དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་སྟག་སྨིག་སླར་ཡང་འཇུག་བཟུང་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༤ཉིན། བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུའི་འོད་སྡེར་བཟོ་མཁན་རྩོམ་པ་པོ་སྟག་སྨིག་ལགས ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༦ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་པས་དྲི་རྩད་བྱེད་པར་འཁྲིད་དེ་སླར་ཡང་འཇུ་བཟུང་བཀག་སྐྱིལ་བྱས་ཡོད་འདུག

དེ་ཡང་ཁོང་ཐོག་མར་ ༢༠༡༠ ལོའི་ཟླ་ ༧ ཚེས་ ༢༧ ཉིན་སི་ཁྲོན་ཞིང་ཆེན་མཛོ་དགེ་རྫོང་ཐོག་ཏུ་ས་གནས་ཀྱི་ཉེན་རྟོག་པ་དང༌། ཀན་ལྷོ་ཁུལ་གྱི་ཉེན་རྟོག་མི་སྣས་འཇུ་བཟུང་བྱས་ཏེ་ཀན་ལྷོ་ཁུལ་གྱི་སྤྱི་བདེ་ལས་ཁུངས་སུ་ཁྲིད་ཡོད་པ་དང༌། ཁོང་གིས་མི་ཡུལ་ལ་ཕུལ་བའི་སེམས་པ་ཞེས་པའི་དེབ་དང༌། བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་འོད་སྡེར་འགྲེམ་སྤེལ་བྱས་པར་དྭོགས་གཞི་བྱས་ཏེ་འཇུ་བཟུང་བྱས་ཡོད།

༢༠༡༠ ལོའི་ཟླ་ ༩ ཚེས་ ༢༦ ཉིན་སྒྱིས་ཚང་གི་གཞོན་སྐྱེས་གཙོས་གྲོང་མི་བཞི་བཅུ་ལྷག་ཙམ་གྱིས་རྨད་ཤེས་ཤང་སྲིད་གཞུང་དུ་ཕྱིན་ཏེ་སྐལ་བཟང་ཚུལ་ཁྲིམས་གར་ཡོད་ཤེས་འདོད་ཡོད་སྐོར་རེ་འདུན་བཏོན་པར་འཇིགས་སྐུལ་བྱས་ཡོད་ཅིང༌། ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་བཙོན་ནས་ཁོང་གློད་གྲོལ་བཏང་ཡོད་པ་དང༌། ཟླ་དྲུག་རིང་དོ་དམ་ལྟ་རྟོགས་བྱེད་རྒྱུ་དང༌། ཆབ་སྲིད་ཀྱི་ལས་ཀ་བྱེད་མི་ཆོག་པ། ཁ་པར་གྱི་ཨང་གྲངས་བརྗེ་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད།

ཁོང་ནི་ཀན་ལྷོ་ཁུལ་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བའི་ཕ་བསམ་ཕེལ་དང་མ་སྐྱིད་རིས་གཉིས་ཀྱི་བུར་ ༡༩༨༠ སྐྱེས། ལོ་དགུའི་སྟེང་ས་གནས་སློབ་གྲྭར་འགྲིམས་ནས་བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་སྦྱངས། རང་ལོ་བཅུ་གསུམ་སྟེང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ལོའི་བར་གྲྭ་ཚང་གི་འདོན་ཆོག་གི་གཙོས་ཐ་སྙད་རིག་གནས་སོགས་ལ་སྦྱང་བརྩོན་ བྱས། ལོ་དེར་རྒྱུགས་སྤྲོད་ལམ་ནས་ཀན་སུ་ཞིང་ཆེན་ནང་བསྟན་སློབ་གླིང་ཞུགས་ཏེ་ ༢༠༠༩ ལོར་སློབ་མཐར་ཕྱིན་པ་ཡོད་འདུག
གནས་ཚུལ་མཁོ་སྤྲོད་གནང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།