choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བདུན་གཅིག་གི་ནང་དུ་མི་༥ཡིས་རང་ལུས་མེར་སྲེག་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༧ཉིན། ཉེ་ ལམ་རྒྱ་གཞུང་གི་དྲག་གནོན་དང་ཉེས་མེད་བཙོན་འཇུག་གི་སྲིད་བྱུས་ལ་རྟེན་ནས་རྔ་བ་ཀིརྟི་དགོན་གཙོ་བོར་གྱུར་བའི་བོད་ས་ཧྲིལ་བོ་རུ་རང་ལུས་མེར་སྲེག་གཏོང་བའི་ཞི་བའི་ངོ་རྒོལ་ཞིག་རྒྱ་མཚོའི་རླབས་རིས་བཞིན་འཕྱོ་བཞིན་ཡོད་ལ། བདུན་ཕྲག་གཅིག་གི་དུས་ཚོད་ཐུང་ཐུང་དེའི་ནང་དུ་ལོ་ན་བཅུ་གྲངས་ལ་སོན་པའི་བོད་རིགས་༥ཡིས་རང་ལུས་མེར་སྲེག་བཏང་བ་སོགས་ཁྱོན་སྐྱ་སེར་༩ཡིས་མེར་སྲེག་བཏང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་རེད།

ཁོ་ཚོས་རང་སྲོག་བློས་གཏོང་གི་བྱེད་ཐབས་འདི་ལ་བརྟེན་ནས་འཛམ་གླིང་མི་མང་ལ་ད་ལྟའི་གཞིས་ལུས་བོད་མི་ཚོའི་དཀའ་སྡུག་ངོ་སྤྲོད་བྱས་ཡོད་པ་མ་ཟད། རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་རིགས་མི་མང་ལ་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་དད་པ་རང་དབང་སོགས་སྤྲོད་པའི་འབོད་སྐུལ་བྱས་ཡོད།

སྤྱིར་བཏང་རང་ལུས་མེར་སྲེག་གཏོང་བའི་བྱེད་ཐབས་དེ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་འཚེ་བ་མེད་པའི་ལྟ་གྲུབ་དང་རྒྱབ་འགལ་དུ་སོང་ཡོད་ལ། འཚེ་བའི་ལས་མི་བྱེད་པའི་དམ་བཅའ་དང་ཡང་འགལ་ཡོད་པས། ཕྱི་མི་མང་པོས་ཁོ་ཚོས་ཅིའི་ཕྱིར་རང་སྲོག་གཅོད་དགོས་པ་རེད་བསམ་པའི་དོགས་འདྲི་ཞིག་བྱེད་ཀྱི་ཡོད་པ་རེད།

དུས་རབས་ཉེར་གཅིག་པའི་ནང་དུ། རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་ནི་ཤིན་ཏུ་མཐོང་དཀོན་པོ་དང་མི་རྣམས་ཧང་སང་དགོས་པའི་གནད་དོན་ཞིག་ཡིན་ནའང༌། བོད་རྒྱུད་ནང་བསྟན་ལ་དད་པ་ཤིན་ཏུ་ཆེ་བའི་བོད་རིགས་ཚོར་མཚོན་ནས་བཤད་ན། མི་གཞན་ལ་གནོད་པ་བྱེད་རྒྱུ་ནི་ཤིན་ཏུ་མ་རུང་བ་ཞིག་ཡིན་པས། ཁོ་ཚོས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་གཏོང་དགོས་པའི་ཚད་དུ་སླེབས་ཡོད་ཀྱང་གཞན་ལ་གནོད་པ་མི་བྱེད་པའི་བྱ་སྤྱོད་འདི་ལ་ཀུན་གྱིས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་འོས་པ་ཞིག་རེད།

