choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་ལས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༡༨ཉིན། ཁ་སང་ཕྱི་ཚེས་༡༧ཉིན་བོད་ཀྱི་འཛུགས་བསྐྲུན་འཕེལ་རྒྱས་དང་བཅོས་སྒྱུར་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་བའི་འགོ་ཁྲིད་ Jin Shixun ཅིན་ཧྲི་ཞུན་གྱིས། ཕྱི་ལོ་༢༠༡༡ནས་༢༠༡༥བར་གྱི་བོད་ཀྱི་འཛུགས་སྐྲུན་གྱི་ལས་དོན་ཆེ་གྲས་ཤིག་སྟེ་ཕྱི་ལོ་༢༠༡༠ཕྱི་ཟླ་༩པའི་ནང་འགོ་འཛུགས་བྱས་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་རི་ལི་ལྕགས་ལམ་འཛུགས་སྐྲུན་དེ་ཕྱི་ལོ་༢༠༡༥ལོར་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱ་རྒྱུ་དང༌། གཞན་ཡང་མ་འོངས་ལོ་༥ཡི་ལས་འཆར་ནང་ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་ལག་བསྟར་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་སྤེལ་འདུག

ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་དུས་ཡུན་ལོ་༤ཡིན་པ་དང་། ལྕགས་ལམ་འཛུགས་སྐྲུན་ཆེད་མ་དངུལ་ཨ་སྒོར་ས་ཡ་༥༣༨བཏང་ཡོད་འཆར་ཡོད་འདུག མེ་འཁོར་ལྕགས་ལམ་དེ་རྫོང་ཁག་༥བརྒྱུད་ལམ་ཐག་རིང་ཚད་ལ་སྤྱི་ལེ་༢༥༣ཡོད་པ་དང༌། ཡར་རླུངས་གཙང་པོ་ལས་བར་ཐག་སྤྱི་ལེ་༩༠ཙམ་བརྒྱུད་དགོས་ཀྱི་ཡོད་འདུག་ལ། ལྕགས་ལམ་དེའི་ཐོག་མེ་འཁོར་གྱི་མགྱོག་ཚད་ཆུ་ཚོད་༡ལ་སྤྱི་ལེ་༡༢༠ ཙམ་རྒྱུག་ཐུབ་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་གཞིས་རྩེ་བར་མེ་འཁོར་ལྕགས་ལམ་གྱི་འཛུགས་སྐྲུན་དེའི་རྐྱེན་པས་ཁྱིམ་མཚེས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་སྲིད་སྐོར་བརྗོད་བཞིན་ཡོད་ནའང་། བལ་ཡུལ་གཞུང་གིས་ཚོང་འབྲེལ་དང་དཔལ་འབྱོར་ཁེ་ཕན་ལ་དམིགས་ནས། གཞིས་རྩེ་ནས་མུ་མཐུད་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐེ་མན་ཌུ་བར་མེ་འཁོར་གྱི་ལྕགས་ལམ་གསར་འཛུགས་བྱ་རྒྱུའི་རེ་འདུན་བཏོན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།