choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ལྷ་ས་ནས་ཡང་བོད་མི་ཞིག་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༡༩ཉིན། བོད་ཀྱི་རྒྱལ་ས་ལྷ་ས་རུ་སྡེ་དགེ་རྫོགས་ཆེན་ནས་ཡིན་པ་སྟོབས་ལྡན་ལགས་འཛིན་བཟུང་བཀག་ཉར་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

དེ་ཡང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་བཏང་བའི་ནང་འཁོད་དོན།  ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྡེ་དགེ་རྫོགས་ཆེན་སྟོབས་ལྡན་ལགས་འཛིན་བཟུང་བྱས་པ་དང་། ཁོང་ནི་བཀའ་བློན་ཁྲི་ཟུར་སྐུ་གཤེགས་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ཚ་བོ་ཡིན་པ་དང། ལྷ་སར་གནས་སྡོད་སྐུ་གཤེགས་དམ་པ་དེའི་སྤུན་ཉེ་སྡེ་དགེ་རྫོགས་ཆེན་པ་ཁག་གཅིག་དང། ཕ་ཡུལ་གཅིག་པ་བཅས་མི་གྲངས་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱིས་བཀའ་བློན་ཁྲི་ཟུར་མཆོག་སྐུ་གཤེགས་ནས་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་བསྟུན། ཕྱི་ཚེས་ ༡༩ ཉིན་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གྲ་སྒྲིག་བྱས་ཏེ་འགོ་བཙུགས་མ་ཐག་ཉེན་རྟོག་པ་ཡོང་ནས་བཀག་སྡོམ་བྱས་པ་དང། རྫོགས་ཆེན་སྟོབས་ལྡན་ལགས་གོ་སྒྲིག་འགོ་གཙོ་ཡིན་གནས་ཀྱིས་འཛིན་བཟུང་བྱས་ཏེ་ད་བར་གང་དུ་ཁྲིད་མིན་ཤེས་རྟོགས་བྱུང་མི་འདུག བོད་ནང་རྒྱ་དམར་གྱི་དམ་དྲག་འོག་ནང་མི་གཉེན་ཉེ་འདས་གྲོངས་སུ་གྱུར་ནའང་བསྔོ་སྨོན་མཆོད་འབུལ་གྱི་འདུ་ཚོགས་ཙམ་ཡང་ཆོག་གི་མེད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།