choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་སྨད་ཁུལ་དུ་བོད་མི་གཅིག་འཛིན་བཟུང་དང་གཉིས་ལ་ཁྲིམས་བཅད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

རྔ་བ་ནས་བོད་མི་ཞིག་གསར་དུ་འཛིན་བཟུང་དང༌། བཙོན་པ་ཁག་ཅིག་གི་གནས་སྟངས་སོགས། 

21January200918ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༡ཉིན་སྤེལ། ཕྱི་ཟླ་ ༡ ཚེས་ ༡༧ ཉིན་གནས་ཚུལ་གོ་གསལ་ལྟར་ན་འདི་ཟླའི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ནས་ ༦ བར་རྔ་པ་རྨེའུ་རུ་མའི་རུ་ཆེན་དང་པོའི་གཡང་ལི་ཚང་གི་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཀིརྟི། རང་ལོ་ ༢༧ ཡིན་པ་ཁོང་ཉེ་ཆར་སྨོན་ལམ་དང་ལོ་གསར་སོགས་ཀྱི་སྐོར་ལ་སྦྱར་ཡིག་བཀྲམས་མཁན་ཡིན་པའི་དོགས་གཞིའི་འོག་རྔ་བ་རྫོང་ཐོག་གི་པར་སློག་རྒྱག་ས་ཞིག་གི་ནང་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པའི་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་དུ་སློབ་གཉེར་གནང་མྱོང་བ་དང་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་རྩོམ་ཡིག་ཁ་ཤས་སྤེལ་མྱོང་འདུག་པ་མ་ཟད། ཀིརྟི་དགོན་པ་ནས་འདོན་བཞིན་པའི་ལོ་དེབ་གངས་རྩེའི་མེ་ཏོག་ཅེས་པའི་རྩོམ་སྒྲིག་ཚོགས་མི་ཡང་ཡིན་འདུག

དེ་མིན་དེང་སྐབས་རྔ་པ་རྫོང་གི་དགོན་པ་དང་ཞང་རེ་རེ་བཞིན་དུ་རྔ་བ་རང་སྐྱོང་ཁུལ་གྱི་བཀའ་རྒྱ་ཡིན་ཟེར་བའི་བསྒྲགས་གཏམ་ཞིག་སྤེལ་བཞིན་ཡོད་འདུག་ལ། དེ་ནི་ད་ལོ་རྔ་བ་རང་སྐྱོང་ཁུལ་འོག་གི་དགོན་པ་ཚང་མ་གཅིག་གྱུར་གྱིས་སྨོན་ལམ་སོགས་ཕྱི་ཟླ་ ༣ ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པ་དང༌། དེ་བཞིན་ཞང་རེ་རེ་བཞིན་དུ་ལོ་གསར་སྐབས་གཞས་དང་ཞབས་བྲོ་འཁྲབ་པ་སོགས་ཀྱིས་མཚོན་པས་དུས་སྟོན་འཚོགས་རྒྱུ་དང༌། སྐབས་དེར་ཤོག་སྦག་དང་བཟའ་བཅའི་རིགས་སོགས་རིན་མེད་དུ་སྤྲོད་རྒྱུ་མ་ཟད་ཀིརྟི་དགོན་པའི་མདུན་རི་དཔལ་རི་དུང་སྐྱོང་ངོས་ནས་ཚུར་རྫོང་ལ་ཁ་ཕྱོགས་ཏེ་ཤོག་སྦག་མང་པོ་བཀད་མཁན་ལ་རྒྱ་སྒོར་ལྔ་ཁྲི་ ༥༠༠༠༠ རྔན་པ་སྤྲོད་རྒྱུ་ཡིན་ཚུལ་སོགས་དགོད་བྲོ་བའི་བྱ་འགུལ་མང་པོ་ཞིག་སྤེལ་གྱིན་ཡོད་འདུག

