choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གནོད་ཐེབས་ཁུལ་གྱི་ཁྱིམ་གཞི་བསྐྱར་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའོ་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༧ཉིན། ༢༠༡༠ལོའི་ཟླ་༤པར་ཁམས་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆག་ཡ་ང་བ་བྱུང་བའི་རྗེས་སུ། རྒྱ་ནག་གི་གསར་ལམ་ཁག་ནས་ཁྱིམ་གཞི་བསྐྱར་འཛུགས་ཞེས་ཤུགས་ཆེར་གླེང་བའི་བརྗོད་གཞི་གལ་ཆེན་ཞིག་ཏུ་ཆགས་འདུག

ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། རེས་གཟའ་མིག་དམར་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་མགོ་ཁྲིད་ལོ་ཧེའུ་ལེན་གྱིས།  མཚོ་སྔོན་གྱི་ཞིང་གྲོང་ཅན་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་ལྟར། མ་འོངས་པར་ཡུལ་ཤུལ་གནོད་ཐེབས་ས་ཁུལ་ཡང་གྲོང་ཁྱེར་ཅན་བསྒྱུར་ངེས་ཡིན་ཞེས་བརྗོད་ཡོད་འདུག  ཡང་ས་གནས་ཀྱི་མགོ་ཁྲིད་ཝང་མིང་ཅན་ཞིག་གིས་སྐྱེ་དགུ་གྲོང་བརྡལ་དུ་ཚད་རིམ་༧.༡ཙམ་གྱི་ས་ཡོམ་གནོད་འཚེ་ཡིས་མི་གྲངས་༣༠༠༠ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང༌། དུད་ཁྱིམ་འབུམ་༡ལྷག་གི་ཁང་ཁྱིམ་ལ་གནོད་འཚེ་ཚབས་ཆེན་ཕོིག་སྟེ་ཁྱིམ་མེད་དུ་གྱུར་ཡོད་ཀྱང༌། ང་ཚོས་ཧུར་བརྩོན་ཆེན་པོས་སྐྱེ་དགུ་གྲོང་བརྡལ་ཚོང་ལས་དང་ཡུལ་སྐོར་སྣེ་ལེན་གྱི་ལྟེ་བ་ཞིག་ཏུ་བསྒྱུར་རྒྱུ་ཡིན་བརྗོད་འདུག

འོན་ཀྱང་ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཱ་རེའི་བྷེ་ཝ་ཊི་ལགས་ཀྱིས་འགྲེལ་བརྗོད་བྱེད་རྒྱུར། འཛུགས་སྐྲུན་གྱི་ལས་གཞི་འདི་ནི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་གཞི་དང་འགལ་བ་ཞིག་ཡིན་ལ། མི་མང་གི་འཚོ་བར་བཙན་འཛུལ་དང་གནོད་རྐྱེན་སྣ་ཚོགས་ཐེབས་ཀྱི་ཡོད་པ་དང༌། བོད་ཀྱི་ཁོར་ཡུག་སོགས་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱི་འདུག་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།