choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢ཉིན། ཁ་སང་ཕྱི་ཚེས་༡ཉིན་གྱི་སྔ་དྲོར། ཁམས་ཆབ་མདོ་ཀརྨ་དགོན་ནས་རང་ལོ་༤༦ཡིན་པའི་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར། ཁམས་ཆབ་མདོ་ཀརྨ་དགོན་གྱི་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་རང་ལོ་༤༦ ཡིན་ཞིང་། སྐྱེས་སྨན་གྱི་མིང་ལ་སྒྲོལ་མ་དང་། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་འདུག

གནས་ཚུལ་དངོས་སུ་མཐོང་མཁན་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན། འབོད་ཚིག་དང་གཏོར་འགྲེམས་བྱས་པའི་ཡིག་ཆའི་ནང་དོན་གསལ་བོ་ཤེས་མེད་ཀྱང་། ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས་ལག་ཏུ་ཡིག་ཆ་འདྲ་མིན་གཏོར་འགྲེམས་བྱེད་བཞིན་སྐད་འབོད་བྱས་ཡོད་པ་དང་། ཡུན་རིང་མ་འགོར་བར་ཉེན་རྟོག་པ་ཡོང་ནས་ལུས་ཀྱི་མེ་བསད་དེ་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་ལ། ད་ལྟའི་ཆར་ཁོང་གི་གནས་སྟངས་ག་འདྲ་ཡིན་མིན་ཤེས་རྟོགས་ཐུབ་མེད་པ་དང་། ཆབ་མདོ་ཀརྨ་དགོན་པར་རྒྱ་གཞུང་གིས་དམག་དཔུང་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།