choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

མགོ་ལོག་ཁུལ་ཏུ་བླ་མ་ཞིག་གིས་རང་ལུས་མེ་སྲེག་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ༠་༢༠༡༢ཟླ་༡ཚེས་༡༠ཉིན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨རེས་གཟའ་ཉི་མའི་ཉིན་བོད་ཤར་ཕྱོགས་མགོ་ལོག་ཁུལ་ཏུ་ལོ་ན་༤༢ཙམ་ཡིན་པའི་བསོད་ནམ་དབང་རྒྱལ་ཞེས་པའི་དགེ་འདུན་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་ཡོད་འདུག ཁོ་ནི་འདས་པའི་དུས་ཡུན་བདུན་ཕྲག་གཅིག་ཙམ་གྱི་རིང་བོད་ནང་དུ་རང་ལུས་མེ་སྲེག་བཏང་མཁན་གསུམ་པ་དེ་ཆགས་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་གཞན་ཁག་ཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྐུ་ལུས་མེ་སྲེག་གཏོང་མཁན་དེའི་མཚན་ལ་བསོད་ནམ་དབང་རྒྱལ་ལམ་བླ་མ་བསོད་བྷ་ཟེར་གྱིན་ཡོད་ཅིང༌། ཁོང་ནི་མགོ་ལོག་དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་ཡིན་འདུག་པ་དང་། ཁུལ་དེའི་སེར་སྐྱ་མི་མང་གིས་རྒྱུན་དུ་ཧ་ཅང་གུས་བརྩི་དང་དད་གུས་ཆེན་པོ་ཞུ་ས་ཞིག་ཡིན་འདུག

བླ་མ་བསོད་བྷ་མཆོག་གིས་སྐུ་ལུས་ལ་ས་སྣུམ་མང་པོ་བླུགས་ནས་མེ་སྤར་བ་དང་། ལག་ཏུ་བོད་པའི་རྒྱལ་དར་ཆེན་པོ་ཞིག་འཕྱར་བཞིན་བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་ཅེས་ཀྱི་འབོད་ཚིག་སྒྲོག་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།