choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དོགས་ཡོད་བོད་མི་བརྒྱད་བཙན་ཁྲིད་བྱས་པའི་གློག་བརྙན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༣ཉིན། ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་གཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པའི་དོགས་ཡོད་བོད་མི་བརྒྱད་རྒྱ་གཞུང་གིས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་པའི་གློག་བརྙན་ཞིག་ཕྱི་རུ་འབྱོར་འདུག

གློག་བརྙན་འདིའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པའི་ཁྱབ་ཁོངས་ཀྱི་སྡེ་ཚན་ཁག་གཅིག་སྟེ། དྲག་ཆས་ཉེན་རྟོག་དམག་མི་དང། ཉེན་རྟོག་རུ་ཆེན། སྤྱི་བདེ་ཉེན་རྟོག་པ། དམིགས་བསལ་དྲག་ཆས་ཉེན་རྟོག་པ།  མཐའ་མཚམས་སྲུང་དམག་སོགས་ཚན་པ་ཁག་ལྔ་ཙམ་ལས་གྲུབ་པའི་དྲག་ཆས་གྱོན་པའི་དམག་མིས་ལག་ཏུ་མེ་མདའ་དང་ལག་ལྕགས།  གློག་རྒྱུག་སོགས་ཐོགས་ཡོད་པ་མ་ཟད། འཇར་མན་ལུག་རྫི་ཞེས་པའི་ཁྱི་མང་དག་ཅིག་ཁྲིད་དེ་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་མཇུག་བོད་ཀྱི་སེ་ར་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་རུ་ཁག་གཉིས་པ་གཙོ་བོ་གྱུར་བའི་ས་གནས་མང་ཚོགས་ཀྱི་ཁྱིམ་དུ་སྔོག་བཤེར་དང་མི་སྣ་གང་བྱུང་འཛིན་བཟུང་བྱས་ཡོད་འདུག་པ་དང།

འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་སེར་འབྲས་གཉིས་ཀྱི་དགེ་འདུན་པས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཐོག་མར་བྱུང་རྗེས་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་སེ་རའི་ལམ་སོགས་སུ་སེ་རའི་དགེ་འདུན་པ་དང། ཆུ་བཟང་དགོན་པའི་བཙུན་མ་སོགས་ཀྱིས་ཞི་བའི་སྐད་འབོད་བྱེད་སྐབས་ལམ་བར་དྲག་ཆས་ཉེན་རྟོག་པས་བཀག་འགོག་བྱས་རྗེས་དོག་སྡེ་ཤང་གི་མང་ཚོགས་ཁག་གཅིག་གིས་ཞི་བའི་ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་གནས་ཚུལ་ཐོན་ཡོད་འདུག

གནས་ཚུལ་དེས་རྐྱེན་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་ཉིན་དེ་རང་དུ་འཛིན་བཟུང་བྱེད་མ་ཐུབ་པའི་ས་གནས་མང་ཚོགས་ཁག་གཅིག་ཞིབ་རྩད་བྱས་རྗེས་གློ་བུར་དུ་དྲག་ཤུགས་བེད་སྤྱོད་ཐོག་བོད་མི་རང་ལོ་ ༣༢ ཡིན་པ་ཚེ་རིང་ནོར་བཟང་དང༌། རང་ལོ་ ༥༣ ཡིན་པ་བྱམས་པ་རྒྱལ་མཚན། རང་ལོ་ ༢༩ སོན་པ་ཕུར་བུ་དངོས་གྲུབ། དེ་བཞིན་རང་ལོ་ ༤༥ ཡིན་པའི་བུད་མེད་གཅིག རང་ལོ་ ༢༨ སོན་པ་ཉི་མ་ཚེ་རིང། རང་ལོ་ ༣༨ སོན་པ་པ་སངས། རང་ལོ་ ༤༥ སོན་པ་དབང་འདུས། རང་ལོ་ ༢༢ སོན་པ་ཕུར་བུ་བཅས་ཀྱི་ཁྱིམ་དུ་བཙན་འཛུལ་གྱིས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁྱིམ་ཚང་སྔོག་བཤེར་དང་གང་བྱུང་ཉེས་རྡུང་བཏང་བའི་གནས་ཚུལ་བཅས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

1. གློག་བརྙན། ༢༠༠༨ལོར་རྒྱ་ནག་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱེད་བཞིན་པ།

