བོད་མི་༥༧༦༦རྒྱ་མིའི་དོ་དམ་འདྲི་བརྩད་འོག་ལུས་ཡོད་པ།
མཐའ་མའི་བསྐྱར་བཅོས། (༢༣༢༠༠༩༡༩༤༥)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༥ཉིན་སྤེལ། རྒྱ་ནག་གཞུང་གིས་བདེ་འཇགས་དང་བརྟན་ལྷིང་ཟེར་བར་དམིགས་ཏེ་བོད་ནང་དུ་ཉིན་༤༢་ཀྱི་ཆབ་སྲིད་ལས་དོན་ཞེས་པ་ཞིག་སྤེལ་ཏེ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དོགས་གཞི་ཡོད་པའི་བོད་མི་༥༧༦༦འཇུ་བཟུང་བྱས་ཏེ་འདྲི་བརྩད་ནན་པོ་བྱེད་བཞིན་ཡོད་པ་དང༌། དེ་ནི་བོད་ནང་དུ་འབྱུང་འགྱུར་ལས་འགུལ་རིགས་སྤེལ་དོགས་ལ་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་བདེ་འཇགས་དང་བརྟན་ལྷིང་ཟེར་བར་དམིགས་ཏེ་བོད་ནང་དུ་ཉིན་༤༢་ཀྱི་ཆབ་སྲིད་ལས་དོན་ཞེས་པ་ཞིག་སྤེལ་ཏེ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དོགས་གཞི་ཡོད་པའི་བོད་མི་༥༧༦༦འཇུ་བཟུང་བྱས་ཏེ་འདྲི་བརྩད་ནན་པོ་བྱེད་བཞིན་ཡོད་པ་དང༌། དེ་ནི་བོད་ནང་དུ་འབྱུང་འགྱུར་ལས་འགུལ་རིགས་སྤེལ་དོགས་ལ་ཆེད་དུ་དམིགས་པ་ཞིག་སྟེ་སྤྱི་ལོ་༢༠༠༩ཟླ་༠༡ཚེས་༡༨ཉིན་ནས་བཟུང་ཉིན་གསུམ་སྟུད་མར་བོད་ཀྱི་ལྷ་སའི་གྲོང་ཁྱེར་ནང་དེང་སྐབས་དགུན་ཁའི་གནམ་གཤིས་གྲང་ངར་ཆེ་བའི་སྐབས་འདིར་རྒྱ་ནག་གཞུང་གི་ལྷ་སའི་སྤྱི་བདེ་ལྷན་ཁང་གི་བདེ་སྲུང་ལས་མི་དྲུག་བརྒྱ་ཙམ་དང་བདེ་འཇགས་སྐོར་སྲུང་དམག་མིའི་འགྲུལ་འཁོར་༡༦༠ལྷག་གིས་བློ་བུར་དུ་ལྷ་ས་གྲོང་ཁྱེར་ནང་གི་ཐོག་བརྩེགས་ཁང་ཆེན་༧དང་ཁང་གླ་གཏོང་བཞིན་པའི་སྡོད་ཁྱིམ་བཅས་༢༩༢༢དང་མགྲོན་ཁང་༡༤། ཆང་ཁང་༡༨། འཕྲིན་གཏོང་དྲྭ་གནས་ཁང་༣་བཅས་ཀྱི་ནང་ནས་དོགས་གཞི་ཡོད་པའི་བོད་རིགས་༥༧༦༦འཇུ་བཟུང་བྱས་ཏེ་འདྲི་བརྩད་ནན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་ཡོད་པ་རེད། ༢༠༠༨ལོ་ནས་ད་བར་བོད་ས་ཡོངས་རྫོགས་སུ་བོད་མི་ཚོས་ཞི་རྒོལ་རྒྱུན་ཆད་མེད་པར་གནང་ཡོད་པར་མུ་མཐུད་རྒྱ་ནག་གཞུང་གིས་ཁྲག་དྲི་དྲོ་བའི་དྲག་གནོན་བྱས་ཡོད་ལ། དེར་བརྟེན་བོད་དང་ཤིན་ཇང༌། ཐེ་ཝན་བཅས་ལ་དམིགས་ཞེས་ཉེ་དུས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་དམག་མི་སྟོང་ཚོ་མང་པོས་དམག་སྦྱོང་ཐེངས་མང་བྱས་ཡོད་པ་ལྟར་ད་ལྟ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་ཡོད་པ་རེད།
རྒྱ་ནག་གིས་ཉེན་རྟོགས་པ་དང་དམག་དཔུང་གིས་འཇུ་བཟུང་བྱས་པའི་གོང་གསལ་བོད་མི་རྣམས་ད་ལྟ་བཙོན་ཁང་གང་དུ་བཙོན་འཇུག་གམ་ཡང་ན་ནམ་གློད་འགྲོལ་གཏོང་གི་ཡོད་མེད་སོགས་ཀྱི་སྐོར་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་ཡོད་པ་མ་རེད།
ཡང་གནད་དོན་དེའི་ཐད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་སྔ་ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ལས་འགུལ་སྤེལ་མཁན་དང་འབྲེལ་བ་ཡོད་མེད་ཀྱི་དོགས་གཞི་ཅན་གྱི་མི་སྣ་དང་དེ་བཞིན་ཆབ་སྲིད་བཙོན་ཟུར་བ། ཕྱི་ཕྱོགས་ནས་གྲོང་ཁྱེར་ནང་སླེབས་པའི་ཡུལ་མི་མང་པོ་ཡོད་པ་མང་པོ་ཞིག་འཇུ་བཟུང་བྱས་ཡོད་པ་དེ་ཚོ་གལ་ཏེ་དོན་རྐྱེན་འཕྲད་ཚེ་ལས་གནས་ནས་ཕྱིར་འབུད་སོགས་ཉེས་ཆད་གཏང་སྲིད་པའི་སྐོར་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།