choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་ཁམས་ཚ་བ་མཛོ་སྒང་དུ་ཞི་རྒོལ་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

23january20094ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༣ཉིན་སྤེལ། ཟླ་༡ཚེས་༢༡ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། འདི་ཟླའི་ཚེས་ ༢༠ ཉིན་རྒྱབ་ཆུ་ཚོད་ ༣།༤ ཙམ་ལ་བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་དུ་བོད་མི་གཞོན་སྐྱེས་གསུམ་གྱིས་བོད་རང་བཙན་གྱི་སྐད་འབོད་དང༌། བོད་ཀྱི་རྒྱལ་དར་དང༌། བོད་རང་བཙན་འཁོད་པའི་འཕྲེད་དར་འཕྱར་ནས་མཛོ་སྒང་གྲོང་ནས་རྫོང་གི་ཁྲོམ་གཞུང་དུ་སྐར་མ་ ༤༠ ཙམ་གྱི་རིང་གོམ་བགྲོད་ཀྱིས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་ ༤༠ ཙམ་ཡོང་ནས་ཁོང་རྣམས་འཕྲལ་དུ་འཛིན་བཟུང་གིས་ཉེས་བརྡུང་ཚད་མེད་བཏང་སྟེ་ཤི་མིན་རོ་མིན་དུ་བཟོས་ཡོད་འདུག

ཁོང་ཚོ་ལ་ཉེས་རྡུང་བཏང་དོན་ཡང་མཛོ་སྒང་རྫོང་དུ་བོད་རང་བཙན་གྱི་སྐད་འབོད་བྱས་པ་ཐོག་མ་ཡིན་པར་བརྟེན་གཡས་གཡོན་གྱི་བོད་མི་རྣམས་ལ་སྡིགས་སྐུལ་ཞིག་ཀྱང་ཡིན་གནས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག ཉེས་རྡུང་ཚབས་ཆེ་གཏོང་མཁན་གྲས་སུ་བོད་མི་ཉེན་རྟོག་པ་ཡང་ཡོད་འདུག སྐབས་དེར་བུ་མོ་བདེ་ཆེན་སྒྲོལ་མ་ཞེས་པ་ཞིག་ཀྱང་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་གནས་འདུག

ངོ་རྒོལ་གནང་མཁན་གྱི་བོད་མི་གསུམ་པོ་ནི་མཛོ་སྒང་རྫོང་དབུ་ཡག་ཤང༌། དབུ་དཀར་གྲོང་ཚོ་ནས་ཡིན་པའི་མ་ཚེ་རིང་དཔལ་འཛོམས་ཀྱི་བུ། འཕྲིན་ལས་དངོས་གྲུབ་རང་ལོ་ ༢༤ ཅན་དང༌། ཕ་ཆོས་ལྡན་ཉི་མ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ། བུ་གཡང་དར་རྒྱས་རང་ལོ་ ༢༣ གོང་གསལ་གཉིས་སྤུན་ཉེ་ཡང་ཡིན་འདུག མ་བདེ་དགའི་བུ། པདྨ་ཚེ་དཔག་རང་ལོ་ ༢༤ ཅན་བཅས་ཡིན་འདུག

ཕྱི་ཚེས་ ༢༡ ཉིན་དུད་ཚང་ ༥༠ ཡས་མས་ཙམ་ཡོད་པའི་གྲོང་ཚོའི་བུད་མེད་དང་ཕྲུ་གུ་མང་པོ་ཞིག་ཁོང་གསུམ་གློད་བཀྲོལ་གཏོང་ཐབས་ཀྱི་ཞུ་བ་འཐེན་ཕྱིར་མཛོ་སྒང་ཕྱོགས་སུ་བསྐྱོད་ཡོད་ནའང་ཤང་གི་ས་མཚམས་ནས་ཉེན་རྟོག་པས་བཀག་འགོག་གིས་རྫོང་ཕྱོགས་སུ་བཏང་ཡོད་མི་འདུག་པ་བཅས།

བོད་ནང་དངོས་ཡོད་གནས་ཚུལ་གནས་ཚུལ་ཇི་བྱུང་འབྲེལ་བ་གནང་ཡུལ་ནས་ ༢༠༠༩།༡།༢༢ ལ། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམམཐར་ཕྱིན་ལགས་ཀྱིས་མཁོ་སྤྲོད་གནང་བ་ལྟར་འདི་ལ་དྲ་བས་ཟླ་༠༡་ཚེས་༢༢ཉིན་སྤེལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འཚེ་མེད་ཞི་རྒོལ་ཚ་བ་པ། སྙིང་རྗེ་མེད་པའི་ཀླ་གློའི་ནས། མེ་མདའ་རིང་ཐུང་ཁྲི་ཕྲག་འགས། གློག་འཁྱུཌ་འབྲུག་སྒྲ་སྒྲོཌ་བཞིན་བྱས། གངས་བསྟན 



བརྗོད་གཞི་གཞན་ཁག་ལ་གཟིགས།