མི་ལོ་༥༠ནི་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ལ་དུས་ཚོད་རིང་པོ་མིན།
མཐའ་མའི་བསྐྱར་བཅོས། (༡༨༢༠༠༩༠༣༡༠)
ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༣ཚེས་༡༡ཉིན་སྤེལ། བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཟླ་༣ཚེས་༡༡ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་ཡོད་པ་དང༌། སྐབས་དེར་བོད་ནང་དུ་ཡོད་པའི་བོད་ཀྱི་གཞོན་སྐྱེས་ཚོ་རང་ཡུལ་དུ་བཞུགས་རྒྱུ་གལ་ཆེན་ཡིན་པ་མ་ཟད། གལ་ཏེ་རང་ཡུལ་མ་དོར་བའི་སྒོ་ནས་བཞུགས་ནས་ཤེས་ཡོན་སྦྱངས་བརྩོན་གནང་ཐུབ་ཚེ་གནས་སྟངས་ལེགས་པ་ཡོད་ལུགས་གསུངས་ཡོད་པ་རེད། གང་ལྟར་བོདནང་གི་བོད་མི་གཞོན་སྐྱེས་རྣམ་པས་བོད་ནང་རང་དུ་ཤེས་ཡོན་ཡར་རྒྱས་གནང་བ་དང་མུ་མཐུད་འཚེ་མེད་ཞི་བའི་ཐོག་ནས་དབུ་མའི་ལམ་དུ་ཤར་བསྐྱོདགནང་ཚེ་བོད་དོན་བདེན་མཐའ་སེལ་བར་སླར་ཡང་མི་ལོ་༡༠༠འགོར་ནའང་བོད་ཀྱི་དཀའ་རྙོག་སེལ་རྒྱུ་ར་ཡིད་ཆེས་ཡོད་ཅེས་བཀའ་གནང་ཡོད་པ་རེད།
དུས་ཇི་སྲིད་ཀྱི་བར་དུ་འགོར་ཡང་ང་ཚོའི་ངོས་ནས་སླར་ཡང་མི་༡༠༠རིང་གི་བོད་དོན་འཙབ་རྩོད་ཀྱི་ལས་འགུལ་གྲ་སྒྲིག་ཞུས་ཡོད་ཅེས་དང༌། དུས་ཚོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མེད་པ་དང༌། རྒྱ་ནག་གཞུང་གིས་བོད་དོན་དེ་དུས་ཚོད་ཀྱི་སྒོ་ནས་ནར་འགྱངས་བྱས་པ་མེད་པར་ཆགས་པའི་བསམ་ཚུལ་བཟུང་བ་དེ་ནི་ནོར་འཁྲུལ་ཅན་རེད་ཅེས་དགོངས་ཀྱི་ཡོད་ལུགས་གསུངས་པ་དང༌། ད་ལྟ་ང་ཚོར་བྲལ་བ་མེད་ལ། མུ་མཐུད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ཤུགས་གནོན་རྒྱག་གི་ཡིན་ལུགས་གསུངས་ཡོད་པ་རེད།
བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབས་ཡོང་ཐབས་སུ་འཐབ་རྩོད་ཀྱི་རྒྱུན་དང་གནས་སྟངས་ཐོག་བོད་ནང་གི་གཞོན་སྐྱེས་རྣམས་ཀྱི་འཚེ་མེད་ཞི་བའི་ལངས་ཕྱོགས་སྐོར་གསུངས་དོན། སྔ་ལོའི་བོད་ནང་དུ་རང་དབང་འཐབ་རྩོད་ནང་དུ་ཞུགས་མཁན་གྱི་གྲས་སུ་ཕལ་ཆེ་བ་རང་ལོ་༥༠མན་ཆད་ཡིན་པ་དང་ཁོ་ཚོས་བོད་རང་བཙན་མཐོང་མྱོང་མེད་པ་རེད། འོན་ཀྱང་ཁོ་ཚོས་ྋགོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པའི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུར་ཐེ་ཚོམ་མེད་པ་ཞིག་རེད། དེར ང་ཚོར་གདེང་ཚོད་ཡོད། གཞན་ཡང་བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་དང་ྋགོང་ས་མཆོག་གི་ངོས་ནས་དོན་དམ་གྱི་ཐོག་ནས་དཀའ་རྙོག་སེལ་རྒྱུའི་ཐག་གཅོད་གནང་ཡོད་ལ། མི་ལོ་༥༠དེ་མི་སྒེར་ཞིག་ལ་རིང་པོ་ཡིན་ཡང་རྒྱལ་ཁབ་ཅིག་ལོ་རྒྱུས་ལ་དུས་ཚོད་རིང་པོ་ཞིག་མིན་ལུགས་གསུངས་ཡོད་པ་རེད།
བོད་ཚད་མཐོའི་རང་སྐྱོང་གི་གནས་བབས་ཡོང་བར་དུས་ཚོད་དེ་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོད་པ་རེད་ལ། དེ་བཞིན་འཛམ་གྀལང་འདིར་འགྱུར་བ་འགྲོ་བཞིན་ཡོད་པ་དང་ལྷག་པར་དུ་རྒྱ་ནག་གི་མི་མང་རྣམས་བོད་མིའི་ཕྱོགས་སུ་ལངས་ཡོད་ལུགས་སོགས་གསུངས་ཡོད་པ་རེད།