དེ་མིན་རྔ་བ་མཁར་སར་དགོན་པར་ད་ལོའི་དགུ་གཏོར་ བོད་ཟླ་ ༡༡ ཚེས་ ༩འཚོགས་བཅུག་མེད་པ་དང༌། དགོན་པའི་ཉེ་འཁྲིས་ཀྱི་ལམ་ཆེན་དུ་ད་ལྟ་ཡང་དམག་མི་བཅུ་གྲངས་རེ་རྒྱུན་འདུག་གིས་ལམ་སྲུང་ལྟ་བུས་ཡར་འགྲོ་མར་ཡོང་ཚང་མར་སྔོག་བཤེར་དང་གང་བྱུང་གི་སྒོར་ཆད་ལེན་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་མང་དུ་སྤེལ་འདུག་པ་དང༌། དེས་མཚོན་དགོན་པ་དང་ཞང་རེ་རེའི་ནང་ལ་གནས་ཚུལ་གཅིག་མཚུངས་ཡིན་ཚུལ་བརྗོད་ཀྱིན་འདུག་པས་ད་ལྟ་ཡང་རྔ་བ་རྫོང་ནི་བཀག་སྡོམ་ཆེན་པོ་ཞིག་གི་ནང་ལ་ཚུད་ཡོད་འདུག་ཀྱང༌། མང་ཚོགས་ངོས་ནས་རྒྱ་གཞུང་གི་བཀའ་ལ་དང་ལེན་མི་བྱེད་པ་དང༌། སྐབས་དེར་ཤོག་སྦག་བཀད་མཁན་སོགས་གླ་རྔན་ལེན་མཁན་རིགས་གཅིག་ཀྱང་ཡོད་མི་ཆོག་པ་དང༌། གལ་དེ་དེ་ལྟར་བྱུང་ན་སྡེ་བའི་སྐྱིད་སྡུག་ནས་ཕུད་རྒྱུ་མ་ཟད། ཞིང་དང་ཁང་པ་སོགས་ཀྱང་མི་དབང་བར་འགྲོ་དགོས་ཚུལ་བརྗོད་འདུག་པ་དང༌། དེ་མིན་ལོ་གསར་སྐབས་སུ་གོན་པ་ནག་པོ་གྱོན་ནས་མྱ་ངན་བྱེད་དགོས་ཚུལ་གྱི་གཏམ་ཞིག་ཀྱང་མང་ཚོགས་ནང་ཁྱབ་བཞིན་འདུག

ཕྱི་ཟླ་ ༩ ཚེས་ ༦ ཡས་མས་ཤིག་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་རྡོ་རྗེ་དང༌། རང་ལོ་ ༢༣  ཀུན་དགའ། རང་ལོ་ ༢༣ ཡིན་ཁོང་གཉིས་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༢ རེ་བཅད་ཡོད་པ་དང་མི་རིང་བར་མེན་ཡང་ཞེས་པའི་ས་གནས་སུ་འཁྲིད་རྒྱུ་ཡིན་འདུག་ལ། ཁོང་གཉིས་ནི་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༣ ཉིན་གྱི་མཚན་མོ་འཛིན་བཟུང་བྱས་ཤིང༌། སྐབས་དེར་ཁོང་གཉིས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་དང་ལེན་མ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་བར་བཀག་ཉར་བྱས་ཡོད་པ་དང༌། ཉེ་ཆར་བཙོན་འཇུག་ལོ་ཐག་གཅོད་སྐབས་ནག་ཉེས་གཞན་ག་རེ་བརྩིས་ཡོད་མེད་ཤེས་རྟོགས་མ་བྱུང༌།

ཡང་རྔ་པ་རྨེའུ་རུ་མའི་ཆོས་འཕེལ། དེ་སྔོན་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པ་ཁོང་དེང་སྐབས་ཁྲིན་ཏུའུ་ནས་ལེ་བར་ཉིས་བརྒྱ་ཙམ་ཡོད་པའི་མེན་ཡང་གི་བཙོན་ཁང་ཞིག་ཏུ་ཡོད་པར་འབྲེལ་ཡོད་རེ་ཐུག་ཏུ་སོང་ཞིང༌། དངོས་སུ་ཐུག་བཅུག་མེད་པར་ཕན་ཚུན་ལ་མཐོང་སའི་ཁང་པ་གཉིས་ཀྱི་ནང་ནས་རྒྱ་སྐད་ཐོག་ཁ་པར་བརྒྱུད་ཁ་བརྡ་ཉུང་ཙམ་བྱེད་བཅུག་ཀྱང་ཁོང་གིས་རྒྱ་སྐད་ཡག་པོ་མ་ཤེས་སྟབས་གནས་སྟངས་རྒྱུས་ལོན་ཡག་པོ་ཐུབ་མེད་ནའང་ཁོང་གི་མིག་གཡོན་པར་ལིང་ཏོག་ཆེན་པོ་ཞིག་ཐོན་ཡོད་པས་མིག་གཡོན་པས་གཏན་ནས་མི་མཐོང་བར་ཆགས་ཡོད་འདུག་ནའང༌། ད་དུང་སྨན་བཅོས་མཐུན་རྐྱེན་སོགས་གང་ཡང་རག་གི་མེད་པར་ཉི་མ་འཁྱོལ་དཀའ་བའི་བཙིར་གནོན་དང་མནར་གཅོད་འོག་གནས་མུས་ཡིན་འདུག ཁོང་སོགས་བཙོན་པ་རྣམས་ལ་ཐུག་ཏུ་འགྲོ་དུས་ས་གནས་ཞང་ཐོག་གི་ཉེན་རྟོག་ཁང་ནས་ཆོག་མཆན་དང་ཐུག་ཏུ་འགྲོ་མཁན་ལ་མི་སེར་ལག་འཁྱེར་གཉིས་མེད་པར་ཐུག་ཐུབ་ཀྱི་མེད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་མཁོ་སྤྲོད་གནང་བ་བཞིན་སྨོན་ལམ་མཐར་ཕྱིན་པས་ ༢༠༠༩ ཟླ་ ༡ ཚེས་ ༢༡ ལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།