choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ལ་རང་བཙན་སྤྲད་ན་ལྟོ་གོས་ལ་དཀའ་ངལ་འཕྲད་སྲིད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༧ཉིན། ཨ་རིའི་དུས་བབ་ཅེས་པའི་དུས་དེབ་ཀྱི་གསར་འགོད་པ་ཧན་ནཱ་བྷེ་ཆི་ལགས་ཀྱིས་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་གྱུར་ནས་ཟླ་ངོ་གཉིས་ཙམ་འདས་རྗེས་ཀྱི་ཡུལ་དངོས་ཀྱི་མཐོང་ཐོས་མྱོང་གསུམ་ཟིན་བྲིས་སུ་བཏབ་འདུག

ཕྱི་ཟླ་༨པའི་ཚེས་༡༥ཉིན། རྒྱ་ནག་དང་རྒྱང་ཐག་རིང་བའི་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་༢༩ཡིན་པ་ཚེ་རིང་ནོར་བུ་ལགས་ཀྱིས་ཁྲོམ་གཞུང་དུ་རང་ལུས་ལ་ས་སྣུམ་བླུགས་རྗེས། ཙག་སྒྲ་རྐང་གཅིག་གིས་རང་ལུས་མེ་རུ་བསྒྲོན་པ་དང་ཆབས་ཅིག དམར་ལྷབ་ལྷིབ་ཏུ་འབར་བའི་མེ་ལྕེའི་ཁྲོད་ནས་༧གོང་ས་མཆོག་ལ་བཅངས་བའི་དད་འདུན་དང་བོད་རང་དབང་གི་འབོད་སྒྲ་ཤུགས་ཆེར་སྒྲོག་བཞིན་ཁོང་མི་ཡུལ་འདི་དང་གཏན་དུ་གྱེས་སོང་ལ། ཁོང་ང་ཚོ་དང་གཏན་དུ་གྱེས་ནས་ཟླ་ངོ་༢འདས་པའི་སྨག་ནག་པའི་མཚན་ལྗོངས་ཤིག་ལ། ང་འདས་མཆོད་ཀྱི་མེ་ཏོག་མེད་ལ། རྗེས་དྲན་གྱི་དུར་བྱང་སོགས་གང་ཡང་མེད་པའི་ཁོང་གི་མི་ཚེའི་ཆེས་མཐའ་གི་རྫོགས་ཚིག་བཀོད་སའི་སྐྱ་ཐང་ཐིང་གི་ཟམ་ཆེན་དེའི་ཐོག་ཐེངས་གཅིག་སོང་བ་ཡིན།

ཉེ་མཁྲེས་ཀྱི་གྲོང་གསེབ་ཀུན་ན་རྒྱ་གཞུང་གི་དྲག་ཆས་སྤྲས་པའི་དམག་མིས་ཁེངས་ཤིང༌། སྐར་ཆ་འགའ་རེའི་ནང་ནས་གློག་དམར་འཁྱུག་པའི་རླངས་འཁོར་མང་པོས་ཉུལ་ཞིབ་ཀྱི་འགྲོ་འོང་མཚམས་མི་ཆད་པ་མ་ཟད།  གསར་དུ་བཙུགས་པའི་བརྙན་ལེན་འཕྲུལ་ཆས་དག་གིས་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་རེ་རེ་བཞིན་བརྙན་དུ་ཕབ་བཞིན་འདུག

དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་ཁྱོན་བོད་རིགས་དགེ་འདུན་པ་༨ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་བཙན་འཛུལ་དང་གཉའ་གནོན་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། དེ་དག་ལས་ཉུང་མཐའ་མི་༦འདས་གྲོངས་སུ་གྱུར་བ་དང༌། གཞན་རང་ལོ་༡༨ཡས་མས་ཡིན་པའི་ཀིརྟི་དགོན་གྱི་དགེ་འདུན་པ་༢བཙན་ཁྲིད་བྱས་སྟེ་གོ་མེད་ཚོར་མེད་དུ་གྱུར་ཡོད་པ་རེད།  ༧གོང་ས་མཆོག་གིས་ཚེ་སྲོིག་ལ་གཅེས་འཛིན་བྱེད་དགོས་པའི་བཀའ་སློབ་གནང་བཞིན་ཡོད་ནའང༌། རང་ལུས་མེར་སྲེག་གཏོང་བའི་གདམ་ག་དེ་རྒྱ་ནག་གི་སྲིད་བྱུས་འོག་ཏུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོའི་མཚོན་བྱེད་རང་བཞིན་ལྡན་པའི་ངོ་རྒོལ་གྱི་ལག་ཆ་གཅིག་པུ་དེ་རེད།

