choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བསྟན་འཛིན་ཕུན་ཚོགས་ལགས་འདས་གྲོངས་སུ་གྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༩ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན། ཁམས་ཆབ་མདོ་ཀརྨ་དགོན་གྱི་རང་ལུས་མེར་སྲེག་བཏང་བའི་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཆབ་མདོ་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་ཟིན་ཀྱང་རྒྱ་གཞུང་གིས་སྐུ་ཕུང་རྩིས་སྤྲོད་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར། ཁམས་ཆབ་མདོ་ཀརྨ་དགོན་གྱི་རང་ལོ་༤༦ཡིན་པའི་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་བཙན་གནོན་ལ་སྲིད་བྱུས་ལ་ངོ་རྒོལ་བྱས་རྗེས། རྒྱ་ནག་ཉེན་རྟོག་པས་ཁོང་ཆབ་མདོ་སྨན་ཁང་དུ་བཙན་ཁྲིད་བྱས་ཏེ་གནས་སྟངས་གོ་མེད་ཚོར་མེད་དུ་གྱུར་ཡོད་ཀྱང་།

འདི་གར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་འཁོད་དོན།  ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༦ ཉིན་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཆབ་མདོ་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་ཟིན་ཡོད་ཚུལ་རྒྱུད་ལམ་ཁག་ལ་མཁོ་སྤྲོད་བྱས་འདུག་ཅིང། ས་གནས་འབྲེལ་ཡོད་ཀྱིས་ཀྱང་ཁོང་གྲོངས་ཏེ་དེ་རིང་ཉིན་བཞི་འགྲོ་བཞིན་ཡོད་ཚུལ་བཤད་ཀྱི་ཡོད་འདུག་པ་དང་། དགོན་སྡེ་ཁག་ལ་བསྔོ་རྟེན་འབུལ་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་༨ཉིན་བོད་མི་ཁག་ཅིག་སྨན་ཁང་ལ་སོང་ནས་ཁོང་གྲོངས་ཡོད་པའི་གནས་ཚུལ་འདུག་པ་ལྟར་ཕུང་པོ་རྩིས་སྤྲོད་དགོས་གནས་བཤད་སྐབས་ཁོ་ཚོས་ཕུང་པོ་ནང་མི་ལ་སྤྲད་ཚར་ཟིན་སྐོར་བཤད་ཡོད་འདུག་ཀྱང་དོན་དངོས་ཕུང་པོ་ད་དུང་རྩིས་སྤྲོད་བྱས་ཡོད་མི་འདུག ཁོང་གིས་སྐུ་ལུས་མེར་སྲེག་གཏོང་སྐབས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཡོད་པ་ཉེ་འཁོར་གྱི་བོད་མི་ཙམ་མ་ཟད་ལྷ་ས་ནས་ཁ་པར་གཏོང་མཁན་ཞིག་གིས་ཁ་པར་ནང་ནས་ཀྱང་གོ་ཐུབ་ཡོད་འདུག ད་དུང་གནས་ཚུལ་ཡོང་ཁུངས་ཁག་ཅིག་ལྟར་ན་ཁོང་གི་བཟའ་ཟླ་ཡང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་། ནང་མི་གཞན་རྣམས་ལ་ཡང་དམ་བསྒྲགས་དམིགས་བསལ་བྱེད་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།