choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་དོན་ཆེད་བོད་མི་རེ་རེའི་ཚེ་སྲོག་རྩ་ཆེན་པོ་ཆགས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༢ཉིན། རྒྱ་གཞུང་གིས་བོད་ས་བཙན་འཕྲོག་དང་རིག་གཞུང་རྩ་གཏོར་བཏང་བའི་གནས་ཚུལ་འོག་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་མི་ཚོས་མུ་མཐུད་དུ་ངོ་རྒོལ་མཚམས་མ་ཆད་པར་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་༣པ་ནས་བཟུང་བོད་མི་༡༡གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེར་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ནམ་ཡང་ཆོས་ལུགས་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་།  འཛམ་གླིང་གང་སར་གནས་བའི་བོད་མི་ཚོའི་འབོད་སྐུལ་དེར་བསམ་བློ་གང་ཡང་བཏང་མེད། ཡིན་ནའང་། གཞིས་ལུས་བོད་མི་ཚོས་རང་ལུས་མེར་མཆོད་བཏང་བའི་གནད་དོན་དེར་རྒྱལ་ཕྱིའི་སྤྱི་ཚོགས་ཀྱིས་བློ་འཚབ་དང་རྒྱ་གཞུང་ལ་འབོད་སྐུལ་རིམ་པར་གནང་ཡོད་པ་རེད།

ལོན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་ལྷག་འདུ་འཛོམས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཡ་ང་བའི་གནས་སྟངས་དེར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་བདུན་ཕྲག་གཅིག་ལྷག་གི་རིང་ལ་སྤེལ་ཡོད་པ་དང་།   སྐབས་དེར་ལས་འགུལ་བ་ཚོས་དབྱིན་ཇི་སྲིད་བློན David Cameron ་ཌ་བད་ཌི་ཁན་མི་རོན་ལགས་བཞུགས་སའི་ཕོ་བྲང་མདུན་ནས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་བར་དུ་ངོ་རྒོལ་གོམ་བགྲོད་བྱས་ཡོད་པ་དང་།  དེ་བཞིན་རེས་གཟའ་ལྷག་པའི་ཉིན་ས་གནས་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་ཚོས་མཉམ་དུ་མང་ཚོགས་ལ་བོད་ཀྱི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་ཕན་ཚུན་བསམ་བློ་བརྗེ་རེས་སོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག

དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོས་བོད་ནང་གི་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་འདྲ་ད་དུང་ཡང་ཡོང་ཉེན་ཆེ་བ་དང་།  གནས་སྟངས་སྡུག་རུ་འགྲོ་སྲིད་པའི་ཐུགས་འཁུར་བྱེད་བཞིན་ཡོད་པ་མ་ཟད། བོད་མི་འགས་མཉམ་དུ་ད་ལྟའི་བོད་ཀྱི་གནས་སྟངས་དང་གནད་དོན་ལ་རོགས་སྐྱོར་བྱེད་དགོས་བའི་རེ་སྐུལ་དང་སྙན་ཞུ་སོགས་དབྱིན་ཇི་གྲོས་ཚོགས་ལ་ཕུལ་ཡོད་འདུག

ལྷག་དཀར་གྱི་ཉིན་མོར་འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཚོས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་ལྟར། ཉིན་དེར་བོད་ནང་དུའང་བོད་མི་ཚོས་༧གོང་ས་མཆོག་གི་’བླ་གཟའ’་སྲུང་བརྩི་བྱས་ཏེ་སྲོལ་རྒྱུན་རང་བཞིན་ལྡན་པའི་གྱོན་ཆས་གྱོན་པ་དང་བོད་སྐད་གཙང་མ་བཤད་པ།  བོད་པའི་ཟ་ཁང་དུ་ཟ་མ་ཟ་བ།   བོད་པའི་ཚོང་ཁང་དུ་ཅ་ལག་ཉོ་བ་སོགས་ཀྱི་དམིགས་བསལ་ཀྱི་ལས་འགུལ་རིགས་རྟག་པར་སྤེལ་གྱིན་ཡོད་འདུག

ཉེ་ལམ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་གྱི་སྐོར་ལ། བོད་མིའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་པས། བོད་དོན་བདེན་མཐའ་སེལ་བར་བོད་མི་རེ་རེའི་ཚེ་སྲོག་ཧ་ཅང་རྩ་ཆེན་པོ་རེད་ཅེས་གསུངས་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་༡༧་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཀྱང་། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་རྐྱེན་པས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་འདི་བྱུང་བ་རེད་ལ།  རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་སྲིད་ཇུས་དེ་བསྒྱུར་བཅོས་བཏང་བ་ཡིན་ན་ངོ་རྒོལ་ལས་འགུལ་དེ་ཞག་གཅིག་གི་ནང་མཚམས་འཇོག་ཡོང་ཐུབ་ངེས་རེད་ཅེས་གསུངས་ཡོད་པ་རེད།

གཅན་དྲུག་དཀར་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།