རང་ལོ་༣༠ལའང་སོན་མེད་པའི་གཞོན་སྐྱེས་དགེ་འདུན་པ་དེ་ཚོས་རང་ཉིད་ཀྱི་ལུས་སྲོག་བློས་བཏང་ནས་གཞིས་ལུས་བོད་རིགས་མི་མང་གི་དཀའ་སྡུག་རྣམས་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་བཞིན་ཡོད་པ་མ་ཟད། ཁོ་ཚོས་བློས་གཏོང་རེ་རེས་འགུལ་མེད་དུ་གནས་པའི་བོད་རིགས་མི་མང་ཡང་འཕག་འཚག་རྒྱག་པའི་སྐུལ་འདེད་རེ་གཏོང་བཞིན་ཡོད། གནད་དོན་འདི་དང་ཆོས་ལུགས་དད་པ་གཉིས་བར་འབྲེལ་བ་དམ་པོ་ཡོད། ཞི་བའི་ངོ་རྒོལ་སྤེལ་མཁན་ཚོས་རང་ལུས་མེར་སྲེག་གཏོང་སྐབས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་ནས་བོད་ལ་རང་དབང་དགོས། ཆོས་ལུགས་དད་པ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་ཡོད་པ་དང༌། འདི་ནི་ མི་སྒེར་ཞིག་གི་གནད་དོན་ཞིག་མིན་པར་སྤྱིར་ནང་པའི་བསྟན་པ་འཇིག་རྟེན་འདིར་གནས་ཐུབ་མིན་གྱི་གནད་འགག་གཅིག་གི་ཐོག་ཏུ་སླེབས་ཡོད་པ་རེད།

དོན་དངོས་ཐོག དགེ་འདུན་པས་རང་ལུས་མེར་སྲེག་བཏང་བ་བོད་པ་ཁོ་ནའི་ངོ་རྒོལ་བྱེད་ཐབས་ཤིག་མ་ཡིན་པར། སྔ་དུས་ཨེ་ཤེ་ཡའི་ལྷོ་ཤར་ཁུལ་གྱི་ནང་པའི་དགེ་འདུན་པའི་ངོ་རྒོལ་གྱི་སྐབས་སུའང་རང་ལུས་མེར་སྲེག་གཏོང་བའི་གནད་དོན་བྱུང་ཡོད་ལ། དེ་བཞིན་ཨ་རབ་དཔྱིད་དུས་གཞུང་རྒོལ་གྱི་ལས་འགུལ་ཁྲོད་དུའང་བྱུང་མྱོང་ཡོད་ཀྱང༌། རྒྱ་གར་གྱི་ལོ་རྒྱུས་ཁྲོད་མཐོང་དཀོན་པོ་ཆགས་ཡོད།

རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མཐོང་མ་ཐག་མྱུར་དུ་ཞི་རྒོལ་བ་དེ་བཙན་ཁྲིད་བྱས་ནས་ཡུན་རིང་གར་སོང་ཆ་མེད་དུ་བཏང་ནས་གང་ཐུབ་ཐུབ་ཀྱིས་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་གི་ངོ་གདོང་སྟོན་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང༌། བོད་ལ་དབང་བསྒྱུར་བྱས་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་བསླུ་བྲིད་དང་གཡོ་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་རིགས་མི་མང་གི་སེམས་པ་བསྒྱུར་ཐབས་བྱས་དང་བྱེད་བཞིན་ཡོད་ཀྱང༌། གཞིས་ལུས་བོད་མི་ཚོས་ད་དུང་བོད་མིའི་མངོན་འདོད་དེ་གཏན་ནས་འདོར་གྱི་མེད་ལ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བའི་ངོ་རྒོལ་རིམ་པར་བྱུང་ཡང་རྒྱ་གཞུང་གི་གསར་ལམ་ཁག་ནས་དེའི་སྐོར་གྱི་གནས་ཚུལ་གང་ཡང་སྤེལ་མེད།

