choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སྤྱི་བདེ་ལས་ཁུངས་ཟེར་བའི་མདུན་དུ་བོད་དར་འཕྱར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༧ཉིན། གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་ཡོད་པའི་རྒྱ་ནག་གི་དབུས་སྤྱི་བདེ་ལས་ཁུངས་ཀྱི་མདུན་དུ་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་བོད་རང་དབང་དགོས་པའི་སྦྱར་ཡིག་མང་པོ་སྦྱར་འགྲེམས་བྱས་ཡོད་འདུག

སྤྱི་འཐུས་ཟུར་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན།  རེས་གཟའ་ཕུར་བུའི་ཉིན། གསེར་རྟ་རྫོང་དུ་ཡོད་པའི་རྒྱ་ནག་གི་དབུས་སྤྱི་བདེ་ལས་ཁུངས་ཟེར་བ་དེའི་མདུན་དུ་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཡོད་པ་མ་ཟད། བོད་རྒྱ་ཡིག་རིགས་གཉིས་ནང་ནས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་སོགས་ཀྱི་སྦྱར་ཡིག་སྣ་ཚོགས་སྦྱར་འགྲེམས་བྱས་ཡོད་འདུག ད་ལྟ་བར་བོད་མི་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་གསལ་པོ་མེད་ནའང་། རེས་གཟའ་ཕུར་བུའི་ཕྱི་དྲོ་ནས་བཟུང་རྒྱ་མིའི་དྲག་ཆས་དམག་མི་གསེར་རྟ་ རྫོང་དུ་འགྲེམས་འཇོག་བྱས་སྟེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།