མི་མང་གིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་མཆོད་བཏང་བ་དེས་སྲིད་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལ་རེ་ཐག་ཆད་པའི་རྟགས་མཚན་ཞིག་ཡིན་ལ། ཕྱི་ལོ་༢༠༠༨ལོར་བོད་ཆོལ་ཁ་གསུམ་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེར་སྤེལ་བ་ནས་བཟུང་རྒྱ་དམག་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཁམས་ཡོངས་སུ་སྐོར་སྲུང་བྱས་ཏེ་གཡུལ་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བོད་རིགས་བརྒྱ་ཕྲག་མང་པོར་ཉེས་མེད་བསྙོན་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་དང༌། བཙན་དབང་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་སྣ་ཚོགས་བྱེད་དུ་བཅུག་པ་དང༌། དེ་བཞིན་བོད་ཁམས་སུ་རང་དབང་གིས་ཕྱི་མི་འགྲོ་འོང་བྱེད་རྒྱུ་བཀག་སྡོམ་ནན་པོ་སོགས་བྱེད་ཀྱི་ཡོད་པ་རེད།

ཡིན་ནའང༌། བཙན་གནོན་དང་འཇིགས་སྐུལ་གྱིས་བོད་རིགས་མི་མང་གི་དཔའ་ངར་གཞོམ་མ་ནུས་པར་སྲིད་གཞུང་ལ་རྒོལ་བའི་སྐད་འབོད་དང་སྦྱར་ཡིག་འགྲེམས་སྤེལ་སོགས་རིམ་པར་བྱུང་དང་འབྱུང་རྒྱུ་ཡིན་པའི་སྐོར་དཀར་མཛེས་ཁུལ་ནས་ཡིན་པའི་བོད་རིགས་དགེ་འདུན་པ་ཞིག་གིས་བརྗོད་རྒྱུར། ང་ཚོས་གནད་དོན་འདི་ཚོར་མུ་མཐུད་ནས་བཟོད་སྒོམ་བྱེད་ཐུབ་ཀྱི་མི་འདུག བོད་རིགས་མི་མང་གིས་རྒྱ་གཞུང་ལ་བཅངས་བའི་ཡིད་ཆེས་ཡོད་ཚད་བརླག་སོང་བས་མ་འོངས་པར་ངོ་རྒོལ་གྱི་ལས་འགུལ་སྔར་ལས་མང་པོ་འབྱུང་ངེས་རེད་ཅེས་བརྗོད་བྱུང༌།

༧གོང་ས་མཆོག་གིས་ལོ་མང་རིང་ནས་བོད་དང་པེ་ཅིང་བར་གྱི་འབྲེལ་བ་ལེགས་བཅོས་གཏོང་བར་ཐུགས་བརྩོན་གནང་ཡོད་པ་མ་ཟད། གཉིས་ཕན་དབུ་མའི་ལམ་ལ་བརྟེན་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་བརྩོན་ལེན་གནང་བཞིན་ཡོད་པ་ལས་བོད་རང་བཙན་རྩོད་ཀྱི་མེད་ཅེས་གསལ་བོ་གསུངས་ཡོད་པ་དང༌། དེ་ཙམ་མ་ཟད། ད་ལོའི་ཕྱི་ཟླ་༡༠ཚེས་༢༩ཉིན་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ཁག་ལ་རྒྱ་གཞུང་གིས་ཐད་ཀར་འགན་ལེན་དགོས་པའི་སྐོར་ལ་ཁོང་གིས།  ས་གནས་འགོ་ཁྲིད་ཚོས་ངེས་པར་དུ་དོན་རྐྱེན་དེའི་རྒྱུ་མཚན་ངོ་མ་དེ་ཤེས་དགོས་པ་རེད། གནད་དོན་དེ་ཚོ་སྲིད་བྱུས་ལ་གནས་ལུགས་མེད་པ་དང་ནོར་འཁྲུལ་ཅན་ཡིན་པ་ལས་བྱུང་བ་རེད་ཅེས་གསུངས་ཡོད་ཀྱང༌། ཉིན་གཉིས་ཙམ་མ་འགོར་བར་རྒྱ་གཞུང་གིས༧གོང་ས་མཆོག་དང་ཁོང་གི་རྗེས་འཇུག་པས་མི་གསོད་དྲག་སྤྱོད་སྤེལ་བར་ངན་སྐུལ་བྱེད་ཀྱི་ཡོད་པའི་འཁྱོག་བརྗོད་དང་སྒྲོ་འདོགས་སྣ་ཚོགས་བྱས་ཡོད་པ་རེད།

