choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་མིས་བོད་ཀྱི་དགེ་འདུན་པ་དགུ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

15november20081ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༢་ཚེས་༡༡ཉིན་སྤེལ། རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་བསམ་ཡས་དགོན་པའི་དགེ་འདུན་པ་༩ལ་༢༠༠༨ལོའི་ཕྱི་ཟླ་༣པའི་ཚེས་༡༥ཉིན་བསམ་ཡས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ནག་ཉེས་འོག་ལོ་༢་ནས་༡༥བར་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་གཞན་དགེ་འདུན་གཅིག་གིས་རང་སྲོག་བཅད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང་ཟླ་༠༢ཚེས་༡༡ཉིན་སླར་ཡང་རྒྱ་གཞུང་གིས་བོད་༧༦འཛིན་བཟུང་བྱས་ཡོད་སྐོར་བཤད་ཡོད་པ་རེད།

༢༠༠༨ལོའི་ཕྱི་ཟླ་༠༣པའི་ཚེས་༡༥ཉིན་བོད་ལྷོ་ཁའི་གྲ་ནང་རྫོང་གི་བསམ་ཡས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་དབུས་བོད་མི་བརྒྱ་ཕྲག་མང་པོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་མགྱོགས་མྱུར་ཕྱིར་ཆིབས་བསྒྱུར་བསྐྱང་་དགོས་པ་དང༌། བོད་མི་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ངོ་རྒོལ་རྔམ་སྟོན་ཁྱུག་ཙམ་རིང་གནང་སྐབས་ས་གནས་རྒྱ་མིའི་ཉེན་རྟོག་པས་དགེ་འདུན་པ་༩འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

འཇུ་བཟུང་བྱས་པའི་རྗེས་༢༠༠༨ཟླ་༡༡པའི་ནང་བསམ་ཡས་སྒོ་རྒྱབ་སྟེ་ལས་དོན་རུ་ཁག་ཟེར་བས་དམ་དྲག་ཤུགས་ཇེ་ཆེར་བཏང་བ་དང༌། དགོན་པའི་ནང་གི་དགེ་འདུན་ཚོར་དམ་དྲག་ཆེན་པོའི་འོག་འདྲི་རྩད་ཚ་ནན་བྱས་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་ཤུགས་ཆེན་སྤེལ་བར་བརྟེན་བསམ་ཡས་དགོན་པར་ནང་ཆོས་སློབ་གཉེར་གྱི་ཆེད་ཕེབས་གནང་པའི་གྲྭ་རྣམ་སྒྲོལ་མཁའ་ཁྱབ་ལགས་ཀྱིས་རང་སྲོག་བཅད་པའི་ཡོད་སྐྱོའི་གནས་ཚུལ་ཐོན་ཡོད་པ་དང༌། ཁོང་གིས་ཡིག་ཆུང་ཞིག་བཞག་པའི་ནང་རྒྱ་མིའི་གདུག་རྩུབ་ཆེ་བའི་བཙན་དབང་ལ་བཟོད་སྒོམ་མ་ཐུབ་པ་དང༌། རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་བསྟོན་གནང་བའི་འགན་ཚང་མ་ཁོང་ལ་ཡོད་པ་དང༌། དགེ་འདུན་པ་གཞན་རྣམས་ལ་ནག་ཉེས་རྩ་བ་ནས་མེད་སྐོར་འཁོད་ཡོད་ལུགས་དང༌། ལྷོ་ཁའི་འབྲིང་རིམ་མི་མང་ཁྲིམས་ཁང་ཞེས་པས་བཙོན་འཇུག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་དེ་རྣམས་ནི་མཚོ་སྣ་ནས་ཡིན་པའི་རྒྱལ་མཚན་ལགས་དང༌། དགོན་དཀར་རྫོང་ནས་ཡིན་པའི་ཉི་མ་བཀྲིས་ལགས། ཉིང་ཁྲི་ནས་ཡིན་པའི་ཕུན་ཚོགས་ལགས། མཚོ་མེ་རྫོང་ནས་ཡིན་པའི་བསྟན་འཛིན་ཟླ་བ་ལགས། གྲ་ནང་རྫོང་ནས་ཡིན་པ་རིག་ལྡན་ལགས་བཅས་དང༌། ཡང་བསམ་ཡས་དགོན་དུ་ནང་ཆོས་སློབ་གཉེར་ཆེད་ཕེབས་པའི་དགེ་འདུན་པ་རྣམས་ནི་ཕན་པོ་ནས་ཡིན་པའི་གྲ་བསྟན་འཛིན་བུ་ཆུང་ལགས་དང་མཚོ་མེ་རྫོང་ནས་ཡིན་པ་བསྟན་འཛིན་བཟོད་པ་ལགས། ལྷོ་བྲག་ནས་ཡིན་པའི་གྲ་དགེ་ལེགས་ལགས། གནའ་སྒར་རྩེ་ནས་ཡིན་པིའ་གྲ་ངག་དབང་བསྟན་འཛིན་ལགས་བཅས་ཡིན་ལུགས། ད་ཆ་གོང་ཞུས་དགེ་འདུན་པ་རྣམས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང༌། ཁོང་རྣམ་པའི་སྐུ་གཟུགས་ཀྱི་གནས་སྟངས་ཇི་འདྲ་ཞིག་གི་འོག་ཡོད་མེད་སུ་ཞིག་གིས་ཀྱང་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་སྐོར་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཟླ་༠༢ཚེས་༡༠གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

