choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཡང་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༣ཉིན། ཟླ་འདིའི་ཕྱི་ཚེས་༣ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ལ། ཁམས་རྟའུ་བྲག་དཀར་ཆོས་གླིང་གི་བཙུན་མ་རང་ལོ་༣༤པ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་༣ཉིན། ཁམས་རྟའུ་རྫོང་བྲོ་ཆོ་གྲོང་ཚོ་ནས་ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ་རང་ལོ་ ༣༥ པ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས། རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་འཚོགས་ཏེ་གྲོལ་ལ་ཉེ་བའི་སྐབས་དང་བསྟུན་ནས། དང་ཐོག་སྣུམ་མཆོད་པ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་ནས་ངོ་རྒོལ་གནང་སའི་ས་ཆ་དེར། བཙུན་མ་རང་ཉིད་ཀྱི་སྐུ་ལུས་ལ་མེ་སྦར་ནས་མི་མང་གི་ཁྲོད་དུ། བོད་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་བྱེད་དགོས་ཟེར་བ་སོགས་ཀྱི་ཞི་རྒོལ་སྐད་འབོད་བྱས་ཡོད་པ་རེད།

མེ་འབར་ཤུགས་ཆེ་དྲགས་ནས་བཙུན་མ་དཔལ་ལྡན་ཆོས་མཚོ་འདས་གྲོངས་སུ་གྱུར་པ་དང་། ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་སྐུ་ཕུང་ཕྱིར་སློག་དགོས་ཞེས་དགོན་པར་བཙན་ཤེད་བྱས་ཡོད་རུང་། དེར་འཛོམས་ཡོད་པའི་མི་མང་གིས་སྐུ་ཕུང་རྟའུ་ཉ་མཚོ་དགོན་པའི་ནང་གདན་འདྲེན་ཞུས་འདུག ད་ལྟའི་སྐབས་རྟའུ་རྫོང་ཐོག་ཏུ་ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་མི་མང་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ད་དུང་ཕྱོགས་མཐའི་དགེ་འདུན་པ་དང་བཙུན་མ། མི་མང་བཅས་མང་ནས་ཉ་མཚོ་དགོན་གྱི་ཉེ་འགྲམ་དུ་འཛོམས་བཞིན་ཡོད་པ་མ་ཟད། ཉེན་རྟོག་པ་དང་མི་མང་དབར་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སང་ཉིན་ནི་ G20 འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམས་ཕྷ་རན་སི་ལ་འཛོམས་ཀྱི་ཡོད་རེད། དེའི་ཁོངས་སུ་ཤར་ཕྱོགས་ཀྱི་ཇག་དཔོན་དང་ལག་དམར་བ་ཆེན་པོ་ཧུའུ་ཅིན་ཐའོ་ཡང་ཡོང་གི་ཡོད་རེད།
ཏག་ཏག་ཉིན་གཅིག་གི་སྔ་རོལ་ཏེ་དེ་རིང་བོད་ཀྱི་ཆུ་ཚོད་༡༢ དང སྐར་༤༠དང་༥༠ ཐོག་ཏུ་དཔའ་མོ་བཙུན་མ་དཔལ་ལྡན་ཆོས་ཚོ་དམ་པ་དེ་ཉིད་ཀྱིས་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་མེ་ལྕེའི་གསར་བརྗེ་དེ་རྒྱུད་མཐུད་དེ་སྐུ་ལུས་མེར་མཆོད་ཕུལ་ནས་འདས་གྲོངས་སུ་གྱུར་བ་དེ་ནི། ཤར་ཕྱོགས་ཀྱི་ལག་དམར་བ་ཆེན་པོ་ཧུའུ་ཅིན་ཐའོ་ཡིས་སང་ཉིན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོ་ལ་ལེགས་སྐྱེས་དང་གསོལ་སྟོན་བཤམ་རྒྱུ་རེད། རེད་་་་་ཡོ་རོབ་གླིང་དུ་ཡོད་པའི་བོད་མི་ཡོད་དོ་ཅོག་ཕྷ་རན་སི་ལ་སོང་ནས་ཤར་ཕྱོགས་ཀྱི་ལག་དམར་བ་ཆེན་པོ་ཧུའུ་ཅིན་ཐའོ་བསད་ཐུབ་པ་བྱེད་དགོས། གལ་ཏེ་བསད་མ་ཐུབ་ནའང་ཤི་བ་ལས་ཀྱང་སྡུག་པ་ཞིག་ཅི་ནས་ཀྱང་བཟོ་ཐུབ་དགོས། རྒྱལ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཚང་མས་མགྱོགས་ནས་མྱུར་དུ་ཡོ་རོབ་གླིང་དུ་སོ་སོའི་བུ་སྲིང་དང། སྤུན་ཉེན། གྲོགས་ཕོ་མོ་སོགས་གང་ཡོད་ཚད་ལ་གློག་འཕྲིན་བརྒྱུད་དེ་ཕྷ་རན་སི་ལ་སོངས་ནས་ཧུའུ་ཅིན་ཐའོ་ངུ་དགོས་པ་བཟོ་དགོས་ཞེས་བསྐུལ་འདེད་གཏོང་དགོས། བདག་གིས་ནི་གསར་འགྱུར་འདི་མཐོང་མ་ཐག་ཏུ་ཕྷ་རན་སི་ལ་སྤུན་ཉེ་བུ་གཅིག་ཡོད་པ་དེ་ལ་གློག་འཕྲིན་བཏང་ཚར་བ་ཡིན། ཡར་ལོངས་ཤོག་བཙན་བྱོལ་བ་ཚོ། བོད་ནང་གི་དཔའ་བོ་དཔའ་དཔའ་མོ་རྣམས་ཀྱི་མེ་ལྕེའི་གསར་བརྗེ་དེ་ནམ་མཁའི་འཇའ་ཚོན་བཞིན་དུ་འབྲས་མེད་ཡལ་འཇུག་མི་རུང་། ཡར་ལོངས་ཤོག་འཛམ་གླིང་གང་སར་བཞུགས་པའི་བཙན་བྱོལ་བ་སྤུན་གྲོགས་ཚོ།



བརྗོད་གཞི་གཞན་ཁག་ལ་གཟིགས།