྱེད་པར་ངོ་རྒོལ་བྱས་ཡོད་པ་དང་། ཕ་ས་བདག་བཟུང་བྱེད་རྒྱུའི་ཆེད་དམ་བཅའ་བརྟན་བཟུང་བྱས་ཡོད་འདུག
ཕྱི་ལོ་༢༠༡༡་ལོའི་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁུངས་སྐར་སྐབས་ཁོང་གིས་ལམ་སྟོན་སློབ་གསོའི་འོག་ར་ལུག་དང་། ཉ་སོགས་སེམས་ཅན་ཁྲི་ཕྲག་མང་པོ་ཚེ་ཐར་བཏང་སྟེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་རྒྱས་པ་སོགས་ཀྱི་ཆེད་གསོལ་འདེབས་སྨོན་ལམ་གནང་བཞིན་པ་མ་ཟད། མ་འོངས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཚོ་སྔོན་པོའི་འགྲམ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་སྩོལ་གནང་ཡོང་བའི་གསོལ་འདེབས་རྨི་ལམ་ཡང་ཡང་གནང་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་ཉིང་བསྡུས་སུ།

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།