choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་མདོ་ཁུལ་རྫ་རྒྱུད་ཀརྨ་ཤང་དུ་འབར་རྫས་བརྒྱབ་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༢༦ཉིན་གྱི་ཞོགས་པར་བོད་ནང་གི་ཆུ་ཚོད་༤ཡས་མས་སུ་ཆབ་མདོ་རྫོང་གི་མངའ་ཁོངས་རྫ་རྒྱུད་ཀརྨ་ཤང་དུ་ཡོད་པའི་རྒྱ་གཞུང་གི་ལས་ཁུངས་ཤིག་གི་ཁང་པར་འབར་རྫས་གཡུག་ནས་གས་གཏོར་བྱུང་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁང་པར་གས་གཏོར་བཏང་ཡོད་པ་མ་ཟད། གྱང་ངོས་རྣམས་སུ་ཚོན་དམར་གྱིས་བོད་རང་བཙན་ཞེས་པའི་ཡིག་ཆེན་བྲིས་པ་དང་སྦྱར་ཡིག་མང་པོ་གཏོར་བ་ཡོད་པར་བརྟེན། ཉིན་དེ་རང་ལ་ཆབ་མདོ་རྫོང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཕོན་ཆེན་ཀརྨ་ཤང་དུ་འགྲེམས་འཇོག་བྱས་ནས་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་དོན་རྐྱེན་འདི་ཀརྨ་དགོན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་ཀརྨ་དགོན་གྱི་དགེ་འདུན་པ་རྣམས་ཕྱི་རུ་གཏོང་གི་མེད་པ་སོགས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་གས་གཏོར་དོན་རྐྱེན་བཟོ་མཁན་དང་སྦྱར་ཡིག་གཏོར་མཁན་སུ་སོགས་ཡིན་ཤེས་རྟོགས་བྱུང་མེད་པས་རྒྱ་གཞུང་གིས་འདྲི་གཅོད་དང་འཚོལ་ཞིབ་བྱེད་བཞིན་པའི་སྒང་ཡིན་པ་དང་། སྟབས་ལེགས་པ་ཞིག་ལ། གས་གཏོར་དེ་ཞོགས་པའི་ཆུ་ཚོད་༤ཡས་མས་སུ་བྱུང་བའི་རྐྱེན་གྱིས་ཁྲོམ་གཞུང་དུ་མི་འགྲོ་འོང་བྱེད་མཁན་ཉུང་བ་དང་ལས་ཁོངས་ནང་མི་མེད་པ་སོགས་ཀྱིས་ཐེངས་འདིའི་དོན་རྐྱེན་ཁྲོད་མི་ཤི་རྨས་བྱུང་མི་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (9)
9 ༢༩༢༠༡༡༡༠༤༧
བསྟོད་བསྔགས་ཇི་སྙེད་ཅིག་གཏོང་འོས་འདུག་མོད། སོ་སོས་རང་དབང་ལུང་པ་རུ་བསྡད་ནས་ཅི་གང་ཞིག་མི་འཇོན་པར་སྐད་ཆ་སྙན་པོ་ཁོ་ན་བཤད་སྡོད་ན་གཞིས་ལུས་སྤུན་ཟླ་ཚོ་མཚོན་ཁ་སྐྱེལ་བའི་རྒྱུ་རུ་འགྱུར་མིན་ནམ་སྙམས་ཏེ་གང་ཡང་བརྗོད་ཕོད་པར་མི་འདུག ད་ནི་བསྔགས་བརྗོད་བྱེ་རྒྱུ་ཉུང་དུ་གཏོང་རྒྱུ་ཡིན།
གཞིས་སྡོད་སྤུན་ཟླ་ཚོ་ནི་བདག་ལྟ་བུ་གང་ཡང་མི་ཤེས་ཤིང་གང་ཡང་མི་འཇོན་པ་ཚོའི་བློ་གཏད་བཅོལ་ཡུལ་ཉག་གཅིག་དེ་ཡིན་པས་ཁྱེད་རྣམས་པའི་ཞི་རྒྱས་དབང་དྲག་གང་གནང་ཀྱང་རང་གི་ལུས་སྲོག་ལ་གཟབ་གཟབ་གནང་རོགས་ཞུ། ཁྱེད་རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་འགྲུབ་ཏེ་༸གོང་ས་མཆོག་ལས་ཞལ་མཇལ་གསུང་ཐོས་ཀྱི་ཉི་མ་མྱུར་དུ་འཆར་བ་སྨོན།
7 ༢༨༢༠༡༡༢༡༣༨
ལོངས་ཤོག་ཆོས་གསུམ་བོད་མི།། གཅིག་སྒྲིལ་ངང་ནས་ལོངས་ཤོག།
རྒྱལ་གཅེས་དཔའ་བོ་དཔའ་མོའི།། ཕུག་བསམ་བསྒྲུབ་པར་ལོངས་ཤོག།

