choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཀར་མཛེས་སུ་བོད་མི་གཉིས་ལ་ཁྲིམས་ཐག་བཅད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

NgawangLhendup29ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༣༡ཉིན་སྤེལ། ཉེ་ཆར་དཀར་མཛེས་དགོན་གྱི་དགེ་འདུན་པ་གཅིག་དང་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་གཅིག་བཅས་ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ། དང་པོ། དཀར་མཛེས་མདའ་མདོ་ཤང་མདའ་མདོ་གྲོང་ནས་ཡིན་པ་ཕ་ཚེ་འདས་སངས་རྒྱས་དབང་ཕྱུག་དང༌། མ་ཡར་སྐོང་གཉིས་ཀྱི་བུ་རང་ལོ་༢༩ ཡིན་པ་དཀར་མཛེས་དགོན་གྱི་གྲྭ་ངག་དབང་ལྷུན་འགྲུབ་ནས་ཕྱི་ཟླ་ ༦ ཚེས་ ༩ ཉིན་རོགས་དགོན་དེའི་གྲྭ་སྐལ་ཉི་མ་དང་ལྷན་དུ་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་གི་བཙོན་འཇུག་བྱས་པ་དང༌། ཉེ་ཆར་ ༢༠༠༩ ཟླ་བ་དང་པོའི་ནང་དུ་ངག་དབང་ལྷུན་འགྲུབ་ལ་ལོ་བཞིའི་ཁྲིམས་ཆད་བཏང་ཡོད་འདུག

གཉིས་པ། ཡང་གསེར་མཁར་བྲག་ཁ་གྲོང་ནས་ཡིན་པ་དཀར་མཛེས་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་པད་མ་ལྷ་མོ་དངམཉམ་དུ་བཙུན་མ་དྲུག་དང་མི་སྐྱ་གཅིག་བཅས་ནས་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་གི་བཙོན་འཇུག་བྱས་པ་དང༌། ཉེ་ཆར་༢༠༠༩ ཟླ་དང་པོའི་ནང་པད་མ་ལྷ་མོ་ལ་ལོ་གསུམ་གྱི་ཁྲིམས་ཆད་བཏང་ཡོད་འདུག ཁོང་གཉིས་ད་སྐབས་རྒྱ་ནག་ཁྲན་ཏུའི་གཡས་གཡོན་བཙོན་ཁང་ཞིག་ཏུ་སྐྱེལ་འདྲེན་བྱས་ཟིན་པའི་གནས་ཚུལ་ཟླ་དེའི་ཚེས ༣༠ ཉིན་གོ་ཐོས་བྱུང་བ་དང༌། མ་ཚད་རྒྱ་གཞུང་གིསཏྲེ་ཧོར་ཁུལ་དུ་ལོ་སར་གཏོང་དགོས་ལུགས་དང་སྔར་གོ་མྱོང་མེད་པའི་རྒྱལ་གཞུང་ནས་ཁུལ་དེར་ལོ་སར་བཏང་ཆེད་མི་རེར་ལ་རྒྱ་སྒོར་༥༠༠ སྤྲད་རྒྱུ་ཡིན་ལུགས་བཤད་འདུག་ཀྱང་བོད་མི་རྣམས་ནས་ཁ་གཅིག་གྲགས་ཀྱིས་ལོ་འདི་ནི་བོད་མདོ་དབུས་ཁམས་སོགས་སུ་རྒྱ་གཞུང་ནས་བཙན་གནོན་མནར་བཅོད་ཀྱིས་བོད་མི་སྟོང་ཚོ་རྒལ་བ་དམར་གསོད་དང་བཙོན་འཇུག་བྱས་པའི་ལོ་ངན་ཞིག་ཡིན་པས་ལོ་སར་བཏང་རྒྱུ་སེམས་པའི་ཡུལ་ལ་ཡང་མེད་ལུགས་གསུང་གི་འདུག་པ་བཅས་ཏྲེ་ཧོར་སྐྱིད་སྡུག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༡ ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དེད་དཔོན་གཟེངས་བསྟོད་ཕུལ་དང་གཅིག དཔའ་བོའི་ངར་སྐད་སྒྲོགས་དང་གཉིས། གླ་ཀློའི་སྙིང་རྩ་འདར་དང་གསུམ། བོད་མིའི་བདེན་མཐའ་མྱུར་སེལ་རྟཌ།་ ཨོ་སྨྱོན་



བརྗོད་གཞི་གཞན་ཁག་ལ་གཟིགས།