ད་ལོའི་དབྱར་དུས་སུ་རྒྱ་གཞུང་གིས་༼བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༠འཁོར་བའི་དགའ་སྟོན་༽ཟེར་བའི་དུས་སྟོན་བསྡུས་ཡོད་པ་མ་ཟད། ཞིང་འབྲོག་བོད་རིགས་ཚོར་བཅིངས་འགྲོལ་ཐོབ་པར་དགའ་སྤོབས་ཀྱིས་ཁེངས་ཤིང་འཚོ་བ་སྔར་ལས་ལྡབ་འགྱུར་གྱིས་གོང་མཐོར་སོང་བ་དང་བསྟུན། མི་མང་གིས་བདེ་སྐྱིད་དང་རང་དབང་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པའི་འུར་སྒྲོག་བྱེད་བཞིན་ཡོད་ཀྱང་།  ཕྱི་ལོ་༡༩༥༠ལོར་བཅིངས་འགྲོལ་དམག་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང༌། བོད་རིགས་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ཀྱི་སྲིད་བྱུས་མང་དུ་སྤེལ་དང་སྤེལ་བཞིན་པ་ཡིན་ཡང༌། བོད་རིགས་མི་མང་གིས་ད་དུང་ཡང་༧གོང་ས་མཆོག་ལ་དད་པ་དང་རང་ཉིད་བོད་རིགས་ཤིག་ཡིན་པའི་འདུ་ཤེས་དེ་ནམ་ཡང་འདོར་གྱི་མི་འདུག

འདས་པའི་ལོ་ངོ་དུ་མའི་ནང་དུ། རྒྱ་མི་རིགས་ཆེན་པོ་བོད་ནང་དུ་སིམ་འཛུལ་བྱེད་པའི་གནས་སྟངས་ཚབས་ཆེ་རུ་སོང་ཡོད་པར་བརྟེན། ས་གནས་ཀྱི་ལས་ཀ་ཡག་ཤོས་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཚང་མ་རྒྱ་རིགས་ཀྱིས་བཟུང་ཡོད་པ་དང༌། ཉེན་རྟོག་པ་ཚང་མ་རྒྱ་རིགས་དང་ལས་བྱེད་པ་མང་ཆེ་ཤོས་ཡང་རྒྱ་རིགས་ཡིན་པ་མ་ཟད། བོད་ཀྱི་ལས་རིགས་མཐོ་ཤོས་ཚང་མ་རྒྱ་རིགས་གུང་ཁྲན་ཏང་ཡོན་ཚོའི་སྟངས་འཛིན་ཁོ་ནའི་འོག་ཏུ་ཡོད་པ་དང་།  བོད་སྐད་ཡིག་སློབ་གཉེར་བྱེད་པའི་སློབ་གྲྭ་ཁག་ལའང་རྒྱ་ཡིག་སློབ་ཁྲིད་བྱེད་དགོས་པའི་སྲིད་བྱུས་གཏན་འབེབས་བྱས་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་དུ་གཏོང་བའི་ལྐོག་གཡོ་འཐེན་བཞིན་པའི་སྐོར་ལ་དཀར་མཛེས་ཁུལ་གྱི་དགེ་འདུན་པ་ཞིག་གིས་བརྗོད་རྒྱུར། གལ་སྲིད་ང་ཚོས་སོ་སོའི་སྐད་ཡིག་རིག་གཞུང་ལ་བདག་པོ་མ་བརྒྱབ་ན་བོད་ཀྱི་རིག་གཞུང་རྩ་མེད་དུ་འགྲོ་ངེས་རེད། དེའི་ཕྱིར་ང་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ཉེན་ཁ་ལས་སྐྱོབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང༌།

