ལི་ཐང་རྫོང་དུ་དགེ་འདུན་པ་ཞིག་ནས་སྐད་འབོད་བྱས་པ།
མཐའ་མའི་བསྐྱར་བཅོས། (༢༦༢༠༠༩༡༦༡༧)
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས་༢༤ཉིན་སྤེལ། འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༢༠ ཙམ་ལ་ལི་ཐང་རྫོང་གི་ཉེ་འཁྲིས་སུ་ལི་ཐང་དགོན་གྱི་གྲྭ་རང་ལོ་ ༡༨ དུ་སོན་པ་རྒྱ་༼ཆོས་སྐྱོང་ཚེ་རིང་ལགས་༽ཞུ་བ་ཞིག་ནས་བོད་ཀྱི་རྒྱལ་དར་འཁྱེར་ཏེ། ྋསྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན་སོགས་ཀྱི་ཞི་བའི་སྐད་འབོད་བྱས་རྗེས་སྤྱི་བདེ་ཉེན་རྟོག་པས་ཁོང་ལ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཏེ་ད་ལྟ་ལི་ཐང་རྫོང་བཙོན་ཁང་ནང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག །
ཁྱེད་ཀྱི་བསམ་ཚུལ་བྲིས།
བསམ་ཚུལ། (1)
སྐྱབས་སུ་མཆི་ད་ཁོང་དམྱལ་བ་མི་ཡུལ་ཏུ་མྱོང་པ་ལྟ་བུ་བྱས་ཀྱིས་ཡོད་རེད།
1
༢༧༢༠༠༩༡༥༤༠
སྐྱབས་སུ་མཆི་ད་ཁོང་དམྱལ་བ་མི་ཡུལ་ཏུ་མྱོང་པ་ལྟ་བུ་བྱས་ཀྱིས་ཡོད་རེད། བློ་བཟང་ཤཱཀྱ