choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་ས་ཁུལ་ཚ་བ་དང་ཏྲེ་ཧོར་དུ་བྱུང་བའི་དོན་རྐྱེན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

24january20097ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༨ཉིན་སྤེལ། ཕྱི་ལོ་༢༠༠༨ ཟླ་༡ ཚེས་༢༠ ཉིན་ཚ་བ་འཛོ་སྒང་སྤེལ་ཟླ་གྲོང་ཚོ་ཡིན་པ་པདྨ་ཚེ་དཔག་ལོ་༢༤ དང༌། འཕྲིན་ལས་དངོས་སྒྲུབ་ལོ་༢༤། བུ་ཡང་དར་རྒྱས་ལོ་༢༣དང༌། དབུ་དཀར་གྲོང་ཚོའི་འཕྲིན་ལས་རྒྱ་མཚོ་༤༤། ཀླན་འཇའ་གྲོང་ཚོའི་ནོར་བུ་བཀྲིས་ལོ་༢༩་ཡིན་པ་གཞོན་སྐྱེས་བཞི་དང༌། མི་རྒན་པ་གཅིག་བཅས་ས་གནས་རྒྱ་གཞུང་གི་འཛོ་སྒང་རྫོང་ཐོག་ཏུ་བོད་ཀྱི་རྒྱ་དར་ལག་ཏུ་ཕྱིར་ཏེ། བོད་ནང་ཆོས་དད་རང་མོས་མེད་པ་དང༌། ྋརྒྱ་བ་རིན་པོ་བོད་ནང་ཕྱིར་ཕེབས་བཅུག་དགོས། ད་ལོ་ང་ཚོ་བོད་ཀྱི་ལོ་གསར་གཏོང་གི་མིན་ཚུལ་སོགས་ཟེར་ནས་ངོ་རྒོལ་སྐད་འབོད་ཆུ་ཚོད་ཕྱེ་ཀ་ལྷག་ཙམ་རིང་བྱས་ཡོད་ཅིང༌། དེ་ནས་ས་གནས་རྒྱ་གཞུང་གི་བདེ་སྲུང་མི་སྣ་སླེབས་ཏེ་ས་གནས་དེར་རང་ལ་ཉེས་རྡུང་ཚད་མེད་བཏང་སྟེ་འགོ་ལུས་དང་ངོ་གདོང་ཡོངས་རྫོགས་ནས་ཁྲག་ཐོན་ཏེ་མིག་གི་བལྟ་མི་བཟོད་པ་ཆགས་ཡོད་འདུག