2. གློག་བརྙན།: ༢༠༠༨ལོར་རྒྱ་ནག་ཉེན་རྟོག་པས་བོད་མི་འཛིན་བཟུང་བྱེད་བཞིན་པ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཤམ་བྷ་ལ་ཕོ་ཉ་གཟིགས་པ་པོ་ཡོངས་ལ་ཞུ་རྒྱུ། གོང་གི་གནས་ཚུལ་གསར་པ་འདི་དང་འབྲེལ་བ་ཡོད་པའི་གློག་བརྙན་གསར་པ་འདི་ངེས་པར་དུ་ཁྱེད་རྣམ་པས་གཟིགས་རོགས་ཞུ། ངས་གློག་བརྙན་འདི་ཐེངས་མ་བཅུ་ཕྲག་བརྒལ་བ་བལྟས་པ་ཡིན། བལྟ་ཐེངས་རེར་མིག་ཆུ་ཡང་གྲངས་ལས་འདས་པ་བཏང་པ་ཡིན། ཁྱེད་རྣམ་པས་གློག་བརྙན་འདི་ནས་རྒྱ་ནག་གུང་བྲན་ཏང་གི་བོད་མིར་བཅངས་པའི་སྲིད་བྱུས་དང་སྡུག་རྩུབ་གང་འདྲ་བཏང་གི་ཡོད་མེད་ཤེས་ངེས་རེད། འཛམ་གླིང་འདིའི་ནང་རང་དབང་དང་ཐོབ་ཐང་གི་ཆེད་སྐད་འབོད་རྒྱག་མཁན་གྲངས་ལས་འདས་པ་ཡོད་ངེས་པས་རྒྱ་ནག་ནང་བཞིན་གྱི་སྡུག་རྩུབ་ཅན་དང་ནག་ཉེས་ཡོད་མེད་ལ་མ་བལྟས་པར་དོགས་པ་ཆུང་ཙག་ཞིག་ཡོད་ནའང་ཕྲལ་མར་འཇུ་བཟུང་དང་དབང་ཤེས་ཁོ་ན་བེད་སྤྱོད་བྱེད་པ་ཡིན། གློག་བརྙན་འདིའི་ནང་ད་དུང་ནང་རུལ་པ་བོད་མི་འགའ་ཞིག་ཡོད་འདུག་པས་ཁོང་ཚོ་ནི་རྒྱ་ནག་གུང་བྲན་ལས་ཀྱང་སྡུག་རྩུབ་ཆེ་བའི་བོད་མི་ཞིག་ཡིན། ང་ཚོ་མི་རིགས་གཞན་ཞིག་གི་གཉའ་གནོན་འོག་ད་དུང་མི་ལོ་ག་ཚོད་གཅིག་སྡོད་འདོད་ཡོད་དམ། རྒྱ་ནག་རང་ཉིད་ནས་དེ་སྔ་ཇ་པན་༼རི་ཕིང་༽ གི་བཙན་གནོན་དང་སྡུག་རྩུབ་འོག་སྡོད་འདོད་མེད་པར་འཐབ་རྩོད་ག་ཚོད་གཅིག་བྱེད་ཡོད། ཁོང་ཚོས་རང་ཉིད་ཀྱི་སྡུག་རྩུབ་དང་གཉའ་གནོན་གྱི་བྲོ་བ་མྱངས་ཚར་ནས་མེད་པར་ཁོང་ཚོས་འདིའི་དགྲ་ཤ་ནི་རི་ཕིང་སར་ནས་མ་ལེན་པར་བོད་མིའི་སར་ནས་ལེན་དགོས་དོན་ག་རེ་ཡིན་ནམ། བོད་མི་གཅིག་མ་གཏོགས་མ་ལྷག་ནས་ཀྱང་ང་ཚོས་འཐབ་རྩོད་ངེས་པར་དུ་བྱེད་དགོས་ངེས་ཡིན། ཡུ་ཊུབ་གྱི་ཁ་བྱང་འདིར་འཁོད་པ་འདི་ཡིན། http://www.youtube.com/watch?v=-iwsNCnTApw དབྱིན་ཡིག་འདི་ཐད་ཀར་ཡུ་ཊུབ་གྱི་བར་སྟོང་ནང་བླུགས་ན་ཁྱེད་རྣམ་པས་མཐོང་ཐུབ། གལ་ཏེ་དཀའ་ངལ་ཕྲད་ཚེ་ཕྲན་ལ་ཡིག་ལན་ཡོང་བ་ཞུ། བོད་རྒྱལ་ལོ།།



བརྗོད་གཞི་གཞན་ཁག་ལ་གཟིགས།