དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོའི་སྐུ་གཟུགས་གནས་སྟངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༡ཉིན། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་བཀོད་གསལ་ལྟར་ན།  དུས་ཡུན་ལོ་ངོ་ ༡༧ ཁྲིམས་ཆད་འཁུར་ཏེ་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་ཡོད་པའི་སྲིད་དོན་བཙོན་པ་འཇིགས་མེད་རྒྱ་མཚོའི་གཟུགས་པོ་གནས་སྟངས་སྐྱོན་ཅན་དུ་གྱུར་ནས་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

འཇིགས་མེད་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༩༦ ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་གསར་རྗེར་ངོ་ལོག་པའི་ཚོགས་པ་བཙུགས་པའི་ཉེས་མིང་འོག་ཁོང་དང་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་བོད་མི་ཁག་གཅིག་ལ་ཁྲིམས་ཆད་བཏང་ཡོད་པ་ལྟར། འཇིགས་མེད་རྒྱ་མཚོ་ལགས་སུ་དུས་ཡུན་ལོ་ངོ་ ༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་སོགས་སུ་ངལ་རྩོལ་སྒྱུར་བཀོད་བྱ་བཅུག་ཡོད་པ་དང༌། ཁོང་བཙོན་ཁང་ནང་ཡོད་མུས་སྐབས་སུ་ཕྱི་ལོ་ ༢༠༠༤ ལོར་ྋགོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་ཉེས་མིང་འོག་དུས་ཡུན་ལོ་ངོ་ ༢ སྤར་ཆ་བྱས་ཡོད་པ་རེད།

ཡིན་ནའང་ཁོང་ནས་མུ་མཐུད་བཙོན་ཁང་ནང་ལངས་ཕྱོགས་བརྟན་བཟུང་བྱས་པར་བརྟེན་ཉེས་རྡུང་ཚབས་ཆེ་ཕོག་སྟེ་ལུས་པོ་ནད་གཅོང་ཆགས་ཡོད་པ་མ་ཟད། ཆུ་ཤུལ་བཙོན་ཁང་དུ་སྤོ་སྐྱེལ་བྱས་པའི་རྗེས་སུའང་མུ་མཐུད་ཉེས་རྡུང་བཏང་བ་སོགས་ལས་དེང་སྐབས་ལུས་པོ་ནད་གཅོང་དུ་གྱུར་ཏེ་སྲོག་ཉེན་ཡོད་པའི་གནས་སུ་གྱར་ཡོད་པ་དང༌། ཕྱི་ལོ་ ༢༠༡༠ ལོར་ཡང་ཐུག་འཕྲད་བཀག་འགོག་བྱས་པ་དང་ཟུར་བཀག་ཁང་དུ་ཟུར་བཅུག་བྱས་པ་སོགས་ལས་ད་ལྟའི་ཆར་འཇིགས་མེད་རྒྱ་མཚོའི་གཟུགས་པོའི་གནས་སྟངས་ཇི་འདྲ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད་པའི་གནས་ཚུལ་འབྱོར་འདུག

འཇིགས་མེད་རྒྱ་མཚོ་ལགས་ནི་ ༡༩༦༡ ལོར་ཨ་མདོ་བསང་ཆུ་རྫོང་ཁོངས་སུ་སྐྱེས་པ་དང༌། འཛིན་བཟུང་མ་བྱས་གོང་ལྷ་སར་གནས་སྡོད་བྱ་གི་ཡོད་ཅིང༌། པ་ལགས་དེ་སྔ་ནས་ཚེ་འདས་ཟིན་པ་དང༌། ཨ་མ་ལགས་ཁོང་བཙོན་དུ་ཚུད་རྗེས་ཀྱི་ལོ་གཉིས་རྗེས་ཚེ་ལས་འདས་ཟིན་ཡོད་པ་རེད། འཇིགས་མེད་རྒྱ་མཚོ་ལགས་ནི་ཨ་མདོ་བླ་བྲང་བསང་ཆུ་རྫོང་ཁུལ་དུ་ཐོག་མར་བོད་སྤྱི་དོན་སླད་ལས་འགུལ་སྤེལ་མཁན་གྱི་ཐོག་མའི་མི་སྣའི་གྲས་ཡིན་པ་མ་ཟད། ལྷ་སར་གཏན་སྡོད་རིང་འཐབ་གྲོགས་ཁག་གཅིག་དང་མཉམ་དུ་བོད་སྤྱི་དོན་སླད་ལྷག་བསམ་རྣམ་དག་གིས་ལས་འགུལ་སྤེལ་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།

བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་བཏུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།