24january20099ཕྱི་ཚེས་༢༡ ཉིན་ཁོ་ཚོའི་གྲོང་པ་སྤེལ་ཟླ་ནས་མི་ཚང་རེའི་འཐུས་མི་རེར་ཁོ་ཚོ་རློད་ཀྲོལ་གཏོང་རོགས་ཟེར་ནས་རྫོང་ལ་འགྲོ་བའི་སྐབས་ལམ་བར་ནས་ཉེན་རྟོག་མི་སྣས་བཀག་འགོག་བྱས་ཏེ་གཏོང་མེད་པ་དང༌། མུ་མཐུད་འགྲོ་བ་ཡིན་ན་ཉེས་རྡུང་གཏོང་གི་ཡིན་ཚུལ་ཁོ་ཚོར་འཇིགས་སྐུལ་བྱས་ཡོད་པ་རེད། གོང་གསལ་ངོ་རྒོལ་བ་པདྨ་ཚེ་དཔག་དང༌། འཕྲིན་ལས་དངོས་སྒྲུབ། བུ་ཡང་དར་རྒྱས་གཞོན་སྐྱེས་གསུམ་ནི་གཉེན་ཚན་འགྲོ་ཡི་ཡོད་ཅིང༌། དེ་བཞིན་འཕྲིན་ལས་དངོས་སྒྲུབ་ཀྱི་སྤུན་མཆེད་བུ་མོ་བདེ་ཆེན་ལྷ་མོ་ངོ་རྒོལ་སྐད་འབོད་སྐབས་མཉམ་དུ་མེད་ནའང་འཛིན་གཟུང་བྱས་ཡོད་པ་རེད་འདུག གཞོན་སྐྱེས་བཞི་ནི་རི་མོ་འབྲི་མཁན་ཡིན་ཞིང༌། བོད་ཀྱི་རྒྱལ་དར་བྲིས་ཏེ་ངོ་རྒོལ་སྐབས་ལག་ཏུ་ཁུར་ཡོད་འདུག ད་ཆར་ཁོ་ཚོའི་ནང་ནས་བུ་པདྨ་ཚེ་དཔག་རྒྱ་མིས་ཉེན་རྟོག་པས་མནར་གཅོད་དང་ཉེས་རྡུང་ཚད་མེད་བཏང་རྗེས་ཆབ་མདོ་སྨན་ཁང་ནས་གློད་དཀྲོལ་བཏང་ཡོད་ཀྱང་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། ལྷག་མ་གསུམ་ད་ལྟའང་ཤི་གསོན་དང་ག་ཡོད་ཧ་གོ་ཡི་མེད་ཅིང༌། ཉེས་རྡུང་གཏོང་སྟངས་ལ་བལྟས་ནས་སོན་པོ་འཚོ་གནས་ཐུབ་པ་ཁག་པོ་ཡིན་ལུགས་སོགས་བོད་ནས་འབྲེལ་ཡོད་ནས་ཚུལ་མཁོ་སྤྲོད་བྱས་བྱུང་ཞེས་དྷ་ས་ཚ་བ་སྐྱིད་སྡུག་ནས་ཕྱི་ལོ་༢༠༠༩ ཟླ་༡ ཚེས་༢༣ ཉིན་འདི་གའི་གསར་ཁང་དུ་མཁོ་སྤྲོད་གནང་སོང༌།།

Lobsang2ཡང་ཁམས་དཀར་མཛེས་ཁུལ་དུ་བོད་མི་བརྒྱད་ལ་མི་ལོ་གཅིག་དང་ཕྱེད་ཀ་ནས་ལྔ་བར་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་ཡང་ཉེ་ཆར་དཀར་མཛེས་དགོན་གྱི་དགེ་འདུན་པ་གསུམ་དང་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་གཅིག་བཅས་ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ།༡༽ དཀར་མཛེས་གསེར་ཆུ་སྟེང་ནས་ཡིན་པ་དཀར་མཛེས་དགོན་གྱི་གྲྭ་དཔལ་ལྡན་ཚུལ་ཁྲིམས་ལ་ཁྲིམས་ཆད་ལོ་ ༤ དང༌། ༢༽ དཀར་མཛེས་གསེར་ཆུ་སྟེང་ཤང་འབུམ་ཁྱི་གྲོང་ནས་ཡིན་པ་རང་ལོ་ ༡༧ ཅན་དཀར་མཛེས་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལ་ཁྲིམས་ཆད་ལོ་ ༥ ། ༣༽ དཀར་མཛེས་ཐིང་ཁ་ཤང་ལམ་གོང་གྲོང་ནས་ཡིན་པ་རང་ལོ་ ༡༨ ཅན་དཀར་མཛེས་དགོན་གྱི་གྲྭ་བློ་བཟང་ཆོས་རྒྱན་ལ་ཁྲིམས་ཆད་ལོ་ ༥ ། བཅས་༢༠༠༨ ཟླ་ ༥ ཚེས་ ༡༣ ཉིན་ཞི་རྒོལ་གྱིས་ཡིག་ཆ་ཁུག་སྣོད་གཉིས་ཙམ་འགྲེམས་སྤེལ་བྱས་པ་དང་སྐད་འབོད་བྱས་རྐྱེན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ཙམ་གྱི་རིང་ག་སོང་ཆ་མེད་དུ་གྱར་འདུག ཉེ་ཆ་ཕྱི་ཟླ་ ༡ ནང་ཁོང་རྣམས་རྒྱ་ནག་མོན་ཡག་ཟེར་སར་བཙོན་ཁང་དུ་སྐྱེལ་འདྲེན་བྱས་ནས་ཁྲིམས་ཐག་བཅད་ཟིན་པའི་གནས་ཚུལ་དང༌། མ་ཚད་ཁོང་རྣམས་ཡོད་སའི་བཙོན་ཁང་དུ་དཀར་མཛེས་བ་མི་གྲངས ༡༩ ཙམ་ཡོད་ལུགས་སོགས་ཀྱང་ཟླ་དེའི་ཚེས་ ༢༦ ཉིན་གོ་ཐོས་བྱུང༌།

