choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་མདོ་ཀརྨ་དགོན་གྱི་མཁན་པོ་གཉིས་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༡༩ཉིན། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༩ ཡས་མས་སུ། ཆབ་མདོ་རྫོང་ཀརྨ་དགོན་གྱི་མཁན་པོ་གཉིས་བཅས་དགེ་འདུན་པ་༧༠ཙམ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༡ཟླ༡༠ཚེས་༢༦ ཉིན་གྱི་ཐོ་རེངས་ལ་ཀརྨ་ཤང་དུ་འབར་རྫས་གས་གཏོར་བྱུང་བའི་གནས་ཚུལ་ཐོན་རྗེས་ཀརྨ་དགོན་དུ་ དམིགས་བསལ་གྱིས་འགྲུལ་བསྐྱོད་དང་བརྒྱུད་ལམ་ཡོངས་རྫོགས་ལ་བཀག་སྡོམ་བྱས་ཞིང་། མཁན་པོ་བློ་གྲོས་རབ་གསལ་ལགས་དང་རྣམ་སྲས་བསོད་ནམས་ལགས་རྣམ་གཉིས་གཙོ་བོར་གྱུར་བའི་དགེ་འདུན་པ་རྣམས་ནས་རྒྱ་གཞུང་གི་བཀའ་བཀོད་ལྟར་༧གོང་ས་མཆོག་ལ་མཚན་སྨད་དང་དགོན་པ་རུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སོགས་སྤེལ་རྒྱུར་ངོས་ལེན་མ་གནང་བར་བརྟེན། སྔ་གཞུག་ཏུ་ཀརྨ་དགོན་གྱི་མཁན་པོ་དགུང་ལོ་༤༠ཡིན་པ་བློ་གྲོས་རབ་གསལ་ལགས་དང་རང་ལོ་༤༤ཡིན་པ་རྣམ་སྲས་བསོད་ནམས་ལགས་གཉིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཀརྨ་དགོན་ནས་ཁྱོན་དགེ་འདུན་པ་༧༠ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་་། དེ་བཞིན་ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡ཉིན་ཀརྨ་ཤང་ཀརྨ་དགོན་གྱི་གྲྭ་ཟུར་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱས་རྗེས།  ཟླ་དེའི་ཕྱི་ཚེས་༦ ཉིན་ཆབ་མདོ་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག

ཆབ་མདོ་རྫོང་ཀརྨ་ཤང་ཀརྨ་དགོན་ཆེན་ནི། ཕྱི་ལོ་ ༡༡༨༦ ལོར་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གིས་ཕྱག་བཏབ་གནང་བ་དང་། རིག་གནས་གསར་བརྗེའི་སྐབས་རྒྱ་འཇང་ཧོར་གསུམ་གྱི་ལོ་རྒྱུས་དང་ལྡན་པ་ཡིན་ཟེར་ནས་ལྷ་ཁང་ཆུང་ཆུང་ཞིག་ལས་གཞན་ཚང་མ་གཏོར་སྐྱོན་བཏང་ཡོད་འདུག ཕྱི་ལོ་ ༡༩༨༠ ནང་རྒྱ་ཡི་སྲིད་ཇུས་ལྷོད་སྐབས་དགོན་སྡེ་གཞན་དང་གཅིག་མཚུངས་ཞིག་གསོ་གནང་ཡོད་པ་དང་། གྲྭ་གྲངས་ ༢༠༠ ནས་ ༣༠༠ བར་དང། བཤད་སྒྲུབ་གཉིས་ལྡན། བཤད་གྲྭ་བ་ ༨༠ ཙམ་ཡོད་ཀྱང་། འབར་རྫས་གས་གཏོར་གྱི་དོན་རྐྱེན་བྱུང་རྗེས་རྒྱ་གཞུང་གི་བདེ་སྲུང་ཉེན་རྟོག་པ་མང་པོ་དགོན་པ་རུ་ཡོང་ནས་དགེ་འདུན་པ་ཚོར་འདྲི་གཅོད་དང་དམ་དྲག་ཤུགས་ཆེན་བྱས་པར་བརྟེན། དགེ་འདུན་པ་མང་པོ་དགོན་པ་ལས་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།