དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འུད་སྒྲོག་གིས་བཞེངས་བའི་ཞིང་ཁམས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡༨ཉིན། རྒྱ་ནག་གི་ཤུགས་ཆེ་བའི་དྲིལ་བསྒྲགས་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་ཡུལ་ཁམས་འདི་འཛམ་གླིང་གི་ཡུལ་སྐོར་ལྗོངས་རྒྱུ་བའི་ཞིང་ཁམས་ཤིག་ཏུ་བསྒྱུར་བཞིན་ཡོད་འདུག

རྒྱ་ནག་གི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་༥རིང་ལ་རྒྱ་ནག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༢༠ལྷག་གཟིགས་སྐོར་དུ་ཡོང་ཡོད་པ་དང༌། དེའི་ནང་ནས་ས་ཡ་༡༠ཙམ་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བ་ཡིན་ལ། བོད་ཀྱི་ས་ཁུལ་ཁག་ཏུ་ལྟ་སྐོར་ལ་སོང་ཡོད་པ་དང༌། ཕྱི་ལོ་༢༠༠༦ནས་བཟུང༌། ལོ་ལྟར་བོད་ཀྱི་ས་ཁུལ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་བརྒྱ་ཆ་༣༦.༦ལྷག་འཕར་སྣོན་བྱུང་ཡོད་ཚུལ་སོགས་བརྗོད་འདུག

ས་གནས་ཀྱི་ཡུལ་སྐོར་སྣེ་ལེན་ཁང་དག་གིས་ཡུལ་སྐོར་བའི་རེ་འདོད་ཁེངས་བའི་ཆེད་དུ་ང་ཚོས་མུ་མཐུད་དུ་ཡུལ་སྐོར་བའི་འཚོ་བའི་མཁོ་ཆས་དང་ཞབས་འདེགས་གང་ལེགས་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ༢༠༠༡ནས་༢༠༠༥བར་དུ་སྲིད་གཞུང་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་མ་དངུལ་ཨ་སྒོར་ཁྲི་༥༣ཙམ་གྱི་འགྲོ་གྲོན་བཏང་ཡོད་ལུགས་དང༌། ཕྱི་ལོ་༢༠༡༥བར་དུ་ཡུལ་སྐོར་སྤྲོ་འཆམ་པ་སྔར་ལས་ལྡབ་འགྱུར་གྱིས་མང་དུ་འགྲོ་ཐུབ་པར་རེ་བ་རྒྱག་བཞིན་ཡོད་ཅེས་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱས་ཡོད་འདུག

ཡང་རྒྱ་ནག་གི་གསར་ལམ་ཁག་ཏུ། མ་འོངས་པར་ཡུལ་སྐོར་ལས་རིགས་ཀྱི་རྣམ་གྲངས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང༌། ས་གནས་སྲིད་གཞུང་གིས་ཞིང་འབྲོག་ཁུལ་ཚུད་པའི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་ལས་རིགས་ཁག་ལ་སྐུལ་འདེད་དང་མང་གི་འཚོ་བ་ཕྱུག་འགྱུར་ཡོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་སྐོར་ཤུགས་ཆེར་གླེང་གི་ཡོད་ཀྱང༌། རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པའི་བོད་རིགས་མི་མང་གིས་སྲིད་གཞུང་གི་འུད་སྒྲོག་དང་ལྐོག་ཇུས་སྣ་ཚོགས་ལ་ཡིད་ཆས་བྱེད་ཀྱི་ཡོད་ཀྱང༌། ཡོང་འབབ་དང་ཁེ་ཕན་ལོངས་སུ་སྤྱོད་མཁན་དེ་ནམ་ཡང་བོད་ཡུལ་དུ་གནས་སྤར་བའི་རྒྱ་མི་རིགས་དང་ཚོང་གཉེར་ཁང་ག་གེ་མོ་ཁོ་ན་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།