མི་ལོ་༦༠ལྷག་འདས་པའི་དེ་རིང་དཀར་མཛེས་ཀྱི་མཐོ་སྒང་ཧྲིལ་པོ་རྒྱ་དམག་གིས་བཟུང་ཞིང༌། དཀར་མཛེས་རང་སྐྱོང་ཁུལ་གྱི་ལྟེ་གནས་དར་རྩེ་མདོ་ལ་རྒྱ་མིང་དུ་༼ཁང་ཌེན༽་ཞེས་འབོད་ལ། དེའི་ནང་དོན་ནི་༼ཁམས་ཁུལ་བརྟན་འཇགས་༽ཞེས་པའི་དོན་ཡིན་པ་དང༌། ད་དུང་གཞུང་ལམ་གྱི་གཡས་གཡོན་དང་ཁྲོམ་སྲང་ཀུན་དུ་བོད་རིགས་མང་པོས་ཀློག་མི་ཤེས་པའི་རྒྱ་ཡིག་གི་སྦྱར་བྱང་༼དམག་དམངས་བློ་སེམས་གཅིག་ཡིན། མཉམ་དུ་དར་སྤེལ་གཏོང་དགོས། ༽ ཞེས་པ་དང༌། ཡང་ན་༼དར་དམར་མཁའ་ལ་ཁྱབ་དུས། རྩོལ་བའི་གྲུ་ཆུང་དེད་དེ། ཞི་བདེའི་སྤྱི་ཚོགས་མཉམ་བསྐྲུན། ༽སོགས་ལྟ་བུའི་སྲིད་གཞུང་གི་བསྒྲགས་གཏམ་སྣ་ཚོགས་ཀྱིས་ཁེངས་ཡོད་པ་དང༌། ང་འགྲོ་སའི་དགོན་པ་ཚང་མའི་ནང་དུ་མི་སེར་དཀྱུས་མའི་ལྭ་བ་གྱོན་པའི་དམག་མིས་ཁེངས་ཡོད་ལ། ཁོ་ཚོའི་སྲིད་གཞུང་གི་རྒྱབ་རྩ་ཡོད་པའི་ང་རྒྱལ་དང་གསང་བརྡ་རེ་རེས་དམག་མི་ཡིན་པ་གསལ་བོ་ཤེས་ཐུབ་ལ། འབྲེལ་བ་ཡོད་མེད་ཀྱི་གནས་ཚུལ་ཀུན་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་འདུག

༧གོང་ས་མཆོག་གི་དགོངས་བཞེས་ལྟར་བོད་རིགས་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་རྟེན་ནས་བོད་ཀྱི་བདེན་པ་རྩོད་ལེན་གནང་བཞིན་ཡོད་པའི་དབང་གིས་རྒྱལ་ཕྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་དང་རྒྱབ་སྐྱོར་ཤུགས་ཆེན་གནང་གིན་ཡོད་པ་རེད། ཡིན་ནའང༌། གཞིས་ལུས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནད་དོན་དེའི་ཐད་ངས་དཀར་མཛེས་ཁུལ་གྱི་དགེ་འདུན་པ་མང་པོར་གྲྭ་བཙུན་དེ་ཚོ་སྲོག་མི་གཅོད་པའི་དམ་བཅའ་དང་འགལ་བའི་རྒྱུ་མཚན་དྲིས་པ་ན།  ལོ་ན་༢༠ཙམ་ལ་སོན་པའི་གྲྭ་བ་ཞིག་གིས་ཁོ་ཚོས་རང་སྲོག་བཅད་པ་དེ་སོ་སོ་སྒེར་གྱི་ཆེད་དུ་མ་ཡིན་པར་བོད་མི་སྤྱི་ཡོངས་ཀྱི་ཆེད་དུ་ཡིན་པས། ངས་ཁོང་ཚོའི་སྤོབས་པ་ལ་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