ཡིན་ནའང༌། རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་གཙོ་བྱས་པའི་བོད་པ་བཙན་བྱོལ་བ་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དེ་ཚོར་རྗེས་དྲན་དང་མྱ་ངན་མཚོན་ཆེད་ཁོ་ཚོའི་སྐུ་པར་རྣམས་ཁྲོམ་སྲང་གང་སར་སྦྱར་བ་དང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་གྱི་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ལྟར་བོད་ནང་དུ་བྱུང་བའི་གནས་ཚུལ་རྣམས་ཤུགས་ཆེར་ཕྱིར་བསྒྲགས་བྱས་ནས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་ཐབས་བྱེད་ཀྱི་ཡོད་ལ། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཀྱང་རྒྱ་གཞུང་ལ་སྐྱོན་བརྗོད་དང་བོད་ནང་དམ་དྲག་བྱེད་བཞིན་པ་མྱུར་ཏུ་མཚམས་འཇོག་ཡོང་བའི་འབོད་སྐུལ་རིམ་པར་བྱེད་ཀྱི་ཡོད་པ་རེད།

བདུན་གཅིག་གི་ནང་དུ་མི་༥ཡིས་རང་ལུས་མེར་སྲེག་བཏང་བ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༧ཉིན། ཉེ་ལམ་རྒྱ་གཞུང་གི་དྲག་གནོན་དང་ཉེས་མེད་བཙོན་འཇུག་གི་སྲིད་བྱུས་ལ་རྟེན་ནས་ རྔ་བ་ཀིརྟི་དགོན་གཙོ་བོར་གྱུར་བའི་བོད་ས་ཧྲིལ་བོ་རུ་རང་ལུས་མེར་སྲེག་གཏོང་བའི་ཞི་བའི་ངོ་རྒོལ་ཞིག་རྒྱ་མཚོའི་རླབས་རིས་བཞིན་འཕྱོ་བཞིན་ཡོད་ལ། བདུན་ཕྲག་གཅིག་གི་དུས་ཚོད་ཐུང་ཐུང་དེའི་ནང་དུ་ལོ་ན་བཅུ་གྲངས་ལ་སོན་པའི་བོད་རིགས་༥ཡིས་ རང་ལུས་མེར་སྲེག་བཏང་བ་སོགས་ཁྱོན་སྐྱ་སེར་༩ཡིས་མེར་སྲེག་བཏང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་རེད།

ཁོ་ཚོས་རང་སྲོག་བློས་གཏོང་གི་བྱེད་ཐབས་འདི་ལ་བརྟེན་ནས་འཛམ་གླིང་མི་མང་ལ་ད་ལྟའི་གཞིས་ལུས་བོད་མི་ཚོའི་དཀའ་སྡུག་ངོ་སྤྲོད་བྱས་ཡོད་པ་མ་ཟད། རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་རིགས་མི་མང་ལ་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་དད་པ་རང་དབང་སོགས་སྤྲོད་པའི་འབོད་སྐུལ་བྱས་ཡོད།

སྤྱིར་བཏང་རང་ལུས་མེར་སྲེག་གཏོང་བའི་བྱེད་ཐབས་དེ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་འཚེ་བ་མེད་པའི་ལྟ་གྲུབ་དང་རྒྱབ་འགལ་དུ་སོང་ཡོད་ལ། འཚེ་བའི་ལས་མི་བྱེད་པའི་དམ་བཅའ་དང་ཡང་འགལ་ཡོད་པས། ཕྱི་མི་མང་པོས་ཁོ་ཚོས་ཅིའི་ཕྱིར་རང་སྲོག་གཅོད་དགོས་པ་རེད་བསམ་པའི་དོགས་འདྲི་ཞིག་བྱེད་ཀྱི་ཡོད་པ་རེད།

དུས་རབས་ཉེར་གཅིག་པའི་ནང་དུ། རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་ནི་ཤིན་ཏུ་མཐོང་དཀོན་པོ་དང་མི་རྣམས་ཧང་སང་དགོས་པའི་གནད་དོན་ཞིག་ཡིན་ནའང༌། བོད་རྒྱུད་ནང་བསྟན་ལ་དད་པ་ཤིན་ཏུ་ཆེ་བའི་བོད་རིགས་ཚོར་མཚོན་ནས་བཤད་ན། མི་གཞན་ལ་གནོད་པ་བྱེད་རྒྱུ་ནི་ཤིན་ཏུ་མ་རུང་བ་ཞིག་ཡིན་པས། ཁོ་ཚོས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་གཏོང་དགོས་པའི་ཚད་དུ་སླེབས་ཡོད་ཀྱང་གཞན་ལ་གནོད་པ་མི་བྱེད་པའི་བྱ་སྤྱོད་འདི་ལ་ཀུན་གྱིས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་འོས་པ་ཞིག་རེད།

