ལྷ་ས་ནས་གཞིས་རྩེ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༨ཉིན། རྒྱ་ནག་གཞུང་གིས་ལྷ་ས་ནས་གཞིས་རྩེ་བར་དུ་མེ་འཁོར་ལྕགས་ལམ་གྱི་འཛུགས་སྐྲུན་ལས་འཆར་དེ་ནི་ཕྱི་ལོ་༢༠༡༥ལོར་མཇུག་སྒྲིལ་ཐུབ་རྒྱུ་ཡིན་ཚུལ་བཤད་ཡོད།

རྒྱ་གར་དུས་བབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རིང་ཚད་སྤྱི་ལེ་༢༥༣ཙམ་ཡོད་པའི་ལྷ་ས་ནས་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་༢པ་གཞིས་རྩེ་བར་དུ་མེ་འཁོར་ལྕགས་ལམ་གྱི་ལས་འཆར་དེར། ཁྱོན་མ་དངུལ་ཨ་སྒོར་ཐེ་འབུམ་༢ཙམ་གཏོང་འཆར་དང༌། དེ་ནི་ཕྱི་ལོ་༢༠༡༠ཟླ་༩པའི་ནང་འགོ་འཛུགས་བྱས་ཡོད་པ་རེད། རྒྱ་ནག་ཤིན་ཧྭ་གསར་ཁང་ནས་མེ་འཁོར་ལྕགས་ལམ་བརྒྱུད་ས་གནས་དེར་ལོ་རེར་དངོས་ཟོག་ཊོན་ས་ཡ་༨་༣ལྷག་དབོར་འདྲེན་ཐུབ་རྒྱུ་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག

དེ་སྔོན་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༦ནས་ཐོག་མར་མཚོ་སྔོན་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་བཏོན་པའི་སྐབས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེས། རྒྱ་མི་ཕོན་ཆེན་བོད་ནང་སླེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་ཚབས་ཆེན་པོ་ཡོང་རྒྱུ་མ་ཟད་བོད་ཀྱི་ཁོར་ཡུག་ལ་ཡང་གནོད་ཚབ་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་དང་ངོ་རྒོལ་ཤུགས་ཆེ་བྱས་ཡོད།

ལྷག་པར་དུ་བོད་ནང་གི་བོད་མི་ཚོས་བོད་ནང་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་ཁག་སྤེལ་ནས་བོད་མིའི་འཚོ་བར་ཡར་རྒྱས་གཏོང་གི་ཡོད་ལུགས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་ན་ཡང་། འཛུགས་སྐྲུན་གྱི་ལས་གཞི་དེའི་རིགས་ཀྱིས་བོད་ནང་གནས་སྡོད་བྱས་ཡོད་པའི་རྒྱ་མི་རིགས་ཚོར་ཕན་ཐོགས་ཡོད་པ་ཞིག་ལས། ས་གནས་བོད་མི་ཚོར་ཁེ་ཕན་གང་ཡང་ཡོང་གི་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (2)
མཁྱེན་ཡངས་སྐལ་བཟང་ཆོས་ལྡན་ལགས། ཁྱེད་ནས་མེ་འཁོར་ལྕགས་ལམ་འཛུགས་ན་ལེགས་ཞེས་གསུངས་པ་ལས། དེ་ལྟར་ལེགས་པའི་རྒྱུ་མཚན་མ་གསུངས་པ་ནི་ཡ་མཚན་ཆེ། རྒྱ་གཞུང་ནས་བོད་ནང་མེ་འཁོར་ལྕགས་ལམ་གཅིག་མཇུག་གཉིས་མཐུད་དུ་བཟོས་པ་དེ་དགེ་ལས་སྡིག་ཆེ་བ་དང་། ཕན་ལས་གནོད་ཆེ་བ་སོགས་ཀྱི་དགེ་སྐྱོན་གཉིས་གཤིབ་བསྡུར་བྱས་ནས་གླེང་དགོས་པ་གལ་གནད་ཆེ། དཔེར་ན། རྒྱ་གཞུང་ནས་མཚོ་བོད་ལྕགས་ལམ་ཞེས་པའི་མེ་འཁོར་ལྕགས་ལམ་གསར་བཟོ་བྱས་རྗེས་ཉིན་རེའི་རྒྱ་ནག་ནས་བོད་དུ་མེ་འཁོར་བརྒྱུད་རྒྱ་རིགས་དྲུག་སྟོང་ལྷག་བོད་དུ་འོར་འདྲེན་བྱེད་པ་དང་། དེ་དག་ལས་རྒྱ་རིགས་ཉིས་སྟོང་ཙམ་མ་་གཏོགས་ཕྱིར་ལོག་མི་བྱེད་པར་བཞི་སྟོང་བོད་དུ་གཏན་སྡོད་བྱས་ཏེ་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཏེ་རིམ་ཡལ་དུ་གཏོང་བའི་འཆར་གཞི་ལྡན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་མ་ཟད། མེ་འཁོར་ནང་བོད་ཀྱི་གསེར་དངུལ་ཟངས་ལྕགས་སོགས་ཀྱི་རིན་ཆེན་གྱི་གཏེར་ཁའི་རིགས་འོར་འདྲེན་དང་། དེ་བས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གི་འབྱུང་རྐྱེན་སོགས་ལ་ང་ཚོས་ངེས་ཞིབ་དཔྱད་དང་། བསམ་གཞིགས་ནན་ཏན་གནང་སྟེ་བཀའ་མོལ་གནང་བ་དང་། རྩོམ་བྲིས་གནང་དགོས།
་ལྕགས་ལམ་འཛུགས་ན་ལེགས་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།