choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཀར་མཛེས་གྲྭ་པ་ཞིག་གིས་རང་ལུས་མེ་སྲེག་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༡ལོའི་ཟླ་༡༡པའི་ཚེས་༢༥ཉིན། དེ་རིང་ཁམས་དཀར་མཛེས་དགོན་པའི་དུས་གཏོར་འདུ་ཚོགས་ཐོག་དགེ་འདུན་པ་ཞིག་གིས་བོད་དོན་ཆེད་རང་ལུས་ལ་ས་སྣུམ་བཤོས་ཏེ་མེར་བསྒྲོན་ཡོད་འདུག

ད་ལྟ་རང་ཡོ་རོབ་བརྒྱུད་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན།  དེ་རིང་ཉིན་གུང་པེ་ཅིང་ཆུ་ཚོད་༡༢ཐོག་ཁམས་དཀར་མཛེས་དགོན་པའི་དུས་གཏོར་ཚོགས་བཞིན་པའི་སྐབས།  གློ་བུར་དུ་དགེ་འདུན་པ་ཞིག་གིས་རང་ལུས་ལ་ས་སྣུམ་བཤོས་ཏེ་མེ་སྦར་ཡོད་པ་དང་སྐབས་དེར་དམར་ལྷབ་ལྷུབ་གཡོ་བའི་མེ་ལྕེའི་འོག་ཏུ”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།  བོད་ལ་རང་དབང་དགོས།  མི་རིགས་འདྲ་མཉམ་དགོས།”  སོགས་ཀྱི་སྐད་འབོད་སྒྲོག་ཡོད་པ་དང༌། སྐབས་དེར་གྲྭ་བ་དང་ཡུལ་མི་མང་པོས་མེ་གསོད་ཐབས་བྱས་ཡོད་ཀྱང༌།   མེ་ཤུགས་ཆེན་འབར་ཡོད་སྟབས་མྱུར་སྐྱོབ་བྱེད་མ་ཐུབ་པར་ས་ལ་འགྱེལ་ཡོད་འདུག

དེ་མ་ཐག་གྲྭ་བ་འགའ་ཞིག་གི་སྨན་ཁང་དུ་བསྐྱལ་ཡོད་འདུག རྒྱ་ནག་གཞུང་གི་ཉེན་རྟོག་པས་དེ་མ་ཐག་དྲག་སྤྱོད་ཀྱིས་ཐབས་ལམ་ཐོག་མང་ཚོགས་ཀྱི་མགོ་གནོན་ཐབས་བྱེད་བཞིན་ཡོད་འདུག གྲྭ་བ་དེའི་མིང་དང་ལོ་ཚོད།  གྲོང་སྡེ་གང་དུ་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག

གསར་སྣོན། གྲྭ་བ་དེའི་མཚན་དངོས་ལ། ཟླ་བ་ཚེ་རིང་ཞུ་བ་དང༌། མིང་འདོགས་ལ། ཅིང་ཀོང་ཞུ་གི་ཡོད་འདུག འཁྲུངས་ཡུལ་ཏྲེ་ཧོར་དཀར་མཛེས་ཁུལ་དཀར་མཛེས་རྫོང༌། དཀར་མཛེས་གྲོང་བརྡལ་གྱི་ཁྲོན་པེ་ཤང༌། ཁག་རུ་ཁག་གཉིས་པ་དཀར་མཛེས་དགོན་ཞབས་ཁག་པ། ཕ་བདེ་ལེགས་དང་མ་སྒྲོན་མཚོ་གཉིས་ཀྱི་བུ་ཡིན་འདུག དཀར་མཛེས་དགོན་དུ་ཆོས་ཞུགས་གནང་རྗེས།་དཀར་མཛེས་དགོན་པ་ལ་ཁང་ཚན་བཅུ་ཡོད་པའི་ནང་ཚན། ཁྲོན་པེ་ཁང་ཚན་གྱི་གྲྭ་ཁོངས་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (10)
བོད་ཟླ། བོད་ཚེས། ལོ་གཅིག་ནང་གི་དམིགས་བསལ་མཛད་རིམ་འགའ་ཞིག་ཟུར་འདོན།
༡ ༤ ༧སྐྱབས་རྗེ་སྐུ་ཞབས་ཆོས་ལྡན་རིན་པོ་ཆེས་གཙོས་ལྷོ་པ་ཁམས་ཚན་འདུས་མང་ཡོངས་ནས། ཆབ་མདོ་ཁུལ་དུ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མ་བྱས་ན་བསྟན་པ་སྤྱིའི་ཞབས་འདྲེན་དུ་འགྱུར་ཚུལ་དང་། མཚམས་འཇོག་བྱས་ན་བསྟན་པ་སྤྱི་དང་ལྷག་པར་རྗེ་བླ་མའི་བསྟན་པ་ལ་ཞབས་འདེགས་སུ་འགྱུར་ངེས་སོགས་བཀའ་སློབ་ཟབ་ནན་བསྩལ་རྒྱུ།
༡ ༢༤ རིགས་གཅིག་རྐང་འཛིན་དང་རིག་གནས་བགྲོ་གླེང་སོགས་དབུ་འབྱེད་མཛད་སྒོ་དང་སྦྲགས་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དང་མཁན་ལས་ཟུར་སོགས་ཀྱིས་གཞུང་ཆེན་ལ་སློབ་སྦྱོང་གནང་ཕྱོགས་སྐོར་དང་། ཐོས་དོན་རྒྱུད་ལ་སྦྱར་ཚུལ་སོགས་ལས་བརྩམས་ཏེ་གྲྭ་མང་ཡོངས་ལ་བཀའ་སློབ་གནང་རྒྱུ།
༡ ༢༥ ཡིག་ཆ་ཞུ་དག་པ། དམིགས་བསལ་ཟུར་འཛུགས་རྣམས་ཀྱིས་ཡིག་ཆ་ཞུ་དག་དབུ་འཛུགས་གནང་རྒྱུ།
༢/༣ ༡༧/༦ ཉིན་གྲངས་༢༡་རིང་སྐད་བཟང་འདོན་བཟང་དང་། བཀའ་རམས་འཛིན་གྲྭ་དང་། རྟ་མགྲིན་བསྐང་གསོ་བ་རྣམས་ཀྱིས་ཞོགས་པ་ཆུ་ཚོད་༩་ནས་ཉིན་གུང་ཞལ་ལག་མ་གཏོང་བར་རྟ་སྦྱོང་ཚོགས་རྒྱུ་དང་། བོད་ཚེས་༧་ཉིན་ཆུ་ཚོད་༩་པའི་ཐོག་རྟ་སྦྱོང་གྲུབ་ཟིན་རྒྱུགས་ལེན་མཛད་རྒྱུ།
༣ ༢/༣ ཉིན་གཉིས་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་བསྒྲིགས་འོག་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་དང་པོ་ཚོགས་གནང་རྒྱུ།
༥ ༢/༡༤ ཉིན་གྲངས་༡༣་རིང་སྐད་བཟང་འདོན་བཟང་དང་། བཀའ་རམས་འཛིན་གྲྭ་དང་། རྟ་མགྲིན་བསྐང་གསོ་བ་རྣམས་ཀྱིས་ཞོགས་པ་ཆུ་ཚོད་༩་ནས་ཉིན་གུང་ཞལ་ལག་མ་གཏོང་བར་རྟ་སྦྱོང་ཚོགས་རྒྱུ་དང་། བོད་ཚེས་༡༤་ཉིན་ཆུ་ཚོད་༩་པའི་ཐོག་རྟ་སྦྱོང་གྲུབ་ཟིན་རྒྱུགས་ལེན་མཛད་རྒྱུ།
༦ ༡༤/༡༥ ཉིན་གཉིས་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་བསྒྲིགས་འོག་སྔགས་ཀྱི་བགྲོ་གླེང་ཐེངས་དང་པོ་ཚོགས་རྒྱུ་དང་། དགོང་མོར་གྲྭ་མང་དང་ལྷན་དུ་བགྲོ་གླེང་བ་མཁས་དབང་རྣམས་ཀྱིས་སྔགས་ཀྱི་དམ་བཅའ་ཆེན་མོ་ཚོགས་རྒྱུ།
༨ ༩/༡༠ ཉིན་གཉིས་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གིས་གོ་བསྒྲིགས་འོག་གཞུང་ཆེན་ལ་རིགས་གཅིག་རྐང་འཛིན་གནང་མཁན་རྣམས་ལ་རྒྱུགས་ལེན་དང་སྦྲགས་གནས་བབ་ལ་གཞིགས་ཏེ་ཕྱག་ཁྱེར་འབུལ་རྒྱུ།
༡༠/༡༡ ༡༧/༡༤ ཉིན་གྲངས་༢༧་རིང་སྐད་བཟང་འདོན་བཟང་དང་། བཀའ་རམས་འཛིན་གྲྭ་དང་། རྟ་མགྲིན་བསྐང་གསོ་བ་རྣམས་ཀྱིས་ཞོགས་པ་ཆུ་ཚོད་༩་ནས་ཉིན་གུང་ཞལ་ལག་མ་གཏོང་བར་རྟ་སྦྱོང་ཚོགས་རྒྱུ་དང་། བོད་ཟླ་༡༡་པའི་ཚེས་༡༥་ཉིན་ཆུ་ཚོད་༩་པའི་ཐོག་རྟ་སྦྱོང་གྲུབ་ཟིན་རྒྱུགས་ལེན་མཛད་རྒྱུ་བཅས་སོ། །