ཁམས་རྟའུ་རྫོང་ནས་ནར་སོན་པའི་བོད་རྒྱ་འདྲིས་མའི་གཞུང་ཞབས་པ་ཞིག་དང་གླེལ་མོལ་བྱེད་སྐབས་ཁོང་གིས། བོད་རིགས་ཚོ་ཧ་ཅང་དབུལ་པོ་ཡིན་པས་སྲིད་གཞུང་གིས་ཁང་པ་དང་གཞུང་ལམ། ཆུ་གློག་སོགས་ཀྱི་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད་པ་རེད། ཡིན་ནའང༌། ཁོ་ཚོས་ད་དུང་དེ་ལས་མང་བའི་དགོས་འདུན་འདོན་གྱིན་འདུག  སྲིད་གཞུང་གིས་གསར་འཛུགས་བྱས་པའི་དཀར་མཛེས་ཁུལ་གྱི་ཁང་པ་དེ་ཚོའི་ནང་དུ་བོད་རིགས་འབྲོག་པ་ཚོ་སྡོད་མཁན་ཧ་ཅང་ཉུང་ཉུང་ཡིན་པས་ཁང་པ་མང་པོ་སྟོང་བར་ལུས་འདུག ཁང་པ་དེ་ཚོ་ཧ་ཅང་སྤུས་ལེགས་ཡིན་པས་དགུན་དུས་སུ་སྦྲ་ནག་ལས་དྲོད་ཁོལ་ཆེ་བ་ཡོད་པ་རེད། གལ་སྲིད་ང་ཚོས་བོད་ལ་རང་བཙན་སྤྲད་པ་ཡིན་ན་ཁོ་ཚོར་གོས་མེད་ལྟོ་དཀོན་གྱི་དཀའ་ངལ་ཆེན་པོ་འཕྲད་ངེས་རེད་ཅེས་དང༌།

ཡང་ཁོང་གིས་ངའི་གཅེན་མོ་ཡང་ཏཱ་ལའི་བླ་མ་དང་མཉམ་དུ་རྒྱ་གར་ལ་བྲོས་བྱོལ་དུ་སོང་བ་མ་ཟད། རུ་ཚོགས་དེའི་རྩ་འཛུགས་བྱེད་མཁན་ཞིག་ཀྱང་རེད་ཟེར་གྱི་འདུག་ཅེས་ལབ་ཀྱིན་སྐད་དང་གདོང་མདོག་ཀྱང་ཁྲོ་ཉམས་ཀྱིས་ཁེངས་བ་དང༌། ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར།   ཏཱ་ལའི་བླ་མ་ཤི་རྗེས་བོད་རིགས་དང་རྒྱ་ནག་བར་གྱི་རྙོག་གླེང་ཡོད་ཚོད་མཇུག་རྫོགས་བ་དང༌། བོད་རིགས་གཞོན་སྐྱེས་ཚོས་ཡང་དག་པའི་སློབ་གསོ་ཉམས་སུ་མྱོང་བཞིན་ཡོད་པས་རྙོང་འཛིང་སྣ་ཚོགས་སློང་གི་མ་རེད་ཅེས་བརྗོད་བྱུང་། ཡིན་ནའང་།  ངའི་མཐོང་ཚུལ་ནི་དེ་དང་རྦད་དེ་ལྡོག་པ་རེད།   ཉེ་ལམ་རང་ལུས་མེར་སྲེག་བཏང་བའི་བོད་རིགས་དེ་ཚོ་རྒྱ་ནག་གི་སློབ་གསོའི་འོག་འཚར་ལོང་བྱུང་བའི་ན་གཞོན་རྐྱང་རྐྱང་རེད། དེའི་ཐོག་ནས་རྒྱ་ནག་གི་ཆབ་སྲིད་འཁྲབ་སྟོན་ལ་ཕམ་ཁ་ཆེན་པོ་རག་ཡོད་པ་གསལ་བོ་བསྟན་ཡོད།

