choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་རིགས་སློབ་མ་གཉིས་ལ་རྒྱལ་ཡོངས་གསེར་གྱི་རྟགས་མ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༤ཉིན། ཟླ་འདིའི་ཕྱི་ཚེས་༢༦ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་༡༡པའི་སློབ་རའི་དཔྱིད་དུས་ཀྱི་སྤྲོ་ཚོགས་ཆེན་མོ་སྟེ་མཛེས་སྡུག་ལྡན་པའི་སློབ་གླིང་ཞེས་པའི་རིག་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་ཡོད་པ་དང༌། བོད་རིགས་སློབ་མ་དཔལ་ལྡན་རྒྱལ་དང་གཡང་སྐྱིད་གཉིས་ལ་རྒྱལ་ཡོངས་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

ཐེངས་འདིའི་སྤྲོ་ཚོགས་དེ་ནི་རྒྱལ་ཡོངས་སློབ་མ་རྣམས་ཀྱི་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ་དང་སློབ་གླིང་གི་རིག་གནས་དར་སྤེལ། སྒྱུ་རྩལ་སློབ་གསོ་གསར་གཏོད་དང་འཕེལ་རྒྱས་གཏོང་བར་དམིགས་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་དང་རྒྱ་ནག་སློབ་གསོ་གློག་བརྙན་ཁང༌། ཀྲུང་དབྱང་སློབ་གསོ་ཚགས་པར་ཁང༌། རྒྱ་ནག་རྩོམ་རིག་སྒྱུ་རྩལ་ཐེབས་རྩ་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག ༼མཛེས་སྡུག་ལྡན་པའི་སློབ་གླིང༽ ཞེས་པའི་རིག་རྩལ་འགྲན་ཚོགས་དེ་སྐོང་ཚོགས་གནང་ཡོད།

རྒྱ་ནག་རྒྱལ་ཡོངས་ཀྱི་རྫོང་དང་ཞིང་ཆེན་ནས་གཞས་དང་ཞབས་བྲོ་སོགས་འཁྲན་སྟོན་གནང་མཁན་༣༠༠༠ལྷག་འགྲན་བསྡུར་ནང་འཛུལ་ཞུགས་བྱས་ཡོད་པ་དང༌། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཤིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་སློབ་མ་དཔལ་ལྡན་རྒྱལ་དང་གཡང་སྐྱིད་གཉིས་ཀྱིས་༼ཟོལ་མེད་ཀྱི་སེམས་པ༽ཞེས་པའི་གླུ་བྲོ་མཉམ་སྡེབ་ཀྱི་འཁྲབ་སྟོན་དེར་རྒྱལ་ཡོངས་དཔྱིད་དུས་ཀྱི་སྤྲོ་ཚོགས་ཆེན་མོ་སྐབས་༡༡པའི་རྒྱལ་ཡོངས་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རྒྱ་ནག་ལྟ་བུའི་རྒྱལ་ཁབ་སྟོབས་ཆེན་ཞིག་གིས་བོད་རིགས་སློབ་མ་གཉིས་ལ་རྒྱལ་ཡོངས་གསེར་གྱི་རྟགས་མ་སྦྱིན་པ་ནི་ང་ཚོ་བོད་རིགས་ཡོངས་ལ་དགའ་འོས་པའི་དོན་དག་ཞིག་བྱུང་བ་རེད།
1 ༠༥༢༠༡༡༡༨༣༠
རྒྱ་ཕྱི་ནང་གི་གསར་འགྱུར་མང་ཙམ་འགོད་ཐུབ་ན་དངོས་ཉིད་ཡག་པོ་འདུག་ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།