choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འགྲོ་བ་མིའི་བྱས་ཉེས་ཀྱིས་མི་གྲངས་༡༢༣༩ཡི་ཚེ་སྲོག་ཤོར་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༢༤ཉིན། འགྲོ་བ་མིའི་བྱས་ཉེས་ལ་བརྟེན་ནས་ན་ནིང་ཕྱི་ཟླ་༨པའི་ནང་མདོ་སྨད་འབྲུག་ཆུ་རྫོང་ཁུལ་དུ། ཆུ་རུད་ཀྱིས་མི་གྲངས་༡༢༣༩ཡི་ཚེ་སྲོག་འཕྲོག་ཡོད་པས་མ་ཚད། མི་གྲངས་༥༠༥ཙམ་ག་སོང་ཆ་མེད་དུ་གྱུར་ཡོད། ཅེས་རྒྱ་ནག་གི་ཉམས་ཞིབ་པ་གྲགས་ཅན་ཅང་གའོ་མིན་གྱིས་འགྲེལ་བརྗོད་གནང་ཡོད།

ན་ནིང་ཕྱི་ལོ་༢༠༡༠ཟླ་པའི་༨པའི་ནང་མདོ་སྨད་འབྲུག་ཆུ་ཁུལ་དུ། དུས་ཡུན་རིང་པོ་ཆར་ཞོད་སྐབས་རྫོང་ཐོག་ཏུ་ཆུ་རུད་ཆེན་པོ་ཞིག་རྒྱུག་ནས། མི་རྒྱུ་གཉིས་ལ་གོད་ཆགས་ཚབ་ཆེན་ཐེབས་ཡོད་པ་དེ། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་སྤེལ་མཁན་དག་གིས་དེ་ནི་འགྲོ་བ་མིས་བྱས་ཉེས་ལ་བརྟེན་ནས་བྱུང་ཡོད་ལུགས་ཐེ་འདོན་བྱས་པའི་གནས་ཚུལ་རྩོམ་ཟིན་བྲིས་པ་ཁག་ཅིག་གིས་ལུང་འདྲེན་གྱིས་༼རྒྱ་ནག་གཏམ་བརྗོད་༽ཟེར་བའི་དྲ་ཚིགས་དེའི་ཐོག་སྤེལ་ཡོད།

རྩོམ་ཡིག་གི་ཁ་བྱང་༼འགྲོ་བ་མིས་བྱས་ཉེས་༽ཞེས་ལུང་འདྲེན་བྱས་པའི་དཔྱད་བརྗོད་དེའི་ནང་ཉམས་ཞིབ་པ་ཅང་གིས། སྤྱིར་གནམ་གཤིས་ཀྱིས་རྐྱེན་པས་བྱུས་ཉེས་ཚབས་ཆུང་འབྱུང་བཞིན་པ་དང༌།  འོན་ཀྱང་འགྲོ་བ་མིས་རང་བྱུང་ཁམས་ལ་ཤུགས་རྐྱེན་དང་ཉེན་ཁ་ཇེ་ཆེར་བཟོ་བཞིན་པ་ལས། དེའི་སྐོར་དོ་སྣང་རྩ་བ་ནས་བྱེད་ཀྱིན་མེད།

འབྲུག་ཆུ་ནི་ཤིང་ནགས་དང་གཙོ་བོར་ཆུའི་འབྱུང་ཁུངས་ཤིག་ཆགས་ཡོད་ལ། ས་བཅུད་བཟང་པོ་དང་གནམ་གཤིས་ཧ་ཅང་ལེགས་པའི་ས་ཆ་ཞིག་ཡིན། འོན་ཀྱང་ཁུལ་དེར་ཤིང་ནགས་གཅོད་བྲེག་ཚད་ལས་བརྒལ་བ་བྱས་རྐྱེན། ཆར་པ་རྣམས་རང་གར་སིམ་མི་ཐུབ་པའི་རྐྱེན་གྱིས་གནས་ཚུལ་དེ་བྱུང་ལུགས་བརྗོད་ཡོད།

ཡང་ཁོང་གིས་ཆུ་རུད་ཀྱིས་གནོད་འཚེ་ཚབས་ཆེན་དེའི་རྒྱུ་རྐྱེན་གཙོ་བོ་གསུམ་བགྲངས་ཡོད། གཅིག ནགས་ནགས་འབྲེག་གཅོད་ཚད་ལས་བརྒལ་བ་དང༌། གཉིས་པ། ཆུ་གློག་འཛུགས་སྐྲུན་རྒྱ་ཆེ་བྱས་པ། གསུམ་པ། གྲོང་ཁྱེར་གྱི་འཆར་འགོད་བཅས་ལ་ཐུགས་ཡོད་ལུགས་གསུངས་ཡོད། ཡང་ཁོངས་གིས་འབྲུག་ཆུའི་ནང་ཆུ་རུད་ཀྱི་གོད་ཆགས་དེ་ནི། འགྲོ་བ་མིའི་འཕེལ་རྒྱས་ཀྱི་ཉེན་ཁའི་དཔེ་མཚོན་གསལ་ཤོས་དེ་ཆགས་ཡོད་ལུགས་འགྲེལ་བརྗོད་གནང་ཡོད།

མཇུག་མཐར་ཁོང་གིས། འགྲོ་བ་མིས་རི་ངོས་སུ་ཡོད་པའི་ཁོར་ཡུག་རྩི་ཤིང་དང་རྒྱུག་ཆུ་ལ་གཏོར་སྐྱོན་བཏང་བ་དེའི་མཇུག་འབྲས་ཀྱིས། ཕྱིར་རང་ལ་འཁོར་ནས་ས་རུད་དང་ཆུ་རུད་ཀྱིས་དཀའ་སྡུག་མྱོང་བཞིན་ཡོད་པས། ད་ནི་འགྲོ་བ་མིས་འཕེལ་རྒྱས་གཏོང་དགོས་པ་ནི་ཁོར་ཡུག་སྲུང་སྐྱོབ་དེ་ཆགས་ཡོད་ལུགས་གསུངས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།