choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཚེ་རིང་ལ་དུས་ཡུན་ལོ་༥བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢༦ཉིན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༣ ཉིན་གནས་ཚུལ་འབྱོར་བར། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་བློ་རིས་ཚང་གི་བུ་ཚེ་རིང་། རང་ལོ་ ༢༦ ། ཕ་མིང་ལ་བློ་རིས་དང་། མ་མིང་ལ་ཆོས་སྐྱོང་མཚོ་ཡིན་པ་ཁོང་ལ་རྔ་པ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱངས་བར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག

ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་རྗེས་སུ་ཕྱི་ལོ་ ༢༠༠༧ ཙམ་ལ་གྲྭ་པ་ལོགས་ནས་འབྲོག་སར་ནང་མི་དང་མཉམ་དུ་བསྡད་ཡོད་ཅིང་། ཕྱི་ལོ་ ༢༠༠༨ ལོར་གཅའ་ཞང་ཐོག་གི་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་བྱས་པ་ནས་བཟུང་བྲོས་བྱོལ་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཡས་མས་བར་བྲོས་ཡིབ་བྱེད་ཐུབ་ཡོད་ཀྱང་སྐབས་དེར་རྔ་པ་རྫོང་ཐོག་གི་ཟ་ཁང་ཞིག་ནས་འཛིན་བཟུང་གིས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ བར་ཐག་གཅོད་གང་ཡང་མ་བྱས་པར་རྔ་པ་རྫོང་བཀག་ཉར་ཁང་སོགས་སུ་བཀག་ཉར་བྱས་ཡོད་འདུག

ཁོང་བྲོས་བྱོལ་བྱས་པའི་ལོ་ཟླའི་ནང་ཐེངས་མང་པོར་རྒྱ་གཞུང་གིས་གཅའ་ཞང་ཐོག་གི་ངོ་རྒོལ་གྱི་སྣེ་ཁྲིད་པ་དང་ཉེས་ཅན་གཏེ་བོ་ཡིན་ཟེར་ནས་འབྲེལ་ཡོད་ཀྱི་ས་གནས་མང་པོར་རྩད་གཅོད་རིམ་པར་བྱས་ཡོད་འདུག དེ་མིན་འདི་ལོའི་ཕྱི་ཟླ་གསུམ་པའི་རྗེས་སུ་འཛིན་བཟུང་གིས་བཀག་ཉར་བྱས་པའི་རྨེའུ་རུ་མའི་དགེ་རིག་དང་། རྔ་པ་ཀིརྟི་དགོན་པའི་གྲྭ་འཇིགས་མེད་སོགས་སྐོར་ཞིག་ད་དུང་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་་་་

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།