ལོངས་ཤོག་བྱེས་བཞུགས་བོད་མི།། རྡོག་རྩ་གཅིག་ལ་བསྒྲིལ་ནས།།
འཛམ་གླིང་མི་མང་མདུན་དུ།། གུང་ཁྲན་རྫུན་རྐུབ་འདོན་དགོས།།

ལོངས་ཤོག་འཛམ་གླིང་མི་མང།། བདེན་པའི་རྒྱབ་ལ་ལོངས་ཤོག།
བོད་མིའི་ཆོས་དང་རིག་གཞུང་།། སྐྱོབས་པའི་ཆེད་དུ་ལོངས་ཤོག།
དཔའ་རྒོད་སྤུན་ཟླ་ཚོ་་་་་་་་་་་གཅིག་ནས་རྒྱ་བོད་ཀྱི་མི་སུ་ལའང་གནོད་སྐྱོན་མ་འབྱུང་བའི་ཡིད་གཟབ་གནང་རོགས། གཉིས་ནས་མི་དངོས་སུ་དོན་ནས་ཐལ་ཆེ་མི་རུང་འཐབ་རྩོད་དེ་ཡག་པོ་འདུག་རྒྱབ་སྐྱོར་ཡོད།
འཚེ་བ་ཡིན་མིན་དང་ཆོས་དང་མཐུན་མ་མཐུན་གྱི་སྐད་ཆ་དེ་གནས་སྐབས་མ་བཤད་ན་ལེགས། ཆོས་དང་འཇིག་རྟེན་གཉིས་མཉམ་དུ་སྒྲུབ་ཐུབ་མཁན་དེང་གི་དུས་སུ་དཀོན་པོ་རེད།
༄༅། །དགྲ་མགོ་རྡུང་བའི་དཔའ་བོ་ཞིག་ཐོན་འདུག
ཁྱེད་དགྲོ་བོའི་ལག་ཏུ་ནམ་ཡང་མ་ཚུད་པར་ཤོག
༄༅། །དགྲ་མགོ་རྡུང་བའི་དཔའ་བོ་ཞིག་ཐོན་འདུག
ཁྱེད་དགྲ་བོའི་ལག་ཏུ་ནམ་ཡང་ཚུད་པར་ཤོག
3 ༢༨༢༠༡༡༡༨༣༦
རྗེས་སུ་བཙན་རྒོལ་རྒྱལ་སྐྱོབས་ཀྱིས་ལས་སྐུལ་སྤེལ་སྐབས་གུང་ཁྲན་གཞུང་ནས་མ་ཤེས་པ་བྱ་གལ་ཆེ་བ་དང་། ལྷག་པར་རྒྱ་དམར་གཞུང་གིས་སྐྱོན་འདོགས་ཆེན་པོས་རང་ཉིད་སྲོག་ཁྲིམས་འོག་འགྲོ་མི་དགོས་པ་བྱ་རྒྱུ་དོན་ཆེན་ཞིག་ཏུ་མཐོང། ལས་སྐུལ་དེ་ལྟ་བུར་རྒྱབ་སྐྱོར་ཞུ་བཞིན་མཆིས་ལ་ཚང་མས་ཞུ་དགོས་པ་དང་ཞུ་ཆོག་པ་ཞིག་ཏུ་མཐོང་ངོ་།། །།
2 ༢༨༢༠༡༡༡༨༢༠
དུས་ཚོད་ཆས་ནས་ཡག་པོ་ཞིག་ལ་བྱ་སྤྱོད་སྤེལ་འདུག་ལ་དོན་རྐྱེན་དེས་མི་གཅིག་ཀྱང་འཆི་དམས་བྱུང་མེད་པ་མ་ཟད། ད་ལྟའི་ཆར་ལས་སྐུལ་སྤེལ་མི་གུང་ཁྲན་གཞུང་ནས་ཤེས་རྟོགས་མ་ཐུབ་པར་དགའ་སྤྲོ་དང་འབྲེལ། རྗེས་སུ་ཤེས་རྟོགས་མི་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་ཚང་མས་གནང་རོགས་ཞུ་རྒྱུ་ཡིན། རང་མི་རིགས་ཀྱི་རང་དབང་དང་རྒྱལ་སྤྱིས་དོ་སྣང་ཆེན་པོ་ཡོང་ཆེད་ལས་སྐུལ་དེ་ལྟ་བུ་སྤེལ་བར་རྒྱབ་སྐྱོར་ལོས་ཞུ།། །།
1 ༢༨༢༠༡༡༡༦༣༤
དངོས་གནས་ད་ཡག་པོ་བྱུང་འདུག་ཡིན་ནའང་ལས་འདི་ལྟ་བུ་དེ་རྒྱལ་བ་མཆོག་གིས་ཐུགས་འདུན་མ་ཡིན་ཀྱང་མི་རིགས་ཞིག་གིས་བདེན་དོན་ལ་ཐུགས་ཡོད་སྟབས་ཁྱེད་ལ་རྒྱབ་སྐྱོར་ཡོད་བོད་རྒྱལ་ལོ།



བརྗོད་གཞི་གཞན་ཁག་ལ་གཟིགས།