choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ན་གཞོན་གཞས་པ་ཆོས་མགོན་འཛིན་བཟུང་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས༡༢ཉིན། འདི་ལོའི་ཟླ་༩ཚེས་༢༥ཉིན། རང་ལོ་༡༩ཙམ་ཡིན་པའི་ཁམས་འཇོ་མདའ་རྫོང་གི་ན་གཞོན་གཞས་པ་ཆོས་མགོན་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་གནས་ཚུལ་སྤེལ་ལྟར་ན། གཞས་པ་ཆོས་མགོན་ལགས་ནི་སྐྱེས་ཡུལ་ཁམས་འཇོ་མདའ་རྫོང་ཁོངས་ནས་ཡིན་ཞིང་། མང་ཚོགས་ནས་ཁོང་གིས་བཏང་བའི་གཞས་ལ་ཧ་ཅང་དགའ་མོས་བྱེད་བཞིན་ཡོད་པ་མ་ཟད།  ཡོངས་གྲགས་སུ་གཞས་པ་ཀུན་དགའ་ཆུང་བ་ཞེས་འབོད་སྲོལ་ཡང་ཡོད་འདུག  ན་གཞོན་གཞས་པ་ཆོས་མགོན་ལགས་ནི་ལོ་ན་ཤིན་ཏུ་ཆུང་ངུ་ཡིན་ནའང་ཁོང་གིས་བཏང་བའི་གླུ་གཞས་ཁག་ལ་མང་ཚོགས་ཁྲོད་དུ་ཧ་ཅང་དགའ་མོས་ཆེན་མོ་བྱེད་བཞིན་ཡོད་སྟབས། དེ་སྔ་ནས་ས་གནས་འབྲེལ་ཡོད་ཚན་པས་ཁོང་ལ་དོགས་གཞི་བྱ་ཡུལ་ཞིག་ཏུ་གྱུར་ཡོད་འདུག

ཉེ་དུས་ཁོང་ཁམས་ནས་ལྷ་ས་བརྒྱུད་གླུ་གཞས་འགྲན་ཚོགས་ཤིག་ཏུ་མགྲོན་འབོད་བྱུང་བ་ལྟར་རྒྱལ་ས་ལྷ་སར་འབྱོར་སྐབས་གློ་བུར་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པར་བརྟེན། འབྲེལ་ཡོད་ཚོས་ད་ལྟ་བར་རྩད་གཅོད་བྱས་ཀྱང་ཁོང་བཙོན་ཁང་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྤྱིར་ང་རང་གླུ་གཞས་ཉན་རྒྱུ་ཧ་ཅང་དགའ་བའི་དྲ་བའི་ནང་གླུ་གཞས་གསར་བ་ཐོན་ཚན་ཉན་གི་ཡོད་ ན་གཞོན་གླུ་བ་ཆོས་མགོན་ལགས་དེ་སྔོན་མི་ཤེས་ཀྱང་ད་ལོ་ཀུན་དགའ་ཆུང་བ་ཞེས་བ་ཞིག་ཐོན་འདུག་ལ་ངག་གི་འགྱུར་ཁུག་ནི་ཧ་ལས་པའི་རྙན་པོ་ཞིག་འདུག་ ཟླ་གཅིག་སྔོན་ཙམ་ལ་ཁོང་འཛིན་བཟུང་བྱས་རབས་འདུག་པས་བདེན་ནམ་ ད་ལྟ་ཁོང་བློད་གྲོལ་ཐོབ་ཡོད་དམ། ཉིན་ཤས་གོང་གསར་འགྱུར་ཞིག་ལ་ཁོང་འཛིན་བྱས་མེད་རབ་བཤད་ ད་ལྟ་ཁོང་གི་གནས་ཚུལ་ཤེས་མཁན་ཡོད་ན་དྲ་ཚིག་ཁག་དུ་སྤེལ་གནང་ཡོད་པ་།ཞུ།།

བརྗོད་གཞི་གཞན་ཁག་ལ་གཟིགས།