choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གསེར་རྟ་རྫོང་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༢ཉིན། ཟླ་འདིའི་ཕྱི་ཚེས་༡ཉིན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྐབས་དང་བསྟུན་ནས་གསེར་རྟ་རྫོང་ཐོག་ཏུ་བོད་མི་གསུམ་གྱིས་ཁང་རྩེག་བཞི་ཐོག་ཞིག་ཏུ་བོད་ཀྱི་རྒྱལ་དར་དང་། ༧གོང་ས་མཆོག་གི་སྐུ་པར་བཤམས་ནས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ཟླ་༡༠པའི་ཚེས་༡ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢ཐོག གསེར་རྟ་རྫོང་ཐོག་ཏུ་བོད་མི་གསུམ་གྱིས་ཁང་པ་བཞི་ཐོག་ཞིག་གི་སྟེང་དུ་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་བཤམས་ཡོད་པ་མ་ཟད། བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ཆོས་དད་རང་དབང་དགོས་ཟེར་བ་སོགས་ཀྱི་སྐད་འབོད་དང་སྦྱར་ཡིག་མང་པོ་གཏོར་ནས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱེད་པའི་སྐབས་སུ། སྲིང་ལམ་གཡས་གཡོན་གྱི་བོད་མི་མང་པོ་མཉམ་ཞུགས་ཀྱིས་སྐར་མ་བཅོ་ལྔ་ལྷག་ཙམ་གྱི་རིང་ངོ་རྒོལ་སྐད་འབོད་བྱས་རྗེས། དྲག་ཆས་ཉེན་རྟོག་པ་ཉི་ཤུ་སུམ་ཅུ་ཞིག་སླེབས་ནས་ཁོང་ཚོ་འཛིན་བཟུང་བྱེད་རྩིས་བྱས་ཡོད་ཀྱང་མི་མང་གི་རོགས་འདེགས་འོག་སྐད་འབོད་བྱེད་མཁན་ཚོ་འཛིན་བཟུང་བྱེད་ཐུབ་མེད་ཀྱང་། ད་ལྟའི་ཆར་ངོ་རྒོལ་བྱེད་མཁན་སུ་ཡིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ལ།  ད་ལྟ་རྒྱ་གཞུང་གིས་གསེར་རྟ་རྫོང་དུ་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། ངོ་རྒོལ་བྱེད་མཁན་དང་ཁོང་ཚོའི་རྒྱབ་སྐྱོར་མཁན་སོགས་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

གཞན་ཡང་ཕྱི་ཟླ་༩པའི་ཚེས་༢༦ཉིན། གསེར་རྟ་རྫོང་ཁོངས་ཀྱི་ས་ཁུལ་ཁག་གསུམ་དུ་བོད་དོན་སྐོར་གྱི་སྦྱར་ཡིག་མང་པོ་གཏོར་ཡོད་པ་དང་། སྦྱར་ཡིག་གི་ནང་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་པའི་སྐོར་སོགས་བཀོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།