ཡང་༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་བདུན་དང་མི་སྐྱ་གཅིག་བྱས་ནས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་སྐད་འབོད་བྱས་འཛིན་བཟུང་བྱས་པའི་ཁོངས་ནས་ཉེ་ཆར་ཕྱི་ལོ་༢༠༠༩ ཟླ་ ༡ པོའི་ནང་རང་ལོ་༢༥ ཅན་བཙུན་མ་ཆོས་མཚོ་སྒྲོལ་མ་འམ་༼ཆོས་མཚོ་༽ ལ་ལོ་ ༡ དང་ཕྱེད་ཀྱི་ཁྲིམས་ཆད་བྱས་འདུག་པ་དང༌། ད་སྐབས་རྒྱ་ནག་ཁྲན་ཏུ་གཡས་གཡོན་བཙོན་ཁང་དུ་སྐྱེལ་འདྲེན་བྱས་ཟིན་པའི་གནས་ཚུལ་ཟླ་དེའི་ཚེས་ ༢༦ ཉིན་གོ་ཐོས་བྱུང་བ་བཅས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༧ ཉིན།

སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་དང་སྤང་རི་སྣའི་བཙུན་མ་རྣམས་ཀྱི་ད་ལྟའི་གནས་སྟངས།

ད་སྐབས་བཙོན་འོག་ཏུ་ཡོད་པ་ཁག༡༽

སྤང་རི་སྣ་དགོན་གྱི་དགོན་བདག་སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་དགོང་ལོ་ ༥༢ །

༢༽ དགེ་ཆུང་རྫོང་འགོ་ནས་ཡིན་པ་རང་ལོ་ ༣༨ ཅན་དབྱངས་ཅན་མཁའ་འགྲོ་

༣༽ གསར་སེ་གྲོང་ནས་ཡིན་པ་རང་ལོ་ ༣༧ ཅན་བཀྲིས་ལྷ་དབང༌།

༤༽ སེར་ཏོག་གྲོང་ནས་ཡིན་པ་རང་ལོ་ ༣༠ ཅན་བཙུན་མ་ཕུན་དགའ།

༥༽ དགེ་ཆུང་གྲོང་ནས་ཡིན་པ་རང་ལོ་ ༣༩ ཅན་བཙུན་མ་བཟང་མོ།

༦༽ དགེ་ཆུང་རྫོང་འགོ་ནས་ཡིན་པ་རང་ལོ་ ༣༨ ཅན་ཚེ་དབང་མཚོ།

༧༽ བྲུ་ལྔ་གྲོང་ནས་ཡིན་པ་རང་ལོ་ ༢༣ ཅན་བསོད་དགའ།

༨༽ དགེ་ཆུང་གྲོང་ནས་ཡིན་པ་རང་ལོ་ ༣༦ དགེ་ཆུང་བོུ།

༩༽ ཕུག་ཡི་ནང་ནས་ཡིན་པའི་བཙུན་མ་གཅིག

༡༠༽ དགེ་ཆུང་རྫོང་འགོ་ནས་ཡིན་པ་རང་ལོ་ ༣༥ ཅན་སྤང་རི་སྣའི་དབུ་འཛིན་མཁའ་འགྲོ་ཆོས་མཚོ།

