དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱལ་མཚན་ནོར་བུར་རྣམ་འགྱུར་ཡག་པོ་སྟོན་དགོས་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༨ཚེས་༡༢ཉིན། རྒྱ་ནག་གཞུང་གིས་རྒྱ་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་དེ་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དགོན་པར་འཁྲིད་ཡོང་རྒྱུ་ཡིན་སྟབས། དགོན་པའི་དགེ་འདུན་པ་དང༌། ལས་བྱེད། སློབ་མ། ས་གནས་མི་མང་བཅས་ཀྱིས། བསུ་བའི་རྣམ་འགྱུར་ཡག་པོ་མ་སྟོན་ཚེ། ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག པཎ་ཅེན་རྒྱལ་མཚན་ནོར་བུ་ཟེར་བ་དེ་ཟླ་འདིའི་ཚེས་༡༡ཉིན་བླ་བྲང་དགོན་པའི་ནང་འཁྲིད་ཡོང་རྒྱུར་ཁ་གཡར་ནས། རྒྱ་ནག་གཞུང་གིས་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དགོན་པ་དང་ས་གནས་སུ་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་པ་དང༌།

ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁྱབ་བསྒྲགས་བྱས་པ་དང༌། ཟླ་གཅིག་ཙམ་རིང་གྲ་སྒྲིག་བྱས་པ་ལྟར། དགོན་པའི་དགེ་འདུན་པ་དང༌། ལས་བྱེད། སློབ་མ། ས་གནས་བོད་མི་ཚང་མས་མཉམ་འབྲེལ་ཐོག་ཕེབས་བསུ་ཟབ་རྒྱས་བྱེད་དགོས་པ་དང༌། གལ་སྲིད་སྐབས་དེ་སུ་ཞིག་གིས་མི་དགའ་བའི་རྣམ་འགྱུར་སྟོན་ཚེ་གོང་རིམ་ནས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཞེས་བཙན་བཀའ་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་ད་ཆ་བླ་བྲང་བཀྲིས་འཁྱིལ་དགོན་པར་དམག་མི་འབོར་ཆེན་བཀྲམས་ནས་དམ་དྲག་བྱེད་བཞིན་ཡོད་སྟབས། གནས་ཚུལ་དེའི་ཐད་བླ་བྲང་དགོན་པའི་དགེ་འདུན་པ་དང༌། ས་གནས་བོད་མི་ཚོར་མི་འདོད་པའི་བསམ་ཚུལ་འདྲ་ཡོང་གིན་ཡོད་འདུག་ལ། མ་ཚད་མི་མང་གིས་རྒྱ་གཞུང་གིས་བྱེད་སྟངས་དེར་ངོ་རྒོལ་གྱི་སྦྱར་ཡིག་གང་སར་བཀྲམས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་སྔོན་རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་དེ་མདོ་སྨད་བླ་བྲང་དགོན་པར་འཁྲིད་འཆར་བྱས་ཀྱང༌། གློ་བུར་ཕྱིར་འཐེན་བྱས་ནས་ཟླ་འདིའི་ ༡༡ ཉིན་འཁྲིད་རྒྱུར་དུས་ཚོད་གཏན་ཁེལ་བྱས་པ་ཞིག་རེད་འདུག  རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་དེ། ཐེངས་འདིར་བླ་བྲང་བཀྲ་ཤིས་འཁྱིལ་གཙོས་གྲོང་ཁྱེར་དང༌། ཀླུ་ཆུ་རྫོང༌། རྨ་ཆུ་རྫོང་སོགས་སུ་འགྲོ་འཆར་ཡོད་འདུག་ལ། ཐེངས་འདིར་ཁོང་མདོ་སྨད་བླ་བྲང་དུ་ཡོང་ཐེངས་གཉིས་པ་ཆགས་ཀྱི་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དྲ་གྲོགས་ཚོ་ ངའི་གོ་མཐོས་ལྟར་ན་རྒྱལ་དབང་ཀ་རྨ་པའི་བླ་བྲང་འགྱུར་བ་ཆེན་པོ་ཐེབ་རྒྱུ་ཡིན་ཚོད་འདུག་པའི་ཡག་ཉེས་བཟང་དུ་འགྲོ་གི་རེད་དམ་ད་དུང་གནས་ཐང་ཉག་འཕྲ་རུ་འགྲོ་སྲེད་དམ་དགོང་ཚུལ་རེ་གསུང་དང་ གལ་སྲེད་བླ་བྲང་ལས་སྣེ་རྣམས་ནས་དྲ་ཚིག་ལ་བལྟ་གི་ཡོད་ན་ཁྱེད་རྣམས་ལ་ཐབས་བྱུས་ལེགས་པ་འདྲ་ཡོད་དམ་



བརྗོད་གཞི་གཞན་ཁག་ལ་གཟིགས།