རང་ལོ་༣༠ལའང་སོན་མེད་པའི་གཞོན་སྐྱེས་དགེ་འདུན་པ་དེ་ཚོས་རང་ཉིད་ཀྱི་ལུས་སྲོག་བློས་བཏང་ནས་གཞིས་ལུས་བོད་རིགས་མི་མང་གི་དཀའ་སྡུག་རྣམས་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་བཞིན་ཡོད་པ་མ་ཟད། ཁོ་ཚོས་བློས་གཏོང་རེ་རེས་འགུལ་མེད་དུ་གནས་པའི་བོད་རིགས་མི་མང་ཡང་འཕག་འཚག་རྒྱག་པའི་སྐུལ་འདེད་རེ་གཏོང་བཞིན་ཡོད། གནད་དོན་འདི་དང་ཆོས་ལུགས་དད་པ་གཉིས་བར་འབྲེལ་བ་དམ་པོ་ཡོད། ཞི་བའི་ངོ་རྒོལ་སྤེལ་མཁན་ཚོས་རང་ལུས་མེར་སྲེག་གཏོང་སྐབས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་ནས་བོད་ལ་རང་དབང་དགོས། ཆོས་ལུགས་དད་པ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་ཡོད་པ་དང༌། འདི་ནི་ མི་སྒེར་ཞིག་གི་གནད་དོན་ཞིག་མིན་པར་སྤྱིར་ནང་པའི་བསྟན་པ་འཇིག་རྟེན་འདིར་གནས་ཐུབ་མིན་གྱི་གནད་འགག་གཅིག་གི་ཐོག་ཏུ་སླེབས་ཡོད་པ་རེད།

དོན་དངོས་ཐོག དགེ་འདུན་པས་རང་ལུས་མེར་སྲེག་བཏང་བ་བོད་པ་ཁོ་ནའི་ངོ་རྒོལ་བྱེད་ཐབས་ཤིག་མ་ཡིན་པར། སྔ་དུས་ཨེ་ཤེ་ཡའི་ལྷོ་ཤར་ཁུལ་གྱི་ནང་པའི་དགེ་འདུན་པའི་ངོ་རྒོལ་གྱི་སྐབས་སུའང་རང་ལུས་མེར་སྲེག་གཏོང་བའི་གནད་དོན་བྱུང་ཡོད་ལ། དེ་བཞིན་ཨ་རབ་དཔྱིད་དུས་གཞུང་རྒོལ་གྱི་ལས་འགུལ་ཁྲོད་དུའང་བྱུང་མྱོང་ཡོད་ཀྱང༌། རྒྱ་གར་གྱི་ལོ་རྒྱུས་ཁྲོད་མཐོང་དཀོན་པོ་ཆགས་ཡོད།

རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མཐོང་མ་ཐག་མྱུར་དུ་ཞི་རྒོལ་བ་དེ་བཙན་ཁྲིད་བྱས་ནས་ཡུན་རིང་གར་སོང་ཆ་མེད་དུ་བཏང་ནས་གང་ཐུབ་ཐུབ་ཀྱིས་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་གི་ངོ་གདོང་སྟོན་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང༌། བོད་ལ་དབང་བསྒྱུར་བྱས་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་བསླུ་བྲིད་དང་གཡོ་ཐབས་སྣ་ཚོགས་ལ་བརྟེན་ནས་བོད་རིགས་མི་མང་གི་སེམས་པ་བསྒྱུར་ཐབས་བྱས་དང་བྱེད་བཞིན་ཡོད་ཀྱང༌། གཞིས་ལུས་བོད་མི་ཚོས་ད་དུང་བོད་མིའི་མངོན་འདོད་དེ་གཏན་ནས་འདོར་གྱི་མེད་ལ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བའི་ངོ་རྒོལ་རིམ་པར་བྱུང་ཡང་རྒྱ་གཞུང་གི་གསར་ལམ་ཁག་ནས་དེའི་སྐོར་གྱི་གནས་ཚུལ་གང་ཡང་སྤེལ་མེད།

