choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་རྒྱལ་གཅེས་ཆོས་ལུགས་མི་སྣ་སྐྱེད་སྲིང་བྱ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༢༠ ཉིན། རྒྱ་གཞུང་གིས་རྒྱ་སྒོར་ས་ཡ་༩༩ལྷག་གི་འགྲོ་སོང་བཏང་ནས་ལྷ་སའི་ཆུ་ཤུར་རྫོང་སྙེ་ཐང་ཤང་དུ་བོད་ལྗོངས་ནང་བསྟན་སློབ་གླིང་གསར་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་འདུག

མཛད་སྒོའི་ཐོག་གྲོང་ཁྱེར་ཁག་༧གྱི་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་དང་ཆོས་བརྒྱུད་ཁག་གི་འཐུས་མི། དེ་བཞིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་ཀྲུའུ་ཝེ་ཆིན། བོད་རང་སྐྱོང་ལྗོངས་ཆོས་ལུགས་ཁང་སོགས་ནས་མི་གྲངས་༦༠༠ལྷག་འདུ་འཛོམས་ཀྱིས་ནང་བསྟན་སློབ་གླིང་གསར་རྒྱག་གི་མཛད་སྒོ་ཚོགས་ཡོད་འདུག

སྐབས་དེར་ཀྲུའུ་ཝེ་ཆིན་གྱིས་སློབ་གླིང་འདི་ཕྱོགས་ཡོངས་ནས་ལེགས་པོ་ཡོང་བར་རྒྱལ་ཁབ་ཀྱི་སྲིད་ཇུས་གསར་བའི་འོག རྒྱལ་གཅེས་ཆོས་ལུགས་མི་སྣ་སྐྱེད་སྲིང་བྱེད་པར་འབད་བརྩོན་བྱེད་དགོས་ལ། བོད་བརྒྱུད་ནང་བསྟན་རྒྱུན་འཁྱོངས་ཀྱི་བྱ་བར་ལེགས་སྐྱེས་གང་ལེགས་ཕུལ་བའི་ཆེད་དུ་ན་གཞོན་དགེ་འདུན་པ་ཚོར་ཆོས་དང་ཆབ་སྲིད་ཀྱི་ཤེས་ཚད་མཐོ་རུ་གཏོང་དགོས་ཚུལ་སོགས་བརྗོད་འདུག

མཛད་སྒོའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུ་གཞོན་པ་ཧོ་ཕོང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་ནི་ ཏང་གི་ཆོས་ལུགས་བྱ་བའི་མིང་གཞིའི་བྱེད་ཕྱོགས་དང་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་བྱུས་རྒྱུན་འཁྱོངས། རྒྱ་ཆེའི་གྲྭ་བཙུན་གྱིས་ནང་ཆོས་སློབ་གཉེར་བྱེད་པའི་རེ་འདོད་སྐོང་བ། ཏཱ་ལའི་རུ་ཚོགས་ཀྱི་ངན་ཇུས་ནང་འཛུལ་བྱེད་པར་སྔོན་འགོག དེང་རབས་རང་བཞིན་གྱི་ཆོས་ལུགས་སློབ་གསོ་སྤེལ་བར་སྲུང་སྐྱོང་བྱེད་པ་སོགས་ལག་ལེན་མཐར་ཐུག་པ་ཡོང་པའི་ཆེད་དུ་ཡིན་ཞེས་བརྗོད་འདུག

ཕྱི་ལོ་༡༩༤༩ལོ་ནས་བཟུང་རྒྱ་གཞུང་གིས་བོད་ཁུལ་དུ་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་ཁྱོན་བོད་མི་ཡ་ས་༡ལྷག་མནར་གཅོད་དང་རྡུང་རྡེག་འོག་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། ཉེ་ལམ་བོད་རིགས་སེར་སྐྱ་༡༠ཡིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་ཀྱང༌། རྒྱ་གཞུང་གིས་བོད་རིགས་མང་ཚོགས་ཀྱི་འཚོ་བ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་གྱི་ཡོད་པ་སོགས་རྫུན་གཏམ་སྣ་ཚོགས་འུར་སྒྲོག་བྱེད་པ་ལས། ངོ་རྒོལ་རབ་དང་རིམ་པར་བྱུང་བཞིན་པ་བཙན་གནོན་དང་སྦ་གསང་ནན་པོ་བྱེད་ཀྱི་ཡོད་པ་རེད།

དཔེར་ན། ཟླ་འདིའི་ཕྱི་ཚེས་༢༦ཉིན་གྱི་ཞོགས་པར་བོད་ནང་གི་ཆུ་ཚོད་༤ཡས་མས་སུ་ཆབ་མདོ་རྫོང་གི་མངའ་ཁོངས་རྫ་རྒྱུད་ཀརྨ་ཤང་དུ་ཡོད་པའི་རྒྱ་གཞུང་གི་ལས་ཁུངས་ཤིག་གི་ཁང་པར་འབར་རྫས་གཡུག་ནས་གས་གཏོར་བྱུང་ཡོད་པ་མ་ཟད།  གྱང་ངོས་རྣམས་སུ་ཚོན་དམར་གྱིས་བོད་རང་བཙན་ཞེས་པའི་ཡིག་ཆེན་བྲིས་པ་དང་སྦྱར་ཡིག་མང་པོ་གཏོར་བ་ཡོད་པར་བརྟེན། ཉིན་དེ་རང་ལ་ཆབ་མདོ་རྫོང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཕོན་ཆེན་ཀརྨ་ཤང་དུ་འགྲེམས་འཇོག་བྱས་ནས་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་དོན་རྐྱེན་འདི་ཀརྨ་དགོན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཀརྨ་དགོན་གྱི་དགེ་འདུན་པ་རྣམས་ཕྱི་རུ་གཏོང་གི་མེད་པ་སོགས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང༌། རྒྱ་གཞུང་གི་གསར་ལམ་ཁག་ནས་གས་གཏོར་བྱུང་བའི་དོན་རྐྱེན་གྱི་སྐོར་ཟུར་ཙམ་ཡང་སྤེལ་མེད་པ་མ་ཟད། ས་གནས་མི་མང་ལའང་སྦ་གསང་བྱེད་ཀྱི་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

 

 

 

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།