choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཀར་མཛེས་ས་གནས་ཀྱི་གནས་ཚུལ་གསར་ཐོས་ཁག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

20january20095ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡་ཚེས་༢༠ཉིན་སྤེལ། འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་ཆར་དཀར་མཛེས་རྫོང་མཐིང་ཁ་ཤང༌། ལམ་གོང་གྲོང་ཚོའི་ཕ་བློ་བཟང་བརྩོན་འགྲུས་དང༌། མ་ཡེ་ཤེས་དབང་མོ་གཉིས་ཀྱི་བུ་མོ་རང་ལོ་ ༢༦ ཅན་བཀྲ་ཤིས་མཚོ་ལ་དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་ ༢ དང་ཕྱེད་ཀ་དང༌། མཐིང་ཁ་ཤང་འབྲུག་ཉལ་ཚང་མ་སྒྲོན་གཡང་གི་བུ་མོ་རང་ལོ་ ༢༠ ཙམ་ཅན་དུང་མཚོ་ལ་ལོ་ ༢ བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག 

ཁོང་གཉིས་ནི་དཀར་མཛེས་དགེ་མ་བྲག་འོག་བཙུན་དགོན་གྱི་བཙུན་མ་ཡིན་པ་དང༌། ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དགོན་པར་དམ་བསྒྲགས་ཤིན་ཏུ་ཆེ་ཞིང་ཕན་ཚུན་འགྲོ་བསྐྱོད་མི་ཆོག་པའི་གནས་སྐབས་དེར་ཁོང་གཉིས་ནས་སྨན་ཁང་དུ་འགྲོ་བྱེད་ཀྱི་ལག་འཁྱེར་བླངས་ཏེ་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ནས་ཞི་རྒོལ་སྐད་འབོད་བྱས་སྐབས་འཛིན་བཟུང་གིས་བཀག་ཉར་བྱས་པ་ཞིག་ཡིན་པ་རེད།

          ཡང་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༣༡ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་སྐད་འབོད་སྐབས་འཛིན་བཟུང་བྱས་པ་དཀར་མཛེས་མཐིང་ཁ་ཤང་ཇོ་ཁང་ནང་གྲོང་ནས་ཡིན་པ་རང་ལོ་ ༢༠ ཅན་བུ་མོ་བྱམས་པ་བདེ་སྐྱིད་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༢ བཅད་ཡོད་འདུག ཁོང་གི་ཕ་ཡི་མིང་དངོས་དགའ་ཡིན། གོང་གསལ་ཁྲིམས་ཐག་བཅད་ཟིན་པ་རྣམས་ཁྲིན་ཏུའུ་ཕྱོགས་སུ་བཙོན་འཇུག་བྱེད་བཞིན་པ་ཡིན་འདུག ཁྲིམས་ཁང་དང་དུས་ཚོད་ཞིབ་ཆ་མ་ངེས།

          ༢༠༠༨ ཟླ་ ༦ ཚེས་ ༡༢ ཉིན་དཀར་མཛེས་རྫོང་དུ་ངོ་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམས་བཀྲམ་བྱེད་མཁན་དཀར་མཛེས་མཁར་ནང་དགོན་གྱི་གྲྭ་རང་ལོ་ ༣༢ སོན་པ་ཡེ་ཤེས་རྡོ་རྗེ་ལ་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཉིན་དུས་བཀག་བཙོན་འཇུག་ལོ་ ༤ དང་ཆབ་སྲིད་ཀྱི་ཁེ་དབང་ལོ་ ༢ འཕྲོག་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རྒྱ་གཞུང་གི་འབྲེལ་ཡོད་གསར་ལམ་ཁག་ནས་ཐོན་ཟིན་ཀྱང་ནང་མི་གཉེན་འབྲེལ་སོགས་ཀྱིས་ད་དུང་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་ཡང་འདུག

          ཡང་ཕ་ཡུལ་དཀར་མཛེས་རོང་ཚ་ནས་ཡིན་ཞིང་ལྷ་ས་ཀརྨ་ཀུན་བཟང་དུ་གནས་སྡོད་བྱེད་མཁན་རང་ལོ་ ༢༧ ཅན་ཡེ་དགའ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ནས་བཟུང་ད་བར་ཤི་གསོན་ཇི་ཡིན་ནང་མི་གཉེན་འབྲེལ་སོགས་ཀྱིས་བརྩད་གཅོད་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཅིང་ཁོང་གི་ཨ་མའི་མིང་ལ་ཚེ་རིང་མཁའ་འགྲོ་ཟེར།

          གཞན་ཡང་ཉེ་ཆར་རྒྱ་གཞུང་གིས་དཀར་མཛེས་ཕྱོགས་སུ་ལོ་གསར་གཏོང་བྱེད་ཡིན་སྐད་ཀྱིས་མི་རེར་རྒྱ་སྒོར་༥༠༠། རེ་སྤྲད་ཀྱི་ཡོད་འདུག་ཀྱང་ཞི་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་ཡོད་པའི་ནང་ཚང་སུ་ལའང་དངུལ་དེ་དག་སྤྲད་ཀྱི་ཡོད་མི་འདུག་པ་དང༌། མ་ཟད་ལོ་ཤས་སྔོན་ནས་བཟུང་ཞིང་ཁ་ནང་ཚེར་མ་བཏབ་པའི་གུན་གསབ་འཆར་ཅན་ལོ་རེ་བཞིན་སྤྲོད་སྲོལ་ཞིག་ཡོད་འདུག་པ་དེ་བཞིན་ནང་ཚང་དེ་དག་ལ་སྤྲད་རྒྱུ་མིན་སྐོར་བཤད་ཀྱི་ཡོད་འདུག་པ་བཅས། དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༠༩།༡།༢༠ ཉིན་ཕུལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།