ཡིན་ནའང༌། རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་གཙོ་བྱས་པའི་བོད་པ་བཙན་བྱོལ་བ་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དེ་ཚོར་རྗེས་དྲན་དང་མྱ་ངན་མཚོན་ཆེད་ཁོ་ཚོའི་སྐུ་པར་རྣམས་ཁྲོམ་སྲང་གང་སར་སྦྱར་བ་དང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་གྱི་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ལྟར་བོད་ནང་དུ་བྱུང་བའི་གནས་ཚུལ་རྣམས་ཤུགས་ཆེར་ཕྱིར་བསྒྲགས་བྱས་ནས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་ཐབས་བྱེད་ཀྱི་ཡོད་ལ། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཀྱང་རྒྱ་གཞུང་ལ་སྐྱོན་བརྗོད་དང་བོད་ནང་དམ་དྲག་བྱེད་བཞིན་པ་མྱུར་ཏུ་མཚམས་འཇོག་ཡོང་བའི་འབོད་སྐུལ་རིམ་པར་བྱེད་ཀྱི་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༨༢༠༡༡༢༢༥༢
གོང་དུ་བོད་ལ་སྐུ་ལུས་མེར་མཆོད་ཕུལ་བའི་སྐོར་བཀོད་འདུག་པའི་ནང་དུ་སྤྱིར་བཏང་རང་ལུས་མེར་སྲེག་གཏོང་བའི་བྱེད་ཐབས་དེ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་འཚེ་བ་མེད་པའི་ལྟ་གྲུབ་དང་འཚེ་བའི་ལས་མི་བྱེད་པའི་དམ་བཅའ་དང་འགལ་བར་བརྟེན་ཕྱི་མི་མང་པོས་ཁོ་ཚོས་ཅིའི་ཕྱིར་རང་སྲོག་གཅོད་པ་རེད་བསམ་པའི་དོགས་འདྲི་བྱེད་ཀྱི་ཡོད་རེད་ཅེས་འཁོད་འདུག་པར་དྲི་བ་༡༽གལ་ཏེ་བོད་དུ་སྐུ་ལུས་མེར་མཆོད་འབུལ་མཁན་ཁོང་རྣམས་ས་ཐོབ་ཀྱི་སྐྱེས་བུ་ཆེན་པོའི་སྤྱོད་པ་རླབས་པོ་ཆེ་མངའ་མཁན་དེ་འདྲ་ཁོ་ན་ཡིན་ན་གོང་ས་མཆོག་གི་ལྟ་བ་དང་དམ་བཅའ་ལ་འགལ་བ་གྱུར་ཡོད་དམ། ༢༽ ཕྱི་མི་མང་པོས་དོགས་འདྲི་བྱེད་ཀྱི་ཡོད་ན་ཕྱི་མིའི་དོགས་འདྲི་ལས་འདིར་ལྔ་དགོད་རོགས་གནང་། ༣༽ བོད་དུ་བོད་ཀྱི་བསྟན་སྲིད་གཉིས་ཀྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་པས་རྒྱ་གཞུང་གིས་ངོ་རྒོལ་བྱེད་མཁན་རྣམས་བཙོན་དུ་བཅུག་སྟེ་མི་ཡུལ་གྱི་དམྱལ་བའི་སྡུག་བསྔལ་རང་མྱོང་འཇུག་གི་ཡོད་རེད། བཙོན་དུ་སྡུག་བསྔལ་མྱང་དང་མྱོང་བཞིན་པའི་བོད་མི་ཚོའི་བྱེད་སྟངས་དེའང་གོང་ས་མཆོག་གི་ཐུགས་དགོངས་དང་འགལ་བ་ཡིན་ནམ།

བརྗོད་གཞི་གཞན་ཁག་ལ་གཟིགས།