choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྐུ་ལུས་ལ་མེ་ལྕེ་དམར་པོ་ལྷོག་ལྷོག་ཏུ་འབར་བཞིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༡ཉིན། རྟའུ་རྫོང་ཁོངས་ནས་རང་ལུས་མེར་མཆོད་བཏང་བའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་ཉེ་མཁྲེས་ཀྱི་བོད་རིགས་མི་མང་གིས་འབོད་སྒྲ་བསྒྲགས་ཏེ་གདུང་སེམས་མཉམ་བསྐྱེད་བྱས་པའི་གློག་བརྙན་འགའ་སླེབས་འདུག

གློག་བརྙན་དེ་དག་གི་ནང་དུ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་སྐུ་ལུས་ལ་མེ་ལྕེ་ལྷབ་ལྷིབ་ཏུ་འབར་གྱིན་དྲང་ངེར་ལངས་ཏེ་༼བོད་ལ་རང་དབང་དགོས༽༼༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག༽སོགས་ཀྱི་འབོད་སྒྲ་ཤུགས་ཆེར་སྒྲོག་བཞིན་ཡོད་པ་དང་། ཉེ་མཁྲེས་ཀྱི་བོད་རིགས་ཚོས་ཀི་སྒྲ་སྒྲོག་པ་དང་སྨོན་ལམ་གསོལ་འདེབས་བྱེད་པ། མེ་ལྕེ་དམར་པོའི་ཁྲོད་དུ་ཁ་བཏགས་འཕེན་པ་སོགས་གསལ་བོ་མཐོང་ཐུབ།

དེ་ཡང་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས། གློག་བརྙན་དེ་དག་ལས་ས་གནས་བོད་རིགས་མང་ཚོགས་༡༠༠༠༠ཙམ་རྟའུ་ཉ་མཚོ་དགོན་དུ་འདུ་འཛོམས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ལ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཚོགས་བཞིན་པ་མཐོང་ཐུབ་པ་དང་། བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་རྗེས། རྒྱ་གཞུང་གིས་དྲག་ཆས་དམག་དཔུང་འགྲེམས་འཇོག་གིས་མི་མང་གི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བརྙན་ལེན་འཕྲུལ་ཆས་བཙུགས་སྟེ་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་བརྙན་དུ་ཕབ་བཞིན་པ་དང་། གློག་བརྙན་དེ་ཚོ་ཕྱི་མིས་མི་མཐོང་བའི་ཆེད་དུ་དཀྱུས་མའི་ལྭ་བ་གྱོན་པའི་དམག་མི་གང་སར་བཀྲམ་པ་སོགས་མུ་མཐུད་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ལུགས་སོགས་འགྲེལ་བརྗོད་གནང་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུངས་རྒྱུར། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་ཤིག་ཡིན་ལ། གློག་བརྙན་དེ་དག་ལས་བོད་རིགས་མི་མང་རྒྱ་གཞུང་ལ་རེ་ཐག་ཆད་པ་གསལ་བོ་ཤེས་ཐུབ་པ་མ་ཟད། སོ་སོའི་གཅེས་བའི་ཚེ་སྲོག་ལའང་མ་འཛེམས་པར་རང་དབང་གི་རིན་ཐང་རྩོད་ལེན་གནང་གིན་ཡོད་པ་གསལ་བོ་མཚོན་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས། གལ་སྲིད་རྒྱ་གཞུང་གིས་མུ་མཐུད་ནས་དམ་དྲག་དང་བཙན་གནོན་མཚམས་འཇོག་མ་བྱས་པ་ཡིན་ན་བོད་རིགས་མི་མང་སྔར་ལས་མང་པོ་ཞིག་གིས་ཚེ་སྲོག་ཤོར་རྒྱུར་སེམས་ཁྲལ་ཆེན་པོ་འདུག་ཅེས་གསུངས་འདུག

གཞན་ཡང་། བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་ང་ཚོས་འཛམ་གླིང་གི་དབུ་ཁྲིད་ཚང་མས་བློ་སྟོབས་ཆེར་སྐྱེད་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་དམ་དྲག་མཚམས་འཇོག་ཡོང་བར་འབོད་སྐུལ་བྱེད་ཀྱི་ཡོད། གློག་བརྙན་དེ་དག་ལས་བོད་རིགས་མི་མང་གི་སྙིང་སྟོབས་ཀྱི་འབོད་སྒྲ་ཐོས་ཐུབ་ལ། འཛམ་གླིང་མི་མང་ལའང་ཉེན་བརྡ་ཞིག་བཏང་བྱུང་བས། ད་ལྟ་འཛམ་གླིང་མི་མང་མཉམ་རུབ་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་པ་ཡིན་ན་ཁོ་ཚོས་དྲག་སྤྱོད་མཚམས་འཇོག་བྱེད་ངེས་རེད་ཅེས་བརྗོད་འདུག

