གསར་འགྱུར་གསར་པ།:

དགོངས་ཚུལ།

ཉེ་དུས་གོ་ཐོས་བྱུང་བའི་ཁམས་དཀར་མཛེས་ཁུལ་གྱི་གནས་ཚུལ།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༣ཚེས་༥ཉིན་སྤེལ། དཀར་མཛེས་ཐེང་ཁ་ཤང་གད་ཐོག་གྲོང་ནས་ཡིན་ཕ་དཔལ་ལྡན་ཆོས་འཕེལ་དང༌། མ་ཚེ་འདས་མཆི་མེད་སྒྲོལ་མ་གཉིས་ཀྱི་བུ་རང་ལོ་ ༢༦ ཅན་དཀར་མཛེས་དགོན་གྱི་གྲྭ་པད་མ་རྒྱལ་མཚན་ནས་རོགས་ཁ་ཤས་དང་མཉམ་ཕྱི་ལོ་༢༠༠༥ ནས་བཟུང་རིམ་བཞིན་གོ་སྐབས་དང་སྟབས་བསྟུན་གྱིས་མཚན་ནག་ཁུང་དཀར་མཛེས་རྫོང་ཐོག་ཏུ་ྋགོང་ས་མཆོག་བོད་དུ་གདན་ཞུ་དགོས་པ་དང༌། བོད་རང་བཙན་གཙང་མ་ཡིན་སོགས་བྲིས་པའི་ཡིག་ཆ་འགྲེམས་སྤེལ་ཐེངས་མང་བྱས་པ་རྣམས་༢༠༠༧ ལོ་དཀར་མཛེས་ཉེན་རྟོག་པས་བཙད་ཆོད་སྟབས་ཕ་ཡུལ་ནས་ཡུལ་གྱར་ནས་བྲོས་བྱོལ་དུ་ཡོང་དགོས་བྱུང་འདུག་པ་དང༌། ལྷ་ས་ནས་ཁོང་གི་རོགས་དཀར་མཛེས་གསེར་ཏོག་གྲོང་ནས་ཡིན་པ་གྲྭ་གཅིག་བཅས་རོགས་མང་པོ་ཞིག་དང་མཉམ་དུ་ཤར་གངས་ལ་བརྒྱུད་གོམ་བགྲོད་ཀྱིས་བྲོས་བྱོལ་དུ་ཡོང་སྐབས་རྒྱ་མིའི་ཉེན་རྟོག་པའི་འཛིན་བཟུང་གི་དཀར་མཛེས་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲད་ཀྱི་ཁོང་གི་རོགས་གསེར་ཏོག་གྲོང་ནས་ཡིན་པ་གྲྭ་པ་དེ་ཟླ་བ་གཉིས་ཙམ་ནས་གློད་བཀྲོལ་ཐོབ་ཡོད་འདུག་ཀྱང༌། ཁོང་ལ་ལོ་ ༥ ཁྲིམས་ཐག་བཅད་ནས་༢༠༠༧ ཟླ་ ༡༢ པའི་ནང་རྒྱ་ནག་ཁྲན་ཏུ་གཡས་གཡོན་གྱི་༼ཡཱ་ང་༽ ཟེར་བའི་སར་༼མཱིང་སྲ་ཅིང༽ཟེར་བའི་བཙོན་ཁང་ཞིང་གི་ནང་སྐྱེལ་འདྲེན་བྱས་ནས་ཟླ་བ་ ༣ ཙམ་གྱི་རྗེས་སུ་ནང་མི་ཤེས་རྟོགས་བྱུང་མཚམས་སུ་ནང་མི་འབྲེལ་གཏུག་ལ་ཕྱིན་ནས་བཙོན་ཁང་དེར་ཡོད་པ་ཤེལ་སྒོ་ཕྱི་ནས་མཐོང་པ་ཙམ་ལས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཙམ་ཡང་བྱུང་མི་འདུག་ནའང་ཁོང་གི་གདོང་ལ་བལྟས་ཚེ་ལུས་ལ་ན་ཚ་མེད་པའི་བཟོ་འདྲ་ཞིག་མཐོང་འདུག ཡིན་ཡང་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༥ ཉིན་དཀར་མཛེས་ཉེན་རྟོག་ལས་ཁུངས་ནས་ཁོང་གི་ནང་མི་ལ་ཁོང་ན་ཚ་ཛ་དྲག་གི་རྐྱེན་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་གསལ་བཤད་བྱས་པ་དང་ཕྲལ་དུ་ནང་མི་བཙོན་ཁང་དུ་སོང་ནས་ཁ་མཆུ་བརྒྱབ་ཁུལ་བྱས་འདུག་ཀྱང་ཁ་མཆུའི་རྒྱལ་ཁ་ཐོབ་པ་སྟབས་བཞག་ཁོང་རྣམས་ཀྱང་ཆ་སྲིད་དང་འབྲེལ་བ་ཡོད་ལུགས་བཤད་ནས་འཛིན་བཟུང་བྱེད་རྩིས་བྱས་སྐབས་ཅི་བྱས་ལྟོས་མེད་ཀྱི་ཁྱིམ་དུ་ལོག་དགོས་བྱུང་འདུག་པ་དང་རྗེས་སུ་ཐབས་ཤེས་རིམ་པ་བརྒྱུད་སྐུ་ཕུང་གི་ཐལ་ལ་ཕྲན་བུ་རག་ཐུབ་ཙམ་བྱུང་འདུག   གང་ལྟར་ཁོང་འདས་གྲོངས་ཕྱིན་པ་དེ་ཉེན་རྟོག་པའི་བརྡུང་རྡེག་གིས་བསད་པ་ཡིན་ཀྱང་རུང་བཙོན་པ་ནང་ཁུལ་འཁྲུགས་རྫིང་བྱས་ནས་བསད་པ་ཡིན་ཀྱང་རུང༌། གང་ལྟར་ཁོང་ནད་གཞི་ཛ་དྲག་གི་འདས་གྲོངས་སུ་གྱུར་མེད་པ་བཤད་ཐུབ་པ་གསལ་པོ་ཡིན་པ་བཅས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༥ ཉིན།

སེར་བྱེས་གྲྭ་ངག་དབང་བཟོད་པ་ནས།    ཁ་པར་ཨང༌། ༠༩༨༤༥༩༠༨༦༧༤།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།