choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ལྷ་བསྟན་ལགས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༨ཉིན། ཟླ་འདིའི་ཕྱི་ཚེས་༡ཉིན་གྱི་བོད་ནང་གི་ཆུ་ཚོད་༣ཡས་མས་སུ། བོད་རང་སྐྱོང་ལྗོངས་སྟག་རྩེ་རྫོང་ནས་ལྷ་བསྟན་ལགས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་བསྟན་ལགས་ཀྱི་བུ་སྟག་ཚེ་རྫོང་སྒེར་གཉེར་སློབ་གྲྭ་རུ་ཡོད་པས། བོད་ནང་གི་ཆུ་ཚོད་༣ཡས་མས་སུ། སློབ་གྲྭ་དེའི་དགེ་རྒན་ཡིན་ཟེར་མཁན་གྱི་རྒྱ་རིགས་བུད་མེད་ཅིག་གིས་ཁོང་ལ་ཁ་པར་འབྱོར་ནས་བྱིས་པ་ལེན་དུ་ཤོག་ཅེས་ལབ་པར་བརྟེན། ཁོང་སློབ་གྲྭ་རུ་འབྱོར་མ་ཐག་དཀྱུས་མའི་ལྭ་བ་གྱོན་པའི་ཉེན་རྟོག་པ་འགའ་ཡིས་ཁོང་སྒུག་ནས་བསྡད་ཡོད་འདུག  རྗེས་སུ་ཁོང་གི་ཁྱིམ་མི་ཚོས་སློབ་གྲྭའི་སྒོ་སྲུང་བར་སྐད་ཆ་དྲིས་སྐབས་ཁོང་རླངས་འཁོར་ནག་པོ་ཞིག་གི་ནང་དུ་བཞག་ནས་ཁྲིད་སོང་ཞེས་འགྲེལ་བརྗོད་གནང་ཡོད་འདུག

ལྷ་བསྟན་ལགས་ནི་ད་ལྟ་རང་ལོ་༤༤ཡས་མས་ཤིག་ཡིན་ཞིང་།  ཆུང་མའི་མིང་ལ་པ་སངས་ཆོས་སྒྲོན་དང་། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་ལ། རྒྱུན་དུ་སོ་ནམ་དང་ཚོང་ལས་ཙག་ཙིག་གཉེར་ནས་ཁྱིམ་ཚང་གི་འཚོ་བ་སྐྱེལ་བཞིན་ཡོད་འདུག ཁོང་ཕྱི་ལོ་༢༠༠༨ལོར་རྒྱ་གཞུང་གིས་འཛིན་བྱས་ཏེ་མི་ལོ་༦ཁྲིམས་ཐག་བཅད་ཡོད་པའི་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་གར་ཡོད་ཅི་བྱུང་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།