སེར་བྱེས་དགེ་བསྐོས་ནས་ཕྱི་ལོ་༢༠༡༢་ལོའི་བོད་ཟླ་༡་པོའི་ཚེས་༧་ཉིན་སྤེལ་བའི་གསལ་བསྒྲགས།
རྒྱ་དམར་ལ་ཞི་རྒོལ་རེད། རང་ཉིད་ལ་འཚེ་བ་རེད། ཤེས་བྱ་ཡོངས་རྫོགས་རིལ་རིལ་མ་རེད། གོ་བ་ལེན་མ་ཐུབ་ན་གཞན་ལ་དྲིས།
སྐབས་འགར་འཚེ་ལས་རེད་ཟེར་དགོས་མེད་བསྒྲུབས།།
སྐབས་རེ་ཞི་རྒོལ་མཚམས་འཇོག་གནང་རོགས་ཟེར།།
ཞི་ལས་འཚེ་ལས་འགལ་བ་ཡིན་ངེས་ན།།
ཁྱོད་ཀྱི་ཁ་ལ་དབྱུག་པ་སུ་ཡིས་ཞུས།།
གུང་ཁྲན་གཞུང་གིས་བཙན་གནོན་སྡུག་རྩུབ་འོག།།
རྒྱལ་གཅེས་དཔའ་བོས་ཆོས་དང་རང་དབང་ཆེད།།
གཞན་དོན་འཁུར་དུ་ཁྱེར་བའི་སྙིང་སྟོབས་ཀྱིས་།།
གཅེས་པའི་ལུས་སྲོག་དོར་བ་་ཆེད་ངོ་མཚར།།
དེ་ལྟ་ནའང་ཐབས་ལམ་གཞན་ཐོག་ནས།།
བཙན་རྒྱལ་གཞུང་ལ་ཞི་རྒོལ་གནང་བ་ལས།།
རྒྱལ་གཅེས་གཞོན་ནུའི་སྐུ་སྲོག་འགྲན་བྲལ་རྣམས།།
མ་འདོར་བོད་དོན་ཆེད་དུ་དེ་བས་མཁོ།། །།
རང་གི་ལུས་སྲོག་རྒྱལ་དོན་དུ་ཕུལ་བའི་དཔའ་བོ་དང་དཔའ་མོ་རྣམས་ལ་གུས་འདུད་དང་འབྲེལ། གཞིས་བཞུགས་སྤུན་ཟླ་རྣམས་པས་རང་ལུས་མེར་སྲེག་གི་ཞི་བའི་ངོ་རྒོལ་ལས་འགུལ་དེ་མཚམས་བཞག་རོགས་གནང་ཞེས་སེམས་གཏིང་ནས་རེ་སྐུལ་དང་གསོལ་འདེབས་ཞུ་རྒྱུ་ཡིན།
6 ༢༦༢༠༡༡༠༠༡༡
རྒྱལ་གཅེས་པ་ཟླ་བ་ཚེ་རིང་མཆོག་ལ་བསྔགས་བརྗོད་ཞུ། ཁྱེད་ལ་སྨན་བཅོས་གནང་རྒྱུར་འགོག་རྐྱེན་མེད་ན་ངེས་པར་སྨན་བཅོས་གནང་རོགས་ཞེས་སྙིང་དབུས་ནས་ཞུ་བཞིན་མཆིས། རྒྱུ་མཚན་ནི་གཞན་དོན་འཁུར་འཁྱེར་གྱི་རྒྱལ་གཅེས་དཔའ་བོ་གཅིག་ཙམ་མེད་པ་སོང་ན་ཡང་གྱོང་ཤིན་དུ་ནས་ཆེ་བས་སོ། རྒྱ་དམར་དབང་འཛིན་པ་བསད་ནས་འཆི་དགོས་ཞེས་བཤད་པ་ནི་གནས་ལུགས་མ་ཤེས་པའི་བརྟགས་རེད། ད་ལྟ་གུང་ཁྲན་གྱིས་བཙན་འོག་ཏུ་ཐབས་ཤེས་ཟད་ནས་རང་སྲོག་དོར་བར་གུང་ཁྲན་གཞུང་ནས་འཇིགས་སྐུལ་བ་རེད་ཅེས་རྒྱ་སྤྱིའི་མི་མང་མདུན་རྫུན་གཏམ་བསྒྲགས་ནས། བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཟིན་པ་མངོན་སུམ་ཡིན་ན། དབང་འཛིན་པ་བསད་ནས་སྐུ་སྲོག་དོར་ན་གུང་ཁྲན་གཞུང་ནས་བོད་མིར་འཇིགས་སྐུལ་བའི་ངན་ཁག་བྱེད་བདེར་འགྱུར་ངེས་པས་བོད་མི་ཚང་མས་ཐུགས་ངེས་གནང་རོགས་ཞེས་ལག་གཉིས་ཐབ་མོ་འབྱར་ནས་ཞུ་རྒྱུ་ཡིན།།
5 ༢༦༢༠༡༡༠༠༠༨
གངས་དཀར་ཆུང་ལགས ། དེ་འདྲ་བཤད་རྒྱུ་ཡོད་མ་རེད། ཁ་བརྡས་ག་རེ་བྱེད་ན་བྱེད་འཇུག དེ་ལས་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་ཆེད་དུ་ཁ་འདོན་དགེ་སྦྱོང་འདྲ་གྱིས། སྙན་རྩོམ་ཡག་པོ་འདྲ་འབྲི་ཤེས་ན་དཔའ་བོ་དཔའ་མོ་ཚོ་ལ་བསྟོད་རྩོམ་རེ་གཉིས་ཡིན་ན་ཕྲིས་དང་། ཁོང་ཚོའི་ལོ་རྒྱུས་དེ་མ་འོངས་པར་འཛམ་གླིང་གི་ལོ་རྒྱུས་ཀྱི་བང་མཛོད་ནང་དུ་གནས་ངེས།
4 ༢༥༢༠༡༡༢༠༤༨
མེ་ལྕེ་ཁྲོད་ཀྱི་དཔའ་རྒོད་དམ་པ།

