choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བློ་བཟང་བརྩོན་འགྲུས་ལགས་ཆུ་ཤུལ་བཙོན་ཁང་དུ་བསྐྱལ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༧ཉིན། རྒྱ་གཞུང་གིས་འབྲས་སྤུངས་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་སུ་ཁྲིམས་ཆད་ལོ་༡༠བཏང་སྟེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བསྐྱལ་ཡོད་འདུག་ཅིང་ཁོང་ནི་ཡུལ་ཤུལ་སྐྱེ་རྒུ་མདོ་འབྲུ་རྟ་ཤང་སྒེར་ར་གྲོང་ཚོ་ནས་ཡིན་འདུག

དེ་རིང་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་འོག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་པའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་སུ་ལྷ་སའི་འབྲེལ་ཡོད་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༡༠ ཁྲིམས་ཆད་བཏང་སྟེ་ད་ལྟ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་ཡུལ་ཤུལ་སྐྱེ་རྒུ་མདོ་འབྲུ་རྟ་ཤང་སྒེར་ར་གྲོང་ཞེས་པར་ཕ་བློ་བཟང་ཤེས་རབ་དང་།  མ་སྒྲོལ་དཀར་ཚེ་མཚོ་གཉིས་སུ་སྐྱེས་ཞིང་། ཆུང་དུས་ས་གནས་དེ་གའི་ཁོངས་ཀྱི་ར་ཉག་དགོན་པར་ཆོས་ཞུགས་བྱས་རྗེས་རིམ་པས་བོད་དབུས་ཁུལ་འབྲས་སྤུངས་དགོན་དུ་ཆོས་ཞུགས་གནང་།  ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ལ་ཡོང་སྟེ་འབྲས་སྤུངས་དགོན་པར་སློབ་གཉེར་གནང་སྟེ་ཕྱིར་ལོག་གནང་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་བྱུང་བའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་ངོ་རྒོལ་གནང་བའི་ལས་འགུལ་ནང་མཉམ་ཞུགས་གནང་བའི་ཉེས་མིང་སོགས་ལས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བྱས་ཏེ་ལྷ་སའི་བྱང་ཕྱོགས་གསང་ཡིབ་ཀྲེ་ཏུད་ལྔ་པའི་བཙོན་ཁང་གི་མདུན་ངོས་སུ་ཡོད་པའི་ལྷ་ས་གྲོང་ཁྱེར་བདེ་སྲུང་ཚན་པའི་བཀག་ཉར་ཁང་ནང་བཀག་ཉར་བྱེད་རིང་ཁོང་ལ་ཚད་ལས་འདས་པའི་ཉེས་རྡུང་བཏང་སྟེ་སྐབས་འགར་ཁའི་ནང་ནས་ཁྲག་སྐྱུག་པ་སོགས་བཙོན་ཁང་དེར་ཁོང་དང་མཉམ་དུ་སྡོད་མཁན་བཙོན་གྲོགས་ཁག་གཅིག་གིས་མིག་མཐོང་ལག་ཟིན་བྱུང་འདུག

ཁོང་གིས་མུ་མཐུད་ལངས་ཕྱོགས་བརྟན་པོར་བཟུང་སྟེ་འདྲི་གཅོད་བྱེད་མཁན་ཚོར་འཛམ་གླིང་ལ་ཕན་ཐོགས་ཐུབ་པའི་ནང་ཆོས་ཉམས་ལེན་བྱ་རྒྱུ་ཡོད་ནའང་། དེར་ཉམས་ལེན་བྱེད་མཁན་ཚོར་ཉམས་ལེན་ཚུལ་བཞིན་བྱེད་བཅུག་གི་མེད་པ་སོགས་གནས་ཚུལ་མང་པོ་ཞིག་འཛེམས་ཟོན་མེད་པར་ཐད་ཀར་རྩོད་གླེང་གནང་བར་བརྟེན། རྒྱ་གཞུང་གི་མི་སྣ་དེ་དག་གིས་ཁོང་ལ་ཉེས་རྡུང་ཚབས་ཆེ་བཏང་སྟེ་ལུས་པོ་ནད་གཅོང་དུ་གྱུར་ནས་དེང་སྐབས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ཡོད་མུས་ཡིན་པའི་གནས་ཚུལ་ཐོན་འདུག

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།