༡༡༽ དགེ་ཆུང་གྲོང་ནས་ཡིན་པ་རང་ལོ་ ༣༥ ཅན་དགོན་དེའི་དབུ་འཛིན་ཟུར་པ་བསོད་ལྷ་མཚོ།

ཟླ་གྲངས་བདུན་ཙམ་གྱི་རྗེས་སུ་གློད་བཀྲོལ་ཐོབ་པ་ཁག

༡༽ བླ་རོང་ནས་ཡིན་པ་རང་ལོ་ ༣༢ ཅན་བཙུན་མ་མཁའ་དགའ་དང༌། ༢༽ གཞི་གླིང་གྲོང་ནས་ཡིན་པ་རང་ལོ་ ༢༠ ཅན་བཙུན་མ་རིན་དགའ་གཉིས་ལ་ཕྱི་ཟླ་ ༡ ཚེས་ ༢༠ཡས་མས་ཞིག་ལ་གློད་བཀྲོལ་བཏང་ཡོད་འདུག

བཙུན་མ་གསུམ་ཉིན་ཤས་རྗེས་སུ་གློད་བཀྲོལ་བཏང་འདུག དེ་མིན་བཙུན་མ་རྣམས་འཛིན་བཟུང་བྱས་རྗེས་ཉིན་བཅུ་ཙམ་ཙམ་གྱི་རིང་དཀར་མཛེས་བཙོན་ཁང་དུ་ཉམས་འཇོག་བྱས་འདུག་པ་དང༌། དེའི་རྗེས་དགོང་མོ་དཀར་མཛེས་ནས་དར་྄རྩེ་མདོར་ཁྲིད་སྐབས་སུའང་སྐད་འབོད་ཤུགས་ཆེན་བྱས་ ཡོད་འདུག དེ་རྗེས་ད་ཆ་བཙོན་ཁང་དུ་ཡོད་པ་ཁག་ཡང་ག་སོང་ཆ་མེད་དུ་གྱུར་འདུག་པ་དང༌། དེ་མིན་སྟོང་འཁོར་དང་ལྕོག་རི་དཀར་མཛེས་བཅས་ནས་དགོན་དེ་སློབ་གཉེར་གནང་བཞིན་པའི་བཙུན་མ་མང་ཤོས་ཕྱི་ཟླ་ ༩ ཚེས་ ༡༥།༡༨ ལ་གློད་བཀྲོལ་ཐོབ་ཡོད་འདུག་པ་དང༌། དེའི་ཁོང་ཉེན་རྟོག་པས་རྡུང་རྡེག་གིས་རྨས་སྐྱོན་ཕོག་པ་ཡང་མང་དག་ཞིག་ཡོད་འདུག གློད་བཀྲོལ་བཏང་སྐབས་ཡུལ་མི་རྣམས་ཀྱིས་ཁོང་རྣམས་ལ་ཁ་དར་གཡོག་པ་དང་མཚམས་འདྲི་ཞུ་བར་མང་དག་ཞིག་སླེབས་རྐྱེན། རྗེས་སུ་གློད་བཀྲོལ་བཏང་སྐབས་དགོང་མོ་མཚན་ནག་གོང་གློད་བཀྲོལ་བཏང་བཞིན་ཡོད་འདུག ཁོང་རྣམས་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་ད་ཆ་དགོན་པར་འཛུལ་ཞུགས་མི་ཆོག་པ་མ་ཚད་ས་གནས་གང་ས་འགྲོ་བསྐྱོད་མི་ཆོག་པ་ཀྱང་ཆགས་ཡོད་འདུག་བཅས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༧ ཉིན་འདི་གའི་གསར་ཁང་དུ་དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་མཁོ་སྤྲོད་གནང་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།