choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དགོན་པ་རེའི་ནང་ཉུང་མཐར་གསང་ཉུལ་བ་གཉིས་རེ་གཏོང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡༥ཉིན། ཟླ་བ་འདིའི་ཕྱི་ཚེས་༡༤ཉིན། རྒྱ་གཞུང་གིས་བོད་ཀྱི་གྲྭ་བཙུན་ཚོར་སྨན་བཅོས་འགན་སྲུང་དང་རྒན་གསོ་འགན་སྲུང་སོགས་འཚོ་བའི་མཐུན་རྐྱེན་གང་ལེགས་བསྐྲུན་པའི་ལས་འཆར་ཞིག་ལག་བསྟར་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག

རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའི་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  སྐབས་དེར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆན་ཀོ་ཡིས་བརྗོད་རྒྱུར། སྲིད་གཞུང་གིས་ཐུགས་ཁུར་ཆེར་བཞེས་ཀྱིས་བོད་ཤར་ཕྱོགས་ཁུལ་གྱི་དགོན་པ་ཁག་ལ་ཆུ་དང་གློག རླུང་བརྙན་འཕྲིན་སོགས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་ཡིན་པ་མ་ཟད། མི་སྒེར་ལ་སྨན་བཅོས་འགན་སྲུང་དང་རྒན་གསོ་འགན་སྲུང༌། འཚོ་སྣོན་སོགས་སྤྲོད་རྒྱུ་ཡིན། ལས་འཆར་དེའི་དམིགས་འབེན་གཙོ་བོ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ལ།  ཆགས་ས་རྟེན་ས་མེད་པའི་བོད་རིགས་གྲྭ་བཙུན་༥༠༠༠༠ལ་ཉེ་བར་ཁེ་ཕན་ཡང་བསྐྲུན་ཐུབ་ཀྱི་ཡོད་ཚུལ་བརྗོད་ཡོད་ཀྱང༌།   ལས་འཆར་དེས་མ་འོངས་པར་བོད་ཀྱི་དུས་དེབ་དང་རླུང་བརྙན་འཕྲིན་སོགས་བརྡ་འཕྲིན་གྱི་བརྒྱུད་ལམ་མང་པོར་སྟངས་འཛིན་བྱ་རྒྱུ་ཡིན་འདུག

གཞན་ཡང་རྒྱ་གཞུང་གིས་རྒྱུན་དུ་༧གོང་ས་མཆོག་ལ་གཞི་རྟེན་གང་ཡང་མེད་པའི་མཚན་སྨད་སྣ་ཚོགས་དང་རང་སྐྱོན་ཁས་ལེན་མི་བྱེད་པའི་ངན་གཤིས་མཁྲེགས་འཛིན་བྱེད་བཞིན་ཡོད་པ་ལྟར། ཐེངས་འདིར་ཁྲིན་ཆན་ཀོ་ཟེར་བ་དེས་ཀྱང་ཏཱ་ལའི་བླ་མས་རྒྱལ་ཁབ་ཁ་བྲལ་དུ་གཏོང་བའི་ལངས་ཕྱོགས་ལ་ད་དུང་ཡང་འགྱུར་བ་གཏན་ནས་སོང་མེད་ཅེས་འཁྱོག་བརྗོད་བྱས་ཡོད་འདུག

ཤིན་ཧྭ་གསར་ཁང་གིས་ཁ་གསབ་ཀྱི་ཚུལ་དུ། ལས་འཆར་དེས་འབྲོག་པའི་ཕྱུགས་ཟོག་རི་སྤྱང་གིས་གསོད་རྒྱུར་འགོག་སྲུང་དང་གཅན་གཟན་རི་དྭགས་ལ་སྲུང་སྐྱོབ་སོགས་བྱེད་པར་ཕན་ནུས་ཐོན་རྒྱུ་ཡིན་ཚུལ་བཀོད་ཡོད་ཀྱང༌། ཉེ་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གསར་ཁང་ལ་རང་ལུས་མེར་སྲེག་གི་དོན་རྐྱེན་གྱི་འབྱུང་རྩ་དེ་རྒྱ་གཞུང་གི་བཙན་གནོན་ཡིན་པ་གསལ་བོ་རེད་ཅེས་གསུངས་བ་ལྟར།   རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་བོད་རིགས་མི་མང་ལ་བཙན་གནོན་དང་མནར་གཅོད་བཏང་བའི་རྐྱེན་གྱིས་བོད་མི༡༡རང་ལུས་མེར་སྲེག་བཏང་ཡོད། དོན་རྐྱེན་དེའི་དབང་གིས་ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གི་དྲང་བདེན་དང་འདྲ་མཉམ་མ་ཡིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་མྱུར་ཏུ་ལེགས་བཅོས་གཏོང་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་པ་རེད།

རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ད་དུང་སྐབས་དེར་རྒྱ་གཞུང་གིས་ཉུང་མཐའ་ཡང་དགོན་པ་ཁག་༢༠ནང་དུ་གསང་ཉུལ་བ་གཉིས་རེ་ཆེད་གཏོང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང༌།  ཕྱི་ལོ་༡༩༨༩ལོ་ནས་བཟུང་རྒྱ་གཞུང་གིས་བོད་ནང་འཛམ་གླིང་ཐོག་ཆེས་གཞི་རྒྱ་ཆེ་བའི་ཆུ་མཛོད་ཁང་གསར་འཛུགས་བྱས་པ་སོགས་བོད་ཀྱི་ཁོར་ཡུག་ལ་བསམ་ཡུལ་འདས་པའི་གནོད་སྐྱོན་དང་གཏོར་བརླག་བྱས་ཡོད་པ་མ་ཟད། ཁྱིམ་མཚིས་རྒྱལ་ཁབ་བལ་པོ་དང་རྒྱ་གར་སོགས་ལ་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། དེ་བཞིན་ད་ལྟའི་བར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་༢༦༣ལྷག་གིས་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་ཀྱང༌། རྒྱ་གཞུང་གིས་མུ་མཐུད་ནས་བོད་ཀྱི་སྤྱི་ཚོགས་བརྟན་བརླིང་ཟེར་བའི་ཆབ་སྲིད་ཀྱི་ཞ་མོ་གྱོན་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་རྩ་མེད་དུ་གཏོང་བའི་ཧམ་སེམས་དེ་གཏན་ནས་མཚམས་འཇོག་བྱེད་ཀྱི་མེད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༩༢༠༡༡༢༢༥༥
རྒྱ་མིས་བོད་ཀྱི་གསེར་མོ་བའི་སྤྱི་ཚོགས་སུ་གསང་ཉུལ་གཏོང་བའི་གནས་ཚུལ་དེ་ནི་གསར་པ་གང་ཡང་མ་རེད། ལོ་རྒྱུས་ཐོག་ནས་རྒྱ་མིས་བོད་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱ་ཆེད་སེར་འབྲས་དགའ་གསུམ་ནང་གསང་ཉུལ་བ་བཏང་བར་གྲགས། དེ་ནི་གཙོ་ཆེར་སྐབས་དེར་བོད་ཀྱི་སྤྱི་ཚོགས་ད྄ང་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་སེར་མོ་བས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྟབས་རྒྱུ་མཚན་དེ་ལ་དམིགས་པ་ཞིག་ཡིན་པར་སེམས། དེ་བཞིན་དུ་ད་ལྟའི་ཆར་ཡང་བོད་ནང་རང་མི་རིགས་ཆེད་རང་སྲོག་བློས་གཏོང་གི་བློ་སྟོབས་ཡོད་མཁན་གཅོ་བོ་དེ་གསེར་མོ་བའི་གྲས་ཡིན་སྟབས་རྒྱ་མིས་དེ་ལྟར་བྱེད་པ་སྨོས་ཅི་དགོས། ཕྱོགས་གཞན་ཞིག་ནས་ལོ་རབས་བདུན་ཅུ་བརྒྱད་ཅུའི་ནས་བཟུང་རྒྱས་གསེར་མོ་བའི་སྡེར་གསང་ཉུལ་བཞག་ཡོད་པ་རེད།
1 ༡༦༢༠༡༡༡༧༠༤
ཕྱོགས་ཀུན་ནས་རྒྱ་མའི་བོག་ཐོག་ལ་འཛིན་པའི་སྲིད་ཇུས་དེ་དམ་དྲག་ཆེ་བཞིན་ཡོད་པར་མ་ཟད། དྲག་ལས་དང་ལྷག་པར་དུ་གསང་བའི་ཐབས་ཤེས་ཤིག་གི་ཐོག་ལས་ཉུལ་མ་བྱེད་པ་དང། ནང་ཁུལ་དུ་འཁྲུགས་འཛིང་ཤོར་བའི་ཀོ་སྐབས་དམ་འཛིན་ལ་བསྟེན་ནས་། ཁ་གཞན་ལ་འཁྱེར་བའི་ཐོག་ནས་འགལ་ཟླ་ཆེ་རུ་བཏང་བཞིན་ཡོད་། དེ་ལ་བརྟེན་ནས་བོད་ཀྱི་ནུས་ཤུགས་ཤུགས་ཆུང་དུ་བཏང་བའི་རྩ་དོན་ལ་ཉམས་ཆགས་གཏོང་གིན་ཡོད་པར་བོད་མི་ཞིག་ཡིན་པ་ཚངས་མས་ངོས་ཟིན་ཐོབ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།