choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རྔ་པ་རུ་མི་སྐྱ་ཞིག་གིས་རང་ལུས་མེ་སྲེག་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༡༥ཉིན། ཟླ་འདིའི་ཕྱི་ཚེས་༡༤ཉིན་བོད་མདོ་སྨད་རྔ་པ་རྫོང་ཐོག་ཏུ་མི་སྐྱ་ཞིག་གིས་རང་ལུས་མེ་སྲེག་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག་ཀྱང༌། ད་ལྟའི་ཆར་རང་ལུས་མེ་སྲེག་གཏོང་མཁན་དེའི་མིང་དང་ལོ་རྒྱུས་སོགས་གསལ་པོ་གང་ཡང་ཤེས་རྟོགས་བྱུང་མི་འདུག

གནས་ཚུལ་འབྱུང་ཁུལ་དེར་བོད་མི་མང་པོ་ཞིག་འདུ་འཛོམས་བྱས་ཡོད་འདུག་པ་དང༌། ཁོང་ཚོས་རང་ལུས་མེ་སྲེག་གཏོང་མཁན་དེ་ཚུལ་ལེན་ཐབས་བྱས་ཡོད་འདུག་ཀྱང་མ་ལོན་པར་སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ། མི་མང་ལའང་དྲག་གནོན་བྱས་སྟབས་མི་མང་དང་ཉེན་རྟོག་པའི་དབར་འཁྲུག་འཛིན་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

མ་ཚད་སྐབས་དེར་ཉེན་རྟོག་པས་བོད་མི་ཁག་ཅིག་འཛིན་བཟུང་དང༌། བོད་མི་ཁག་ཅིག་ལ་མེ་མདའ་ཕོག་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།