གཤམ་གྱི་ཡུའུ་ཊོབ་དག་གི་ནང་དུ་བཙུན་མ་ཁོང་གི་སྐུ་ལུས་ལ་མེ་ལྕེ་དམར་པོ་ལྷོག་ལྷོག་ཏུ་འཕྱུར་བཞིན་པ་སོགས་ལྟ་བའི་མིག་གིས་མི་བཟོད་པ་མང་པོ་ཡོད་པས་དེ་ལྟར་དགོངས་འཇགས་ཞུ།

http://www.youtube.com/watch?feature =player_embedded&v=heRelfk_QW4
http://dl.dropbox.com/u/6955112/Tawu%20Footage.mp4
http://dl.dropbox.com/u/6955112/Tawu%20Footage.dv




Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༢༢༠༡༡༢༠༠༡
བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་རྒྱུན་རིམ་ཁྲོད་དུ། ཆེས་ཛ་དྲག་གམ་ཆེས་མཐོ་རླབས་ཏུ་སོན་པ་ནི་ཉིས་སྟོང་བརྒྱད་དང་ཉིས་སྟོང་བཅུ་གཅིག་ལོ་འདི་གཉིས་ཡིན་པར་བརྗོད་ག་ལ་དགོས། ང་རང་ཚོ་རང་དབང་ལུང་པར་འཚོ་སྡོད་གནང་མཁན་བོད་མི་རྣམས་ཀྱིས་གཙོ་བོ་རྒྱལ་སྤྱི་སྟེང་དུ་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་ཡོད་རེད། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གང་རྙེད་བྱས་དང་བྱེདབཞིན་ཡོད། དེ་བཞིན་ངོ་རྒོལ་སྐད་འབོད་སོགས་བྱས་དང་བྱེད་བཞིན་ཡོད་པ་རྣམས་ཤིན་ཏུ་རླབས་ཆེན་པོ་བྱུང་ཡོད། ཡིན་ནའང་ཉིས་སྟོང་བརྒྱད་དང་ད་ལོའི་ཆེས་ཛ་དྲག་གི་ངང་ནས་བདེན་པའི་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ། འདི་ཕྱོགས་ནས་རྒྱལ་སྤྱིའི་སྟེང་དུ་འབོད་བསྐུལ་ཡིག་ཆ་འགའ་ཤས་ནང་དུ། བོད་དུ་རྒྱ་མིས་དྲག་གནོན་མཚམས་འཇོག་བྱེད་དགོས་ཚུལ་དང། ད་ལོའི་གནས་བབ་ལ་མཚོན་ནའང་བོད་དུ་རྒྱ་མིས་དྲག་གནོན་མཚམས་འཇོག་མ་བྱེད་ན་ད་དུང་གནས་ཚུལ་ཛ་དྲག་ཏུ་འགྲོ་ཉེན་ཡོད་ཚུལ་བརྗོད་དང་རྗོད་བཞིན་འདུག སྤྱི་བཏང་རེད་བོད་དུ་དཀའ་ངལ་འཕྲད་འཇུག་ན་ག་ལ་འགྲིག། རྩ་ནས་འགྲིག་གི་མ་རེད། ཡིན་ནའང་ང་ཚོས་རྒྱལ་སྤྱིའི་སྒང་དུ་འབོད་བསྐུལ་ག་དུས་ཞུ་ན་ཨང་དང་པོར་ང་ཚོའི་བདེན་པའི་འཐབ་རྩོད་དེ་བདེན་མཐའ་སེལ་བར་རྒྱབ་སྐྱོར་རོགས་རམ་མཐའ་གཅིག་ཏུ་གནང་བར་འབོད་སྐུལ་བྱེད་དགོས། གཉིས་པར་འཕྲལ་སེལ་བོད་ནང་དུ་ཛ་དྲག་གི་དཀའ་ངལ་སེལ་ཐབས་སུ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་རོགས་རམ་བླང་ཐབས་གནང་དགོས། ང་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཙན་བྱོལ་དུ་འཚོ་སྡོད་བྱེད་བཞིན་པའི་དགོས་པ་རྒྱུ་མཚན་དེ་བོད་དུ་གློ་བུའི་ཛ་དྲག་གནས་ཚུལ་ཐོན་དུས་རྒྱལ་སྤྱིའི་སྒང་དུ་ངོ་རྒོལ་སྐད་འབོད་དང་རོགས་སྐྱོར་བླང་བའི་ཆེད་དུ་རྩ་ནས་མིན་སྙམས། ང་ཚོ་ནམ་ཞིག་ལ་རྒྱལ་ཁ་ཞིག་རྙེད་སོན་ཐུབ་ཐབས་ལ་འཐབ་རྩོད་མཐར་མཆོངས་བྱེད་མཁན་ཞིག་ཡིན་དགོས་ངེས། ང་ཚོ་ཚང་མ་ནམ་ཞིག་བོད་དུ་ལོག་ཐུབ་རྒྱུར་ཡིད་ཆེས་ཡོད་ངེས། གལ་ཏེ་ཕྲན་ཆུང་གིས་བརྗོད་པ་ནོར་འདུག་ན་ཀློག་པ་པོ་རྣམས་ལ་དགོངས་དག་ཐུགས་བདེན་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།