choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གྲྭ་གསུང་རབ་རྒྱ་མཚོར་ལོ་གསུམ་བཙོན་འཇུག་ཁྲིམས་ཆད་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༠ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་མུ་རྭ་དགོན་གྱི་དགེ་འདུན་པ་གསུང་རབ་རྒྱ་མཚོར་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༦ ཉིན་ཀན་ལྷོ་གཙོས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༣ དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་བཏང་འདུག

༢༠༠༨ ལོའི་ཟླ་ ༣ ཚེས་ ༡༧ ཉིན་ཁོང་རྨ་ཆུ་རྫོང་ཁོངས་ནས་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་དུས་ཐུང་བཀག་ཉར་གློད་བཀྲོལ་བཏང་བ་དང༌། ༢༠༠༨ ལོའི་ཟླ་ ༥ ཚེས་ ༡༨ ཉིན་རྔ་བ་ཁུལ་ནས་འཇུ་བཟུང་ཐེངས་གཉིས་པ་བྱས་ཏེ་གློད་བཀྲོལ་བཏང་ཡོད་ཅིང༌། ༢༠༡༠ ལོའི་ཟླ་ ༣ ཚེས་ ༢༥ ཉིན་སླར་ཡང་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་ནས་འཇུ་བཟུང་བྱས་ཏེ་བཀག་སྐྱིལ་བྱེད་བཞིན་ཡོད། ༢༠༠༨ ལོའི་རྨ་ཆུ་རྫོང་ཁོངས་ཀྱི་བོད་མིའི་ཞི་རྒོལ་དང༌། ༢༠༡༠ ལོའི་རྨ་ཆུ་རྫོང་ཐོག་ཏུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་མི་ཉུང་བ་ཞིག་ནས་ཞི་བའི་ཁྲོམ་སྐོར་ལས་འགུལ་སོགས་ཀྱི་སྣེ་ཁྲིད་བྱེད་མཁན་གྱི་དྭོགས་གཞི་བྱས་ཏེ་འཇུ་བཟུང་བྱས་ཡོད།

གྲྭ་གསུང་རབ་རྒྱ་མཚོ། རང་ལོ་ ༣༤ ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་མུ་རྭ་དགོན་གྱི་གྲྭ་ཡིན་པ་དང༌། སྐྱེས་ཡུལ་ཡང་མུ་རྭ་ནས་ཡིན་པ་རེད། ཁོང་ནི་རེ་བའི་རྐང་ལམ་ཚགས་པར་གྱི་རྩོམ་སྒྲིག་འགན་འཁུར་མི་སྣ་དང༌། བོད་ཨ་མའི་རང་སྐད་སླར་གསོ་ཚོགས་པའི་ཚོགས་མི། དེ་བཞིན་རྩྭ་ཐང་བོད་ཡིག་རྨོངས་སེལ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།