ང་ཉ་མཚོ་དགོན་པ་བརྒྱུད་ནས་འགྲོ་སྐབས་ས་རུབ་ཟིན་པས་དམག་མིའི་རླངས་འཁོར་དང་དྲག་ཆས་ཆ་ཚང་སྤྲས་པའི་དམག་མི་སོགས་མཐོང་རྒྱུ་མེད་ལ།  ཉ་མཚོ་དགོན་གྱི་མཐའ་འཁོར་ཡོད་ཚད་ཀྱང་གྱང་གིས་བསྐོར་ཏེ་ནག་འཐོམ་མེར་ཅི་ཡང་མཐོང་གི་མི་འདུག འོན་ཀྱང་། རྟའུ་སྲིད་གཞུང་གི་ལས་བྱེད་ཚོས་བརྗོད་པ་ལྟར་ན། དགོན་པའི་ནང་གི་དགེ་འདུན་པ་མང་པོ་སློབ་གསོའི་ལྟེ་གནས་ཁག་ཏུ་གནས་སྤོ་རུ་བཅུག་ཟིན་པ་དང༌། ཤུལ་དུ་ཡོད་མཁན་ཚོའི་ནང་ནས་འགའ་རེ་ལྟ་རྟོག་བྱེད་མཁན་ཡིན་ལུགས་བརྗོད་བྱུང༌།

རང་ལུས་མེར་སྲེག་བཏང་བའི་གྲྭ་བཙུན་གྱི་གྲངས་སོགས་མ་ཡིག་ལྟར་བཀོད་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༡༢༠༡༡༡༦༣༢
འབྲོག་མོ།
ཀློག་པོ་བཙན་པོའི་བུ་ཆུང་ལགས་ཀྱིས་རྩོམ་ཡིག་འདི་མ་ཡིག་དང་བསྡུར་ནས་བསམ་ཚུལ་གསུངས་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཕྲན་ནས་མ་འོངས་པར་ཆུ་ཚོད་གང་ཡོད་ཡོད་དང་། ཤེས་ཚོད་ལྕོགས་ཚོད་ཀྱིས་མ་ཡིག་དང་བར་ཐག་ཉེ་བོ་ཡོང་བར་འབད་བརྩོན་གནང་གི་ཡིན་ལ། མ་འོངས་པར་འདི་དང་འདི་ལྟ་བུའི་དགོངས་ཚུལ་ལྷུག་སྩོལ་གནང་བར་སྙིང་ནས་རེ། དངོས་མིང་ལ་པདྨ་མཚོ་ཟེར་བས།
1 ༡༩༢༠༡༡༢༢༣༠
ཉེ་སྔོན་ང་བཟའ་ཟླའི་མཉམ་དུ་སྨན་ཁང་ལ་བསྐྱོད་སྐབས་ཨ་རིའི་དུས་བབ་ཅེས་པའི་དུས་དེབ་དེ་མཐོང་བྱུང་བས་ངས་དུས་དེབ་དའི་དཀར་ཆག་ལ་བལྟ་སྐབས་དེའི་ནང་བོད་དོན་བཀོད་འདུག དེར་བརྟེན་སྨན་པས་རང་ཉིད་སྐད་མ་བཏང་བར་ཆེད་རྩོམ་དེ་ཀློག་གིན་བསྡད་པ་ཡིན། རྩོམ་ཡིག་དེ་རིང་པོ་འདུག་སྟབས་ཆ་ཚང་བཀླགས་མ་ཐུབ་པར་བརྟེན་྄ངས་དུས་དེབ་དེ་ཁྱིམ་དུ་ཁྱེར་ནས་བཀླགས་པ་ཡིན། རྩོམ་པ་པོ་དང་བརྗོད་བྱ་རྣམས་ཁྱེད་ཀྱིས་བ྄སྒྱུར་བ་དེ་དང་གཅིག་མཚུངས་ཡིན་ཀྱང་བསྒྱུར་དེ་ཙམ་ལེགས་པོ་མེད་ཁར་ནང་དོན་རེ་ཟུང་མ་ཡིག་དང་མ་མཐུན་པའང་འདུག་པའ་མ་འོངས་པར་དབྱིན་ཡིག་བོད་བསྱུར་གནང་སྐབས་ཐོག་མར་མ་ཡིག་གི་ནང་དོན་ཇི་བཞིན་གོ་རྟོགས་ཐུབ་པ་གནང་རྒྱུ་དེ་གལ་གནད་ཤིན་ཏུ་ཆེའོ།་



བརྗོད་གཞི་གཞན་ཁག་ལ་གཟིགས།