choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྔ་བ་རྫོང་གི་མི་སྐྱ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༧ཉིན། དེ་རིང་རྔ་བ་རྫོང་ནས་ཡང་བསྐྱར་བོད་རིགས་མི་སྐྱ་ཆོས་འཕེལ་དང་མཁའ་དབྱངས་ཟེར་བ་གཉིས་ནས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་ཡོད་འདུག

ད་ལྟ་རང་གནས་ཚུལ་འབྱོར་དོན།  དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༡།༣༠ ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་རང་ལོ་ ༡༩ ཡིན་པའི་བུ་ཆོས་འཕེལ། མཐའ་བ་གོང་མའི་གསོང་པོ་ཚང་གི་སྐལ་བཟང་གི་བུ་རང་ལོ་ ༡༨ ཡིན་པ་མཁའ་དབྱིངས་༼ཁག་ཅིག་གིས་བཤད་ན་ཁོང་གི་མིང་ལ་ལྷུང་ཡངས་རེད་ཟེར༽གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྦར་ཞིང་ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་གནང་ཡོད་འདུག

སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་ཁོང་གཉིས་ཀྱི་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་མང་སྨན་ཁང་དུ་ཁྱེར་ཡོད་པ་དང་། ཉེན་རྟོག་པ་རྣམས་ཀྱིས་ཡར་སྨན་ཁང་ནང་ལ་ཁྲིད་ནས་འགྲོ་སྐབས་མཁའ་དབྱངས་ཀྱིས་ཁུ་ཚུར་གནམ་ལ་འཕྱར་ནས་འབོད་སྒྲ་སྒྲོག་བཞིན་ཡོད་ཀྱང་འབོད་ཚིག་གསལ་པོ་གོ་མེད་འདུག འཇུག་རིས་ཚང་གི་བུ་ཆོས་འཕེལ་དངོས་སུ་མཐོང་མཁན་མང་པོས་ཞིག་གིས་གསུངས་པ༌ལྟར་བོད་ནང་གི་དུས་ཚོད་ ༡༢ ཡས་མས་སུ་གྲོངས་ཚར་ཡོད་པའི་གནས་ཚུལ་འབྱོར་ཡོད་ཅིང་། ཁོང་གཉིས་ཀ་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང་རྗེས་སུ་གྲྭ་ལོགས་བྱས་ཡོད་འདུག

སྐལ་བཟང་གི་བུ་མཁའ་དབྱངས་ནི་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་དམར་གསོད་བྱས་པའི་མཐའ་བ་གོང་མའི་རྩེ་ཕྲུག་ཚང་གི་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ཀྱི་ཚ་བོ་ཡིན་འདུག དེང་སྐབས་རྔ་པ་རྫོང་ལ་དམ་དྲགས་ཤུགས་ཆེ་ཡོད་མུས་ཐོག་སྔར་བས་དམ་དྲགས་ཤུགས་རུ་སོང་ཡོད་པ་དང་། དམག་མི་གང་སར་འགྲེམས་འཇོག་བྱས་ཡོད་འདུག་ལ། མི་མང་སྐྱོ་གདུང་དྲག་པོས་གཟིར་ཞིང་ཚོར་བ་རབ་ཏུ་འབར་གྱིན་ཡོད་པས་ཆེས་ཛ་དྲག་དང་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་བཞིན་ཡོད་འདུག

གནས་ཚུལ་གཏོང་བ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ནས
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།