མེ་ལྕེ་འདབ་མའི་གསེང་གི་འབོད་སྒྲ་བརྗིད་ལྡན།།
བདག་ལ་མཚོན་ན་སེམས་ངོགས་རྡོར་བརྐོས་གཟུཊ་རིས།།
མེ་དུ་ལང་ལོང་གསེང་གི་རྣམ་ཤེས་ཕྲ་མོ།།
བདག་ལ་མཚོན་ན་མཚམས་མེད་མིག་ཆུའི་ཕོ་ཉ།།

གོང་གསལ་ཤོ་ལོ་ཀ་དེ་དེ་སྔོན་བྲིས་པ་ལས་བླངས་པ་ཡིན།
གདུང་སེམས་མཉམ་བསྐྱེད་དང་གུས་འདུད་ཞུ། འཛིན་གྲྭ་བཅུ་གཅིག་པའི་སློབ་མ་ཞིག་གི་བརྗོད་དོན་བོད་ལ་ཡོད་པའི་བོད་པ་དེ་ཚོ་ཤི་ཐུབ་པ་དཔེ་ཡག་པོ་རེད། ཡིན་ན་ཡང་རང་ཤི་རྒྱག་པ་ལས་རྒྱ་མིའི་དཔོན་པོ་ཞིག་གསོད་ནས་ཤི་དགོས་རེད་ཟེར།
༄༅། །རྒྱལ་གཅེས་པ་ཟླ་བ་ཚེ་རིང་ལགས་ཀྱི་བསམ་དོན་འགྲུབ་པར་ཤོག བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་འབུལ་ཐུབ་པའི་སྙིང་སྟོབས་ཅན་དཔའ་བོ་ཁྱེད་ལྟ་བུ་ནི།
རྒྱལ་སྲས་བྱང་ཆུབ་སེམས་པ་རེད་མ་གཏོགས། གཞན་དོན་དུ་རང་ལུས་ག་ལ་གཏོང་ནུས། ཀྱེ་མ་བོད་འདི་དགྲ་བོའི་བཙན་འོག་ནས་མྱུར་ཐར་བར་ཤོག
དཀར་མཛེས་སུ་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་བྱས་ནས་ཆུ་ཚོ་དགུ་ཟིན་ད་དུང་ཁ་བརྡ་དྲ་བས་ཤེས་མི་འདུག བརྩེ་བའི་སྤུན་ཟླ་རྣམས་ཁ་བརྡ་དྲ་བའི་ཕྱོགས་རིས་དོགས་ཟོན་གྱིས།།



བརྗོད་གཞི་གཞན་ཁག་ལ་གཟིགས།