choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་རྟའུ་རྫོང་དུ་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༨ཉིན། རེས་གཟའ་ཉི་མ་ཉིན། ཁམས་རྟའུ་རྫོང་དུ་བོད་རིགས་སེར་སྐྱ་༡༠༠༠༠ལྷག་འདུ་འཛོམས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་མཆོད་གནང་བའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ལ་མཆོད་འབུལ་སྨོན་ལམ་གསུང་འདོན་དང་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་པར་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

ཆབ་སྲིད་བཙོན་ཟུར་བློ་བཟང་སྦྱིན་པ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཁམས་བྲག་མགོ་དང་ལི་ཐང༌། གསེར་རྟ། དཀར་མཛེས་རྫོང་སོགས་ཀྱི་གྲྭ་བཙུན་༡༠༠༠ལྷག་དང་དེ་བཞིན་བོད་རིགས་མི་མང་བཅས་རྟའུ་རྫོང་དུ་འདུ་འཛོམས་ཀྱིས་རྒྱལ་གཅེས་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ལ་མྱ་ངན་དང་སྨོན་ལམ་མཆོད་འབུལ་གནང་ཡོད་འདུག

རྒྱ་གཞུང་གི་བཙན་གནོན་འོག ད་ལོའི་ཕྱི་ཟླ་༣ནས་བཟུང་ད་ལྟའི་བར་བོད་རིགས་སེར་སྐྱ་༡༡གིས་རང་ལུས་མེར་མཆོད་བཏང་ཡོད་པ་མ་ཟད། དེ་དག་ལས་མི་༦འདས་གྲོངས་སུ་གྱུར་བ་དང༌། མི་༥གར་ཡོད་ཅི་བྱུང་གི་གནས་ཚུལ་ཙམ་ཡང་གོ་ཐོས་བྱུང་མེད་ལ། དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནས་ཚུལ་སོགས་ཁོང་གིས་བོད་རང་དབང་སློབ་ཕྲུག་ཚོགས་པར་འགྲེལ་བརྗོད་གནང་རྒྱུར།

དགོན་པའི་ཉེ་འགྲམ་དུ་ཡོད་པའི་གློག་བརྙན་ཁང་གི་ནང་དུ་དམག་མི་༢༠༠༠ལྷག་གནས་སྡོད་ཀྱིས་དགོན་པ་དང་གྲོང་སྡེ་ཁག་གི་མཐའ་བསྐོར་ནས་གཡུལ་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་གནས་སྟངས་འགྲེལ་བརྗོད་གནང་ཡོད་ལ། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འཛམ་གླིང་གི་དབུ་ཁྲིད་ཚོས་ངེས་པར་དུ་བྱེད་ཐབས་སྣ་མང་སྤྱད་དེ་གཞིས་ལུས་བོད་མི་ཚོ་ཉེན་ཁ་ལས་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

མི་རིགས་ཀྱི་ཆེད་དུ་རང་ལུས་མེར་མཆོད་གནང་བའི་བོད་རིགས་ཚོས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་སྐད་འབོད་བྱས་རྗེས་རང་ལུས་ལ་མེ་སྤར་ནས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་མི་བྱེད་ཐབས་མེད་བྱུང་པར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་པ་མ་ཟད། རྒྱ་གཞུང་གི་སྲིད་བྱུས་དངོས་ཡོད་གནས་ལུགས་དང་འགལ་ཞིང་བྱམས་སྙིང་རྗེ་དང་བྲལ་བའི་རྐྱེན་གྱིས་གནད་དོན་དེ་དག་བྱུང་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།

དེ་སྔོན་གསར་འགོད་པས་རྟའུ་རྫོང་སྲིད་གཞུང་གི་མགོ་ཁྲིད་ཚོར་འབྲེལ་གཏུག་བྱས་ཡོད་ཀྱང་འགྲེལ་ལན་གང་ཡང་སྤྲད་མེད་པ་མ་ཟད། རྒྱལ་སྤྱིའི་གསར་ཁང་ཁག་ནས་ཁ་པར་བརྒྱུད་ནས་ཡུལ་མིར་འབྲེལ་བ་བྱས་ཡོད་ཀྱང༌། འདུ་འཛོམས་དང་རྒྱུན་ལྡན་མ་ཡིན་པའི་ལས་འགུལ་གང་ཡང་མཐོང་ཐོས་བྱུང་མེད་ཚུལ་འགྲེལ་བརྗོད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།