དེ་བཞིན་ཟླ་༠༢ཚེས་༡༡ཉིན་རྒྱ་ནག་དམར་ཤོག་གཞུང་གི་གསར་འགྱུར་བརྒྱད་ལམ་ཁག་ཏུ་༢༠༠༨ལོའི་ཟླ་༣པའི་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྡུང་བཅག་འཕྲོག་གསུམ་ཟེར་བའི་ལས་འགུལ་ནང་བོད་མི་༧༦འཇུ་བཟུང་བཀག་ཉར་བྱས་ཡོད་ལུགས་བརྙོད་པ་ཙམ་ལསདང༌། འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་བོད་མི་དེ་དག་ས་གནས་གང་དང་གང་ནས་ཡིན་མིན་དང༌། དེ་བཞིན་ལོ་རྒྱུས་སོགས་གང་ཡང་གསལ་ཁ་བྱས་མེད་པ་རེད། ཟླ་༠༢ཚེས་༠༩ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གསར་པའི་ངོས་རྒྱལ་ཚོགས་ཀྱི་ཚོགས་ཁོངས་ཀྱི་ཡུལ་གྲུ་ཡོངས་ཀྱི་འགྲོ་མིའི་ཐོབ་ཐང་གི་གནས་སྟངས་བཅར་ཞིབ་གནང་བའི་རྒྱ་ནག་གི་འགྲོ་བ་མིའི་གནད་དོན་ཐད་སྐྱོན་བརྗོད་དྲག་པོ་བྱུང་ཡོད་པ་སྟེ། སྐབས་དེར་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ་སོགས་གཞུང་སྒེར་གྱི་ཚོགས་པ་དང་མི་མང་ཚོའི་ངོས་ནས་བོད་ནང་དང་ཤན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པའི་རྣམ་འགྱུར་ཆེན་པོ་པསྟན་ཡོད། གང་ལྟར་བོད་ནང་དུ་༢༠༠༨ལོའི་ཟླ་༠༣པ་ནས་ད་བར་བོད་མི་༢༡༩ཙམ་དམར་གསོད་བཏང་ཡོད་པ་དང་༥༦༠༠ལྷག་འཛིན་གྱིས་མུ་མཐུད་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ། ༡༠༠༠ལྷག་གར་སོང་ཆ་མེད་གྱུར་པ་སོགས་བོད་ས་ཡོངས་རྫོགས་སུ་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་ངོས་ལེན་གཏན་ནས་མི་བྱ་བར་རྒྱ་ནག་གིས་དེ་ལས་ལྡོག་སྟེ་རྒྱ་ནག་ནང་གི་མི་སེར་ཚོས་ཧ་ཅང་སྤྲོ་མཉམ་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཚུལ་དང་རྒྱ་ནག་གཞུང་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེའི་ཐད་གུས་བཀུར་བརྩི་སྲུང་བྱེད་བཞིན་ཡོད་ཚུལ་འཁྱོགས་བཤད་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རང་དོན་ཆེད་དུ་གཞན་དོན་རྒྱབ་ལ་གཡུཌ། ཕྱི་རུ་ངོམ་དུས་གཟི་བརྗིད་ལྡན་ན་ཡང༌། གཟི་བརྗིད་ཁོཌ་སྟོང་ཆཌ་པ་ཡིད་སེམས་སྐྱོ། དཔའ་རྒོད་ངར་མའི་དེ་དོན་ཐུགས་བཅིངས་ནས། དཔའ་རྟཌ་ངོམ་བཞིན་གླིང་བཞི་འགྲིམ་པའི་ཚེ། བདུད་ནག་ཀླ་ཀློའི་སྙིང་རྩ་མདར་བཞིན་དུ། གླིང་བཞིའི་ཉི་མ་ལག་པའི་འགེབས་པར་བྱས། སྣང་གནས་འདི་ལ་སྐར་ཚོགས་འཚར་བའི་རྒྱུ།



བརྗོད་གཞི་གཞན་ཁག་ལ་གཟིགས།