choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བྱ་བྲལ་རིན་པོ་ཆེ་མཆོག་བཀྲོངས་ཟིན་པའི་སྒྲ་ཐག་འབྱོར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༥ཉིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བརྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དང༌གཞིས་རྩེ་བཀྲིས་ལྷུན་པོ་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་ལ་དུག་བླུགས་ནས་བཀྲོངས་ཟིན་པའི་སྒྲ་འཛིན་འཁོར་ཐག་ཅིག་འབྱོར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་བར་ལྟར་ན།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དང༌།  གཞིས་རྩེ་བཀྲིས་ལྷུན་པོ་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༥ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་རྩད་ཞིབ་བྱ་ཕྱོགས་ཐད་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་པ་དང༌།  འབྲེལ་ཡོད་ཁྲིམས་ཁང་ནས་དུས་ཡུན་ལོ་ངོ་ ༦ དུས་བཀག་བཙོན་འཇུག་བཏང་སྟེ་སི་ཁྲོན་ཞིང་ཆེན་ཏཱ་ཛུ་རྫོང་ཁྲོན་ཏུང་ཁུལ་གྱི་བཙོན་ཁང་ཨང་གསུམ་པ་སོགས་སུ་བཙོན་འཇུག་བྱས་ཡོད་པ་དང༌།  བཙོན་འཇུག་བྱེད་རིང་ཕྱི་ལོ་ ༡༩༩༧ ལོར་ཁོང་ནས་ཁྲོན་ཏུང་བཙོན་ཁང་ནང་ཁོང་ལ་ཁྲིམས་ཆད་བཏང་བ་དེ་དྲང་བདེན་བྱུང་མེད་པར་ཟས་བཅད་ཀྱི་ངོ་རྒོལ་ལས་འགུལ་ཡང་སྤེལ་བའི་གནས་ཚུལ་ཐོན་ཡོད།

ཁྲིམས་ཀྱི་འགྲོ་ལུགས་ལྟར་ན་དུས་བཀག་གཙང་བའི་བཙོན་པ་སུ་ཡིན་ནའང་དུས་བཀག་གཙང་རྗེས་ནག་ཉེས་འཕར་མ་བསགས་མེད་ཚེ་གློད་བཀྲོལ་བཏང་སྟེ་ས་གནས་འབྲེལ་ཡོད་ཚན་པ་བརྒྱུད་ནང་མི་སྤུན་མཆེད་དམ་ས་གནས་སུ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་ནའང་བྱ་བྲལ་བྱམས་པ་འཕྲིན་ལས་མཆོག་ནི་ ༢༠༠༡།༢༠༠༢ ནང་དུས་བཀག་ཆ་ཚང་གཙང་ཟིན་ཡོད་ནའང་ད་བར་འཆི་གསོན་གྱི་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད།

ཁོང་དུས་བཀག་གཙང་ཟིན་ནའང་འཆི་གསོན་གྱི་གནས་སྟངས་ཅི་ཡིན་ཤེས་རྟོགས་མེད་པའི་ཐད།  དོགས་གཞི་སྐྱེ་དགོས་པའི་གནས་སྟངས་དངོས་སུ་ཡོད་པ་ལྟར།  བྱ་བྲལ་རིན་པོ་ཆེ་མཆོག་དང་ཐུགས་འདྲིས་ཆེ་ཙམ་ཡོད་པའི་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཞིག་ནས་ཀྱང་ལོ་ཤས་སྔོན་བྱ་བྲལ་བྱམས་པ་འཕྲིན་ལས་སྐོར་ད་ལྟ་མི་ཚོས་བཤད་རྒྱུ་ལ་ཡོད་མ་རེད།  གྲོངས་ཚར་བ་རེད་ཟེར་གྱི་འདུག   ཁག་གཅིག་གིས་བརྗོད་རྒྱུར་ལ་བྱ་བྲལ་བྱམས་པ་འཕྲིན་ལས་དུག་བླུགས་ནས་བཀྲོངས་པ་རེད་ཟེར་གྱི་འདུག་ཅེས་དངོས་སུ་གསུངས་པའི་སྒྲ་འཛིན་འཁོར་ཐག་འབྱོར་ཡོད་འདུག་པ་ལྟར་ན།   བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་དུས་བཀག་གཙང་སྟེ་ལོ་མང་ཕྱིན་ཡོད་ནའང༌།  འཆི་གསོན་གྱི་གནས་སྟངས་ཅི་ཡིན་གང་ཡང་ཤེས་རྟོགས་མེད་པར་གྱུར་བ་དེའི་ཐོག་ནས་བོད་ལྗོངས་ནང་བསྟན་གྱི་མཐོ་རིམ་མི་སྣ་དེའི་བཀའ་མོལ་དེ་དག་ནི་ད་ལྟ་ཚད་འཛིན་ས་ཞིག་ཏུ་གྱུར་ཡོད་སྲིད་པ་རེད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༧༢༠༡༡༠༥༠༩
རྒྱལ་གཅེས་ལྷག་བསམ་ཅན་འགྲན་ཟླ་བྲལ་བའི་བླ་མ་ཁོང་སྐུ་ཚེ་་མ་ཟིན་པའི་གཏམ་ངན་འདིར་ཡིད་ཆེད་མེད། ཁོང་གང་འགྱོགས་བཙན་འོག་ནས་རང་དབང་འཐོབ་སྟེ་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་བཞིན་མཆིས།། །།
2 ༠༡༢༠༡༡༢༠༤༢
མཐའ་མའི་ཡིག་ཕྲེང་ནང་།བཟོ་བཅོས།མི་འདྲ་བའི་ཞེས་པ་(དེ་འདྲ་)ཞེས་པར་བཅོས་རོགས།བྲིལ་ཐལ་སོང་འདུག
1 ༠༡༢༠༡༡༢༠༤༠
བྱ་བྲལ་རིན་པོ་བཀྲོངས་ཟིན་པའི་གནས་ཚུལ་དེར་ཡིད་ཆེད་མེད།གང་ཡིན་ཟེར་ན་གོང་གི་འཁོར་ཐག་དེར་ཁུངས་གང་ཡང་མི་འདུག་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཟེར་བ་དེས་ཀྱང་མི་གཞན་གྱིས་དེ་ལྟར་ཟེར་གྱི་འདུག་ཅེས་བརྗོད་འདུག་པས་མི་གཞན་དེ་ཡིད་ཆེད་འཕེར་བའི་གནད་ཡོད་མི་སྣ་ཞིག་རེད་དམ་ཡང་ན།
གཅིག་བྱས་ན་ད་རེས་གནད་དོན་དེ་རྒྱ་གཞུང་གིས་ང་ཚོའི་བསམ་བློའི་གཟབ་ཚད་སྔོག་རྒྱུའི་ཆེད་ང་ཚོར་་ཡིག་རྒྱུགས་ཐེངས་གཅིག་བཏང་བ་ནི་མིན་ལས་ཆེ།གང་ལྟར་མི་འདྲ་བའི་ཡིག་རྒྱུགས་དེ་སྔ་བཏང་ཟིན་པས་ཟབ་ཟབ་བྱས་ན་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།