choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་བཀྲ་བྷེ་ལགས་གྲོངས་མེད་ཀྱང་དབང་པོ་སྐྱོན་ཅན་གྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢༠ཉིན། ཕྱི་ལོ་༢༠༠༩ཟླ་༢ཚེས་༢༧ཉིན་རང་ལུས་མེར་བསྲེགས་གཏོང་མཁན་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་དམག་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། དབང་བོ་སྐྱོན་ཅན་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༧ ཉིན། རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རྔ་པ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་ཏེ་རྨས་སྐྱོན་བཟོས་རྗེས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཉེ་ཆར་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་དམག་མིའི་སྨན་ཁང་ཞིག་ཏུ་ཁོང་ལ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་།  ཁོང་གི་ཨ་མ་དང་ཨ་ཁུ་ལས་གཞན་ནང་མི་གཉེན་འབྲེལ་སུ་གཅིག་ཀྱང་ཐུག་འཕྲད་བྱེད་དུ་མི་འཇུག་པར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག

གྲྭ་བཀྲ་བྷེ་ལགས་ཀྱི་ངོ་གདོང་སོགས་མེ་ཡིས་འཚིག་ཡོད་པའི་ཁར། རྒྱ་ནག་གཞུང་གིས་བཙན་ཁྲིད་བྱེད་སྐབས་ཁོང་གི་ལག་པ་གཡོན་པ་དང་རྐང་པ་གཡས་པ་གཉིས་ལ་མེ་མདའ་ཕོག་སྟེ་འགུལ་མེད་དུ་བཟོས་ཡོད་པ་མ་ཟད། ཉེས་རྡུང་ཡ་ང་བ་བཏང་ཏེ་ལག་གཡས་པ་ཡང་འགུལ་མེད་དུ་གྱུར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།