choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཀར་མཛེས་སུ་བཙུན་མ་༢ལ་ཁྲིམས་ཆད་དང་༡དམར་གསོད་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

Yeshe Lhamo, a Tibetan nun from Karze, eastern Tibet. Photo: TPIརྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༢ཚེས་༢༣ཉིན་སྤེལ། ༢༠༠༨ལོའི་གསུམ་བཅུ་དུས་དྲན་ནས་བཟུང་ཁམས་དཀར་མཛེས་ཁུལ་དུ་བོད་མི་ཧ་ཅང་མང་པོ་ཞིག་རྒྱ་ནག་གི་དྲག་ཆས་དམག་དཔུང་གིས་འཛིན་བཟུང་བཀག་དང་མནར་གཅོད་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་པ་མ་ཟད། ལོ་དུས་འདྲ་མིན་གྱི་ཁྲིམས་ཐག་གཅོད་བཞིན་ཡོད་ཅིང༌། ཉེ་དུའང་བཙུན་མ་གཉིས་ལ་ཁྲིམས་བཅད་དང་གཅིག་དམར་གསོད་བཏང་ཡོད་པའི་སྐོར་འདི་གར་འབྱོར་གནས་ལྟར་གཤམ་དུ་ཡོད་པ་གཟིགས་ཞིབ་ཡོད་པ་ཞུ། ཕྱི་ལོ་༢༠༠༨ཟླ་༥ཚེས་༢༨ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བའི་ཁོང་ནས་དཀར་མཛེས་གཙང་གཞི་གྲོང་ནས་ཡིན་པ་ངོས་རྡོ་ཞབས་ཚང་ཕ་དངོས་གྲུབ་བསོད་ནམས་དང༌། མ་དབྱངས་མཚོ་སྒྲོལ་མ་གཉིས་ཀྱི་བོུ་རང་ལོ་༢༤ཅན་དཀར་མཛེས་བྲག་དཀར་དགོན་གྱི་བཙུན་མ་ཡེ་ཤེས་ལྷ་སྒྲོན་དང་རོགས་གཉིས་བཅས་ནས་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ་རྫོང་ཐོག་ཏུ་ཞི་རྒོལ་སྐད་དང་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱས་རྐྱེན་དྲག་ཆས་དམག་མིས་ཉེས་རྡུང་ཚད་མེད་འོག་འཛིན་བཟུང་གི་བཙན་ཁྲིད་བྱས་པ་དང༌། ཁོང་གི་བཙོན་རོགས་རྣམས་ཀྱི་བརྒྱུད་ནས་ཤེས་གསལ་ལྟར་ན་ཁོང་རྣམས་བཙོན་ཁང་དུ་ཁྲིད་རྗེས་ཡང་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་ནས་མཐར་སྨན་ཁང་ཞིག་ཏུ་སྐྱེལ་འདྲེན་བྱས་སྐབས་རླངས་འཁོར་ནང་དུ་ཁྲག་གི་ཁེངས་ནས་ཕྱི་ཉིན་མང་ཊར་བཙང་བཟོ་བས་ཁོང་རྣམས་དེ་འདྲའི་རྡུང་རྡེག་བཏང་ན་ཤི་ཡོད་དང་ཡོད་ཅེས་བཤད་འདུག་པ་མ་ཚད་སྨན་ཁང་དུ་ནད་གཡོག་སོགས་ཀྱི་ཀྱང་ཁོང་གསུམ་གྱི་ནང་ནས་བཙུན་མ་གཅིག་ཤི་བ་ལས་གཞན་ཐབས་ཤེས་མེད་ལུགས་དང་སྨན་ཁང་དུ་མྱུར་སྐྱོར་གྱིས་ལུས་ལ་ཆུ་རྒྱག་པ་སོགས་བྱས་ཡོད་པའི་གནས་ཚུལ་ཀྱང་གོ་ཐོས་བྱུང་ཡོད་འདུག
Sangye Lhamo, a Tibetan nun from Karze, eastern Tibet. Photo: TPI

གང་ལྟར་དུས་དེ་ནས་བཟུང་ཟླ་བ་བདུན་ཙམ་གྱི་རིང་ག་སོང་ཆར་མེད་དུ་གྱུར་ནས་འབྲེལ་ཡོད་རྣམས་ཀྱི་ད་བར་ཁྱོན་བསྡོམས་ནས་རྫོང་ཁག༩ཙམ་གྱི་ནང་རྩ་དཔྱོད་བྱས་ཀྱང་འདི་ཡིན་འདི་མིན་གྱི་ཤེས་རྟོགས་ཙམ་ཡང་མ་བྱུང་བ་དང༌། ཁོང་གི་རོགས་དཀར་མཛེས་གདུགས་རྭ་གྲོང་ནས་ཡིན་པ་ཕ་འབུམ་ཆུང་ཚེ་རིང་གི་བོུ་རང་ལོ་༢༦ཅན་སངས་རྒྱས་ལྷ་མོ་དང༌། ཡང་གྲོང་ཚོ་གདུགས་རྭ་ནས་ཡིན་ཕ་སྟོབས་སྟོབས་དང༌། མ་ཚེ་འདས་སྐལ་བཟང་ལྷ་མོ་གཉིས་ཀྱི་བོུ་རང་ལོ་༣༨ཅན་ཚེ་དབང་མཁའ་འགྲོ་གཉིས་ལ་ལོ་༢ རེ་ཙམ་གྱི་ཁྲིམས་ཐག་བཅད་ཡོད་ལུགས་སོགས་གོང་གསལ་གནས་དོན་མང་དག་ཞིག་ལ་བརྟེན་ནས་ཁོང་གི་ནང་མི་སྤུན་མཆེད་སོགས་ཀྱི་ཀྱང་ཚེ་ལས་འདས་ཟིན་པ་གཞི་བཞག་གི་ཞབས་རིམ་དང་གང་ས་བསྔོ་རྟེན་རྒྱག་པ་སོགས་བྱེད་བཞིན་ཡོད་འདུག་པ་བཅས།

གནས་ཚུལ་མཁོ་སྤྲོད་པ་ཁོང་གི་གཅེན་པོ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་གྱི་གྲྭ་པདྨ་དབང་རྒྱལ་ནས་ཕྱི་ཟླ་༢ཚེས་༢༡ཉིན་དྷ་ས་ཏྲེ་ཧོར་སྐྱིད་སྡུག་ལ་ཕུལ་འབྱོར་བྱུང་བ་ཟླ་༠༢ཚེས་༢༣ཉིན་འདི་གའི་གསར་ཁང་ལ་བཏང་འབྱོར་གནང་བྱུང་བ་དགོངས་འཇགས་འཚལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།