དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་ནག་གིས་ཞིང་འབྲོག་ཁུལ་དུ་སྲིད་བྱུས་གསར་པ་ལག་བསྟར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༩ཉིན། ཕྱི་ལོ་༡༩༨༥ལོ་ནས་བཟུང་རྒྱ་ནག་གིས་ཞིང་འབྲོག་ཁུལ་དུ་སྲིད་ཇུས་གསར་བ་རབ་དང་རིམ་པ་ལག་བསྟར་བྱེད་བཞིན་ཡོད་ལ། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཕྱི་ལོ་༢༠༡༣ལོའི་ཚུད་ཆད་དུ་འབྲོག་ཁྱིམ་ཁྲི་༡༨༥ཙམ་གྲོང་སྡེ་ཅན་དུ་བསྒྱུར་འཆར་ཡོད་སྐོར་བརྗོད་ཀྱི་ཡོད་འདུག

ཕྱི་ལོ་༢༠༠༦ལོ་ནས་བཟུང་ཞིང་འབྲོག་མི་མང་ས་ཡ་༡.༤༣ལྷག་ལ་ཁང་པ་གསར་དུ་བརྒྱབ་ནས་གྲོང་སྡེ་ཅན་དུ་བསྒྱུར་བ་དེས་འབྲོག་པ་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོའི་ནང་དུ་བཀོད་འདུག

ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཟས་རིགས་ཀྱི་ཐོབ་ཐང་སྐོར་ལ་ཉམས་ཞིབ་གནང་མཁན་སྐུ་ཞབས་ཌེའི་སུ་ཁོའི་ཊུར་ལགས་ཀྱི་སྙན་ཐོ་རུ། བོད་ཀྱི་འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་སྒོ་ཕྱུགས་བཙོང་ཏེ་རྒྱལ་ཁབ་ཀྱི་ལས་འཆར་ལ་བརྩི་སྲུང་བྱེད་པ་ལས་གདམ་ཀ་གཞན་གང་ཡང་མི་འདུག་ཅེས་དང༌། ཡང་རྒྱ་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་ཆིངས་ཡིག་ཐོག་མིང་རྟགས་བཀོད་ཡོད་ཀྱང༌། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འགྲོ་བ་མིའི་འཚོ་གནས་ཀྱི་ཐོབ་ཐང་སོགས་ལ་བརྩི་སྲུང་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

ཡང་བོད་རང་བཙན་དྲ་གནས་སུ་རྒྱ་ནག་གི་བཀའ་བཀོད་འོག་འབྲོག་པ་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་བཀོད་དོན། རྒྱ་ནག་གི་གཏན་འབེབས་བྱས་པའི་ཕྱུགས་ཟོག་གི་གྲངས་ཚད་ཧ་ཅང་ཉུང་བ་དང་རྒྱུན་དུ་ལྕགས་རས་ནང་བཀག་ཉར་བྱས་ཡོད་པ་སོགས་ཀྱིས་ཕྱུགས་ཟོག་གི་འཕེལ་ཁ་དལ་བ་དང༌། གྲངས་ཚད་ལས་བརྒལ་བའི་ཕྱུགས་ཟོག་རྣམས་རྒྱ་ནག་གི་བཤས་ར་ཁག་ཏུ་རིན་གོང་སླ་བོས་ཚོང་བཞིན་ཡོད་པ་སོགས་ཀྱིས་འབྲོག་པ་མང་ཚོགས་ལ་ལོ་རེའི་ཡོང་སྒོ་ཤིན་ཏུ་ཉུང་བ་དང༌། འབྲོག་པ་ཕལ་ཆེར་བར་སོ་སོའི་ལོ་རེའི་ཡོང་སྒོ་རྣམས་བེད་སྤྱོད་གཏོང་ཚར་རྗེས། སྲིད་གཞུང་སོགས་ནས་རོགས་སྐྱོར་གང་ཡང་མ་ཐོབ་པར་འཚོ་བ་ལ་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་སྐོར་བཀོད་འདུག གྲོང་སྡེ་ཅན་དུ་བསྒྱུར་བའི་འབྲོག་པ་མང་ཚོགས་ལ་མཚོན་ནས་བཤད་ན།  ཤེས་ཡོན་དང་ལག་རྩལ་སོགས་གང་ཅིའི་ཐད་ནས་ཧ་ཅང་རྗེས་ལུས་ཡིན་པའི་རྐྱེན་གྱིས་གྲོང་ཁྱེར་དུ་ལས་ཀ་མ་རག་པར་དཀའ་ངལ་མང་དུ་འཕྲད་ཀྱི་ཡོད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཆེད་དུ་རྒྱ་ནག་གི་གནད་དོན་སྐོར་ལ་ཞིབ་འཇུག་གནང་མཁན་བྷེ་ཁའེ་ལིན་ལགས་ཀྱི་སྙན་ཞུའི་ནང་དུ། རྒྱ་ནག་གིས་འབྲོག་ཁྱིམ་གནས་སྤོར་གྱི་ལས་འཆར་ཐོག་ཨ་སྒོར་དུང་ཕྱུར་མང་པོས་འགྲོ་སོང་གཏོང་བཞིན་པའི་དམིགས་ཡུལ་ནི་འབྲོག་པ་མང་ཚོགས་ལ་ཁྲིམས་ཀྱིས་སྟངས་འཛིན་བྱེད་སླ་རུ་གཏོང་བའི་ཆེད་དུ་ཡིན་པ་དང༌། བོད་ཀྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་རུ་གྱུར་ཡོད་ལུགས་སོགས་བཀོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།